ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་གྱིས《གནས་ངེས་གཏན་མེད་པའི་ཏང་ཡོན་གྱི་དོ་དམ་བྱ་བར་སྔར་ལས་ལྷག་པའི་ཤུགས་སྣོན་དང་ཇེ་ལེགས་སུ་གཏོང་བའི་སྐོར་གྱི་བསམ་འཆར》པར་འགྲེམས་བྱས།
2024.11.12 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 31

ཉེ་ལམ། ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་གྱིས《གནས་ངེས་གཏན་མེད་པའི་ཏང་ཡོན་གྱི་དོ་དམ་བྱ་བར་སྔར་ལས་ལྷག་པའི་ཤུགས་སྣོན་དང་ཇེ་ལེགས་སུ་གཏོང་བའི་སྐོར་གྱི་བསམ་འཆར》པར་འགྲེམས་བྱས་ནས། དུས་རབས་གསར་པའི་གནས་ངེས་གཏན་མེད་པའི་ཏང་ཡོན་གྱི་དོ་དམ་བྱ་བ་ཡག་པོར་བསྒྲུབ་རྒྱུའི་ཐད་བཀོད་སྒྲིག་བྱས།

《བསམ་འཆར》ནང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བྱེད་པ་དང་། ཏང་གི་སྒྲིག་ཡིག་དང་འབྲེལ་ཡོད་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་གཞི་འཛིན་སར་བྱས་ཏེ། ཕྱོགས་ཡོངས་ནས་ཏང་ཀྲུང་དབྱང་གི་གནས་ངེས་གཏན་མེད་པའི་ཏང་ཡོན་དོ་དམ་བྱ་བའི་སྐོར་གྱི་བཀོད་སྒྲིག་གལ་ཆེན་ལག་བསྟར་བྱེད་པ་དང་། གནད་དོན་ཕྱོགས་སྟོན་དང་དམིགས་འབེན་ཕྱོགས་སྟོན་ཕན་ཚུན་གཅིག་གྱུར་ཡོང་བ་རྒྱུན་འཁྱོངས་བྱེད་པ།    མ་ལག་གི་འདུ་ཤེས་དང་དངོས་སྒྲུབ་དངོས་གཉེར།    བཅོས་སྒྱུར་གསར་གཏོད་བཅས་རྒྱུན་འཁྱོངས་བྱས་ཏེ། གནད་འཁེལ་ནུས་ལྡན་དང་གཅེས་སེམས་ཞབས་ཞུ་དེ་གནས་ངེས་གཏན་མེད་པའི་ཏང་ཡོན་ལ་དོ་དམ་བྱེད་པའི་བརྒྱུད་རིམ་ཧྲིལ་པོའི་ཕྱོགས་སོ་སོ་ནས་མཚོན་པར་བྱེད་དགོས།   དུས་ཐོག་ཏུ་གནས་ངེས་གཏན་མེད་པའི་ཏང་ཡོན་དེ་ད་ལྟའི་གནས་ཡུལ་གྱི་གཞི་རིམ་ཏང་རྩ་འཛུགས་ཀྱི་ནང་འཇུག་པ་དང་།    གཞི་རིམ་ཏང་རྩ་འཛུགས་ཀྱི་དོ་དམ་འགན་འཁྲི་དང་གནས་ངེས་གཏན་མེད་པའི་ཏང་ཡོན་གྱི་འགན་འཁྲིའི་བླང་བྱ་དོན་འཁྱོལ་བྱེད་པ།    གནས་ངེས་གཏན་མེད་པའི་ཏང་ཡོན་གྱི་རྒྱུན་ལྡན་གྱི་སློབ་གསོའི་དོ་དམ་དམ་འཛིན་བྱེད་པ་དང་། གནས་ངེས་གཏན་མེད་པའི་ཏང་ཡོན་གྱི་ཏང་རྩ་འཛུགས་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ།    རྩ་འཛུགས་ཀྱི་འགོ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་ཕྱོགས5ཡི་ཐད་ནས་གནས་ངེས་གཏན་མེད་པའི་ཏང་ཡོན་གྱི་དོ་དམ་བྱ་བར་ཤུགས་སྣོན་དང་ལེགས་བཅོས་སྔར་ལས་བཟང་པོ་བྱེད་པའི་ལས་འགན་ཞིབ་ཕྲ་དང་བྱེ་བྲག་གི་བླང་བྱ་བཏོན་ཡོད།

《བསམ་འཆར》ནང་རིམ་པ་སོ་སོའི་ཏང་ཨུ་དང་ལྷག་པར་དུ་རྫོང་རིམ་པའི་ཏང་ཨུ་ཡིས་གནས་ངེས་གཏན་མེད་པའི་ཏང་ཡོན་གྱི་དོ་དམ་བྱ་བར་ཤུགས་སྣོན་དང་ཇེ་ལེགས་སུ་གཏོང་རྒྱུ་དེ་ཏང་འཛུགས་སྐྲུན་གྱི་ལས་འགན་གལ་ཆེན་དང་རྒྱུན་ལྡན་རང་བཞིན་གྱི་བྱ་བར་བརྩིས་ནས། གཞི་རིམ་ཏང་འཛུགས་སྐྲུན་བྱ་བའི་འགན་འཁྲིའི་ལམ་ལུགས་ནང་བཅུག་སྟེ། འགོ་ཁྲིད་དང་མཛུབ་ཁྲིད་ལ་ཤུགས་སྣོན་དགོས།    རིམ་པ་སོ་སོའི་ཏང་རྩ་འཛུགས་སྡེ་ཁག་གིས་བྱེ་བྲག་གི་མཛུབ་སྟོན་བྱེད་ཤུགས་ཆེ་རུ་གཏོང་བ་དང་།   ཏང་ཨུའི་སྤྱི་ཚོགས་བྱ་བའི་སྡེ་ཁག་དང་།    སྤྱི་བདེ།    མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སོགས་སྡེ་ཁག་དང་མཉམ་དུ། གནས་ངེས་གཏན་མེད་པའི་ཏང་ཡོན་གྱི་དོ་དམ་བྱ་བར་དུས་ལྟར་བརྡ་ཁྱབ་གཏོང་བ་དང་ཞིབ་འཇུག་བྱས་ཏེ། གནས་ངེས་གཏན་མེད་པའི་ཏང་ཡོན་གྱི་དོ་དམ་ཆ་འཕྲིན་མཉམ་སྤྱོད་དང་བྱ་བ་མཉམ་འཛིན་བྱེད་པར་སྐུལ་འདེད་གཏོང་དགོས།

ཤ་བོ་རིན་མཚོས་བསྒྱུར།