ཟླ11པའི་ཚེས12ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་ཟི་ལིང་དུ་ཞིན་ཧྭ་སྡེ་ཚོགས་གསུམ་པའི་སྤྱི་འཛིན་ཡུས་དབྱིན་ཐའོ་ལ་ཐུག་འཕྲད་བྱས།
ཝུའུ་ཞའོ་ཅུན་གྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ནས་ཡུས་དབྱིན་ཐའོ་དང་བཅས་པར་དགའ་བསུ་ཞུས་པ་དང་། ཞིན་ཧྭ་སྡེ་ཚོགས་གསུམ་པས་དུས་ཡུན་རིང་པོར་མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་བྱས་རྗེས་བཞག་པར་ཐུགས་རྗེ་ཆེ་ཞུས། མཚོ་སྔོན་ཞིང་ཆེན་གྱི་གནས་ཚུལ་དང་ཐོན་ལས་འཕེལ་རྒྱས་ཀྱི་གནས་ཚུལ་ངོ་སྤྲོད་མདོར་བསྡུས་བྱས་རྗེས། ཁོས་མིག་སྔར་མཚོ་སྔོན་གྱིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་ནུས་ཤུགས་ཡོད་རྒུས་བསྐྲུན་པ། ཐོན་ལས་ཀྱི“གནས་བཞི”འཛུགས་སྐྲུན་བྱེད་པ། ནུས་ཤུགས་ཡོད་རྒུས་ལྗང་མདོག་གློག་ཤུགས་དང་རྩིས་ནུས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱེད་བཞིན་ཡོད། ཞིན་ཧྭ་སྡེ་ཚོགས་གསུམ་པས་རང་ངོས་ཀྱི་ཁྱད་སྟོབས་འདོན་སྤེལ་བྱས་ཏེ་རིག་ནུས་རྩིས་རྒྱག་ལྟེ་གནས་དང་། དཔེ་དབྱིབས་ཆེན་མོ། ཐུའུ་ལིན་གྲོང་རྡལ་ཆུང་བ། གཞི་གྲངས་ནུས་སྤྲོད། ཡིད་རྟོན་གསར་གཏོད་བྱ་བ་སོགས་ཐད་ཀྱི་དངོས་སྒྲུབ་མཉམ་ལས་མུ་མཐུད་གཏིང་ཟབ་ཏུ་བཏང་སྟེ། མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་ཀྱིས་མཉམ་ལས་གཉིས་ཕན་གྱི་ལེའུ་གསར་པ་ཞིག་རྩོམ་རྒྱུའི་རེ་བ་ཡོད། མཚོ་སྔོན་གྱིས་ནུས་ཤུགས་ཡོད་རྒུས་ཚོང་གཉེར་ཁོར་ཡུག་རྩེ་གྲ་བསྐྲུན་ཏེ། ཁེ་ལས་མཚོ་སྔོན་དུ་འཕེལ་རྒྱས་འགྲོ་རྒྱུར་ཆ་རྐྱེན་སྔར་ལས་ལེགས་པོ་བསྐྲུན་ནས་ཞབས་ཞུ་སྔར་ལས་ལེགས་པོ་འདོན་སྤྲོད་བྱ་རྒྱུ་ཡིན་ཟེར།
ཡུས་དབྱིན་ཐའོ་ཡིས་ཞིན་ཧྭ་སྡེ་ཚོགས་གསུམ་པའི་ཐོན་ལས་འཕེལ་རྒྱས་ཀྱི་བཀོད་པ་དང་རྗེས་ཕྱོགས་ཀྱི་འཕེལ་རྒྱས་ཁ་ཕྱོགས་ངོ་སྤྲོད་བྱས། ཁོས་མཚོ་སྔོན་ལ་ལྗང་མདོག་གི་རྩིས་ནུས་འཕེལ་རྒྱས་གཏོང་བའི་ཐད་ཐུན་མོང་མ་ཡིན་པའི་ཁྱད་སྟོབས་ལྡན་པ་དང་། ཞིན་ཧྭ་སྡེ་ཚོགས་གསུམ་པས་འཕེལ་རྒྱས་ཀྱི་གོ་སྐབས་དམ་འཛིན་བྱས་ནས། མཚོ་སྔོན་དུ་མ་དངུལ་གཏོང་ཤུགས་སྔར་ལས་ཆེ་རུ་གཏོང་བ་དང་མཉམ་ལས་ཁྱབ་ཁོངས་རྒྱ་ཆེར་བཏང་སྟེ། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་ཆེད་བྱས་རྗེས་གསར་པ་འཇོག་རྒྱུ་ཡིན་ཟེར།
ཤ་བོ་རིན་མཚོས་བསྒྱུར།