ཟླ11པའི་ཚེས13ཉིན། ཞིང་ཆེན་ཡོངས་ཀྱི་རིག་དངོས་སྲུང་སྐྱོབ་དང་གནའ་རྫས་རྟོག་ཞིབ་བྱ་བའི་བཞུགས་མོལ་ཚོགས་འདུ་བསྡུས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲིལ་སྒྲོག་པུའི་པུའུ་ཀྲང་ཝང་ཏ་ནན་གྱིས་ཚོགས་འདུར་མགོ་འཛིན་བྱས་པར་མ་ཟད་གཏམ་བཤད།
ཚོགས་འདུའི་སྟེང་། ཞི་ཅིན་ཕིང་གི་རིག་གནས་དགོངས་པར་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རིག་གནས་ཤུལ་བཞག་སྲུང་སྐྱོབ་དང་རྒྱུན་འཛིན་བྱེད་པའི་སྐོར་གྱི་རྣམ་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཏེ། བསམ་བློ་དང་བྱ་སྤྱོད་དེ་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་སྟེང་གཅིག་གྱུར་བྱེད་པ་དང་། རིག་དངོས་སྲུང་སྐྱོབ་དང་གནའ་རྫས་རྟོག་ཞིབ་བྱ་བའི་བརྒྱུད་རིམ་ཡོངས་དང་ཕྱོགས་སོ་སོར་དོན་འཁྱོལ་བྱེད་དགོས། མཚོ་སྔོན་གྱི“རིག་གནས་ལྔ”དང་ལྷག་པར་དུ་ཀྲུང་ཧྭའི་དཔལ་ཡོན་གྱི་འབྱུང་ཁུངས་འཚོལ་བའི་ལོ་རྒྱུས་རིག་གནས་སྲུང་སྐྱོབ་དང་དར་སྤེལ་བྱེད་པ་དང་། ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་བྱེད་པ། རིག་གནས་ཤུལ་བཞག་སྲུང་སྐྱོབ་དང་རྒྱུན་འཛིན་ལ་ཤུགས་སྣོན་པ། གནའ་རྫས་རྟོག་ཞིབ་ཀྱི་ལས་གཞི་གལ་ཆེན་ལག་བསྟར་སྒྲིག་འཛུགས་བྱེད་པ། འགན་འཁྲི་འཁུར་བ་དང་། དངོས་འཛིན་དངོས་སྒྲུབ་བཅས་བྱས་ཏེ་རིག་དངོས་དང་རིག་གནས་ཤུལ་བཞག་སྲུང་སྐྱོབ་བྱ་བར་གྲུབ་འབྲས་མངོན་གསལ་ཐོབ་པར་འགན་ལེན་བྱེད་དགོས་པ་ནན་གྱིས་བསྟན།
ཚོགས་འདུའི་སྟེང་། རིག་གནས་ཤུལ་བཞག་སྲུང་སྐྱོབ་བྱ་བའི་ལོ་རྒྱུས་རང་རྟོགས་དང་རིག་གནས་ཀྱི་རང་རྟོན་ཆེ་རུ་བཏང་ནས། མཚོ་སྔོན་གྱི་ལོ་རྒྱུས་རིག་གནས་ཤུལ་བཞག་སྲུང་སྐྱོབ་དང་རྒྱུན་འཛིན་བེད་སྤྱོད་བཅས་བྱེད་པའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས་པ་དང་། ལངས་གནས་མཐོ་བ་དང་ཚད་གཞི་མཐོ་བའི་སྒོ་ནས་རིག་དངོས་ཡོངས་ཁྱབ་ཞིབ་བཤེར་ཐེངས་བཞི་པའི་བྱ་བར་སྐུལ་འདེད་བཏང་སྟེ། རིག་དངོས་ཡོངས་ཁྱབ་ཞིབ་བཤེར་བྱེད་རྒྱུ་དེ་དམངས་ཡོངས་ཀྱི་རིག་གནས་ཤུལ་བཞག་སྲུང་སྐྱོབ་བྱ་སྤྱོད་ཅིག་ཏུ་འགྱུར་བར་བྱེད་དགོས་པ། སྤྱི་ཡོངས་དང་རྒྱུད་རིམ་ལྡན་པའི་སྒོ་ནས་གནའ་ཤུལ་དང་གནའ་རྫས་སྔོག་འདོན་དང་སྲུང་སྐྱོབ་བྱེད་པའི་བྱ་བར་སྐུལ་འདེད་བཏང་ནས། ཚན་རིག་དང་མཐུན་པའི་སྒོ་ནས་རྒྱལ་ཁབ་ཀྱི་གནའ་རྫས་རྟོག་ཞིབ་དང་གནའ་ཤུལ་གྱི་སྤྱི་གླིང་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས་པ། ལོ་རྒྱུས་རིག་གནས་ཀྱི་གྲོང་ཁྱེར་གྲགས་ཅན་དང་གྲོང་རྡལ་གྲགས་ཅན། གྲོང་ཚོ་གྲགས་ཅན་བཅས་སྲུང་སྐྱོབ་དང་རྒྱུན་འཛིན་བྱེད་པར་མུ་མཐུད་དུ་ཤུགས་བསྣན་ནས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ལོ་རྒྱུས་རིག་གནས་སྲུང་སྐྱོང་དང་རྒྱུན་འཛིན་ལ་བརྒྱུད་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བའི་བྱ་བའི་རྣམ་པ་ཞིག་ཆགས་སུ་འཇུག་དགོས་པ། དྲིལ་སྒྲོག་ཁྲིད་སྟོན་ལ་ཤུགས་བསྣན་ནས་རིག་དངོས་སྲུང་སྐྱོབ་དང་གནའ་རྫས་རྟོག་ཞིབ་བྱ་བ་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་འགྲོ་བར་ཁོར་ཡུག་བཟང་པོ་ཞིག་བསྐྲུན་དགོས་པའི་བླང་བྱ་བཏོན།
ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིན་དང་། ཞིང་ཆེན་སྡོད་ཁང་དང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་ཐིན། ཏུའུ་ལན་རྫོང་རིག་གནས་ལུས་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་བཅས་ཀྱི་འགན་ཁུར་བློ་མཐུན་དང་། ཞིང་ཆེན་ཕྱི་ནང་གི་རིག་དངོས་སྲུང་སྐྱོབ་དང་གནའ་རྫས་རྟོག་ཞིབ་ཀྱི་འབྲེལ་ཡོད་ཆེད་མཁས་པ་དང་མཁས་དབང་རྣམ་པས་བརྗེ་རེས་གཏམ་བཤད་སྤེལ། །
འབྲུག་མོས་བསྒྱུར།