རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་གཉིས་པ་པེ་ཅིང་དུ་གྲོལ།
2024.11.09 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 22

རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་གཉིས་པ་ཚེས8ཉིན་གྱི་ཕྱི་དྲོར་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོ་རུ་གྲོལ། ཚོགས་ཐོག་ནས་བརྡས་ཐག་བཅད་པ་བརྒྱུད། སློབ་སྔོན་སློབ་གསོའི་བཅའ་ཁྲིམས་དང་གསར་དུ་བཟོ་བཅོས་བརྒྱབ་པའི་རིག་རྫས་སྲུང་སྐྱོབ་བཅའ་ཁྲིམས། གསར་དུ་བཟོ་བཅོས་བརྒྱབ་པའི་གཏེར་རྫས་ཐོན་ཁུངས་བཅའ་ཁྲིམས། ནུས་ཁུངས་བཅའ་ཁྲིམས། གསར་དུ་བཟོ་བཅོས་བརྒྱབ་པའི་ནག་དངུལ་དཀར་སྒྱུར་ལ་རྒོལ་བའི་བཅའ་ཁྲིམས། རིམ་པ་སོ་སོའི་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལྟ་སྐུལ་བཅའ་ཁྲིམས་ལ་བཟོ་བཅོས་བརྒྱབ་པའི་གཏན་འབེབས་བཅས་ལ་གྲོས་འཆམ་བྱུང་བ་དང་། ལིས་ཞའོ་ཕིན་གྱི་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཡི་པུའུ་ཀྲང་གི་འགན་ལེན་རྒྱུ་དང་། ལིའུ་ཝེ་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཡི་པུའུ་ཀྲང་ལ་བསྐོ་རྒྱུ་ཐག་བཅད། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུའུ་ཞིའི་བཀའ་ཁྱབ་ཨང34པ་དང་ཨང35པ། ཨང36པ། ཨང37པ། ཨང38པ། ཨང39པ། ཨང40པ་བཅས་ལ་མཚན་བཀོད།   ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་གྲོས་ཚོགས་གྲོལ་བའི་མཛད་སྒོར་འགོ་འཛིན་གནང་།

རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་གཏོགས་མི་སྣ161ཚོགས་འདུར་ཞུགས་ཡོད་ལ།  ཚོགས་ཞུགས་མི་གྲངས་ཁྲིམས་བཅད་མི་གྲངས་དང་མཐུན།

ཚོགས་ཐོག་ནས་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཚོང་གཉེར་ཁོར་ཡུག་གསར་གཏོད་ཚོད་ལྟའི་གྲོང་ཁྱེར་དུ་ཉེར་སྤྱོད་ཚད་འཇལ་བཅའ་ཁྲིམས་ཀྱི་འབྲེལ་ཡོད་གཏན་འབེབས་ལག་བསྟར་བྱེད་ཡུན་ལེགས་སྒྲིག་བྱེད་པའི་དབང་ཆ་སྤྲོད་པའི་སྐོར་གྱི་གཏན་འབེབས་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་།

ཚོགས་ཐོག་ནས་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས《རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གྲོས་གཞིབ་བྱ་རྒྱུར་ཕུལ་བའི་ས་གནས་སྲིད་གཞུང་གི་བུ་ལོན་བཅད་གྲངས་བརྗེ་གསོག་ཚད་ཀྱི་མངོན་མེད་བུ་ལོན་ཇེ་མང་དུ་གཏོང་བའི་གྲོས་གཞི》ལ་ཆོག་མཆན་འགོད་པའི་སྐོར་གྱི་གྲོས་ཆོད་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་།

ཚོགས་ཐོག་ནས《<སྙིགས་རོ་འཕོ་བ་དང་དེ་བཞིན་དངོས་པོ་གཞན་དག་གིས་རྒྱ་མཚོར་སྦགས་བཙོག་བཟོ་བར་སྔོན་འགོག་བྱེད་པའི་སྐོར་གྱི་སྤྱི་ཆིངས》1996ལོའི་ཆོད་དོན་ཡི་གེའི་བཙོག་ཆུ་དང་འདམ་སྙིགས་བཟོ་བཅོས་འཆར་ཟིན་ལ་ཆོག་མཆན་འགོད་པའི་གྲོས་ཆོད་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་།

ཚོགས་ཐོག་ནས་རྒྱལ་ཡོངས་དམངས་ཆེན་ལྟ་ཞིབ་དང་ཁྲིམས་འཛིན་ཨུ་ཡོན་ལྷན་ཁང་དང་། ཁོར་ཡུག་དང་ཐོན་ཁུངས་སྲུང་སྐྱོབ་ཨུ་ཡོན་ལྷན་ཁང་། ཞིང་ལས་དང་གྲོང་གསེབ་ཨུ་ཡོན་ལྷན་ཁང་། སྤྱི་ཚོགས་འཛུགས་སྐྲུན་ཨུ་ཡོན་ལྷན་ཁང་བཅས་ཀྱིས་སོ་སོར་བཏོན་པའི་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པའི་ཀྲུའུ་ཞི་ཚོགས་པར་གྲོས་ཞིབ་བྱ་རྒྱུར་ཕུལ་བའི་འཐུས་མིས་བཏོན་པའི་གྲོས་གཞིར་གྲོས་ཞིབ་བྱས་པའི་གནས་ཚུལ་སྐོར་གྱི་སྙན་ཞུར་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་།

ཚོགས་ཐོག་ནས་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་འཐུས་མི་རེ་འགའི་འཐུས་མིའི་ཐོབ་ཐང་སྐོར་གྱི་སྙན་ཞུར་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་།

ཚོགས་ཐོག་ནས་བརྡས་ཐག་བཅད་པ་བརྒྱུད། དབྱི་ལེན་ཧུང་རྒྱལ་ཡོངས་དམངས་ཆེན་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་གཞོན་པར་བསྐོ་རྒྱུ་དང་། ཡན་ཁི་རྒྱལ་ཡོངས་དམངས་ཆེན་ཕྱིར་སྡོད་རང་མི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་གཞོན་པར་བསྐོ་རྒྱུ། ཀྲུའུ་མེན་ཁྲུན་གྱི་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་སྔོན་རྩིས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པའི་འགན་ལེན་རྒྱུ། ཆན་ཧྥུའུ་ཀྲུང་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་སྔོན་རྩིས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པར་བསྐོ་རྒྱུ། དབྱང་ཝན་མེན་གྱི་ཆེས་མཐོ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་གཞོན་པ་དང་འདྲི་གཅོད་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། སྐོར་སྐྱོད་ཁྲིམས་ར་དང་པོའི་ཁྲིམས་དཔོན། འདྲི་གཅོད་མཁན་བཅས་ཀྱི་འགན་ལེན་རྒྱུ་ཐག་བཅད།

ཚོགས་ཐོག་ནས་ད་དུང་བསྐོ་འཐེན་གྱི་གྲོས་གཞི་གཞན་དག་ལའང་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་།

བན་དེ་སྐྱབས་ཀྱིས་བསྒྱུར།