སྐབས་སོ་བཞི་པའི་ཀྲུང་གོའི་གསར་འགྱུར་བྱ་དགའ་དང་སྐབས་བཅོ་བརྒྱད་པའི་ཁྲང་ཅང་ཐའོ་ཧྥིན་བྱ་དགའ་སྤྲོད་པའི་སྙན་ཞུའི་ཚོགས་འདུ་པེ་ཅིང་དུ་འཚོགས།
2024.11.08 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 24

ཟླ11པའི་ཚེས8ཉིན། སྐབས་སོ་བཞི་པའི་ཀྲུང་གོའི་གསར་འགྱུར་བྱ་དགའ་དང་སྐབས་བཅོ་བརྒྱད་པའི་ཁྲང་ཅང་ཐའོ་ཧྥིན་བྱ་དགའ་སྤྲོད་པའི་སྙན་ཞུའི་ཚོགས་འདུ་པེ་ཅིང་དུ་འཚོགས

ཚོགས་ཞུགས་འཐུས་མི་ཚོས་ཞི་ཅིན་ཕིང་གི་རིག་གནས་དགོངས་པ་སློབ་སྦྱོང་དང་ལག་ལེན་གཏིང་ཟབ་བྱེད་པ་དང་། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ། སྨྱན་སྦྱོར་ཧྲིལ་པོའི་ཐོན་སྐྱེད་བརྒྱུད་བསྒྲགས་བྱ་བ་དང་འཚམ་པའི་ལམ་སྲོལ་དང་གདེང་འཇོག་མ་ལག་འཛུགས་པ། སྨྱན་སྦྱོར་གཙོ་བོའི་བརྒྱུད་རིམ་རང་བཞིན་གྱི་འཕོ་འགྱུར་ལ་སྐུལ་འདེད་གཏོང་དགོས་ལ། གསར་འགྱུར་འཐབ་ཕྱོགས་ཀྱིས་འགན་འཁྲི་འཁུར་སེམས་དང་། ལས་འགན་སྒྲུབ་སེམས། ཁ་ཚ་དགོས་གཏུག་གི་འདུ་ཤེས་འཛིན་ཤུགས་བཅས་ཆེ་རུ་བཏང་ནས་གསར་འགྱུར་གླེང་ཕྱོགས་བྱ་བའི་རྣམ་པ་གསར་པ་ཧུར་ཐག་གིས་གཏོད་དགོས་པར་འདོད།

ཚོགས་ཞུགས་འཐུས་མི་ཚོས་བསྟན་དོན། བསམ་བློའི་འདུ་ཤེས་བསྐྱར་དུ་བཙུགས་ནས་ནང་དོན་སྤུས་ལེགས་དང་། ཆེད་ལས་འཇོན་མི། ཐོན་ཁུངས་སྔར་ལས་མང་བ་བཅས་དྲ་སྦྲེལ་གྱི་གཡུལ་ས་གཙོ་བོར་འདུ་རྒྱུར་སྐུལ་འདེད་གཏོང་དགོས། ནང་དོན་ཐོན་སྐྱེད་བྱེད་སྟངས་ལེགས་བཅོས་དང་། དོ་དམ་ལམ་སྲོལ་གསར་གཏོད། སྨྱན་སྦྱོར་གཙོ་བོའི་རྒྱལ་སྤྱིའི་བརྒྱུད་བསྒྲགས་ལམ་སྲོལ་སྒྱུར་བཅོས་དང་གསར་གཏོད་གཏིང་ཟབ་ཏུ་གཏོང་བ། གསར་འགྱུར་འཇོན་མིའི་རྩལ་ནུས་ཀུན་འདོན་བྱེད་པར་ཕན་པའི་སྲིད་ཇུས་ཀྱི་ཁོར་ཡུག་བསྐྲུན་པ་བཅས་བྱས་ཏེ་ཤུགས་ཚད་སྔར་ལས་ཆེ་བའི་སྒོ་ནས་སྐད་བརྡ་གསར་གཏོད་དང་རྩོམ་སྟངས་ལེགས་བཅོས་བྱ་དགོས།

སྙན་ཞུའི་ཚོགས་འདུ་དེ་ཀྲུང་གོའི་གསར་འགོད་པའི་མཐུན་ཚོགས་ཀྱིས་གཙོ་གཉེར་བྱས་པ་དང་། ཀྲུང་གོའི་གསར་འགྱུར་བྱ་དགའ་ཐོབ་པའི་བརྩམས་ཆོས373དང་ཁྲང་ཅང་ཐའོ་ཧྥིན་བྱ་དགའ་ཐོབ་མཁན20ལ་གཟེངས་བསྟོད་བྱས།

ཤ་བོ་གསེར་མཚོས་བསྒྱུར།