ས་དེའི་དུས་ཚོད་ཟླ11པའི་ཚེས14ཉིན་གྱི་དགོང་མོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཕེ་རུའི་ཙུང་ཐུང་པོ་ལུའུ་ཨར་ཐི་གཉིས་ལི་མའི་ཙུང་ཐུང་བཞུགས་ཤག་ཏུ་བརྙན་ལམ་ནས་ཆན་ཁའེ་གྲུ་ཁའི་སྒོ་འབྱེད་པའི་མཛད་སྒོར་ཞུགས།
ས་དེའི་དུས་ཚོད་ཟླ11པའི་ཚེས14ཉིན་གྱི་དགོང་མོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཕེ་རུའི་ཙུང་ཐུང་པོ་ལུའུ་ཨར་ཐི་གཉིས་ལི་མའི་ཙུང་ཐུང་བཞུགས་ཤག་ཏུ་བརྙན་ལམ་ནས་ཆན་ཁའེ་གྲུ་ཁའི་སྒོ་འབྱེད་པའི་མཛད་སྒོར་ཞུགས།
ཞི་ཅིན་ཕིང་དང་པོ་ལུའུ་ཨར་ཐི་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་སྡེ་ཁག་གི་འགན་འཁུར་བས་གནས་ཚུལ་སྙན་ཞུ་ཕུལ་བར་གསན་རྗེས། ཆན་ཁའེ་གྲུ་ཁའི་ལས་གཞིའི་བརྙན་རིས་ལ་མཉམ་དུ་གཟིགས། ལས་གཞི་སྤེལ་ཡུལ་དུ་ཀྲུང་གོ་དང་ཕེ་རུ་ཕྱོགས་གཉིས་ཀྱི་འཐུས་མིས་རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་ལ་གྲུ་ཁའི་སྒོ་འབྱེད་རྒྱུའི་དགོངས་སྐོར་ཞུས།
རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱིས“གྲུ་ཁའི་ལས་གཉེར་འགོ་རྩམས་པ”ཁྱབ་བསྒྲགས་གནང་།
ཆན་ཁའེ་གྲུ་ཁར་ཀྲུང་ཡོན“ཕེ་རུ་གྲུ་གཟིངས”དང“ཧྲང་ཧའེ་གྲུ་གཟིངས”ཀྱིས་དངོས་པོ་འཇོག་ལེན་གྱི་ལས་ཀའི་འགོ་བརྩམས་པ་དང་། “འཕུར་མཆོང་རྟགས་ཅན་གྱི་གྲུ་གཟིངས”ཀྱིས་རྒྱང་སྐྱོད་དུང་བརྡ་བསྒྲགས་ཤིང་དང་མི་མེད་དོས་སྒམ་རླངས་འཁོར་བྲེལ་འཚུབ་ངང་ཕར་འགྲོ་ཚུར་འོང་བྱས།
ཡུལ་དངོས་སུ་སྤྲོ་སེམས་འཁོལ་བའི་ཐལ་མོ་རྡེབ་སྒྲས་ཁེངས།
ས་དེའི་དུས་ཚོད་ཟླ11པའི་ཚེས14ཉིན་གྱི་དགོང་མོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཕེ་རུའི་ཙུང་ཐུང་པོ་ལུའུ་ཨར་ཐི་གཉིས་ལི་མའི་ཙུང་ཐུང་བཞུགས་ཤག་ཏུ་བརྙན་ལམ་ནས་ཆན་ཁའེ་གྲུ་ཁའི་སྒོ་འབྱེད་པའི་མཛད་སྒོར་ཞུགས།
རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱིས་ཤིས་ཚིག་ཕུལ།
ཞི་ཅིན་ཕིང་གིས་ཆན་ཁའེ་གྲུ་ཁས་བདེ་བླག་ངང་སྒོ་ཕྱེས་པར་རྟེན་འབྲེལ་ཞུས་པ་དང་། རྒྱལ་ཁབ་གཉིས་ཀྱི་འཛུགས་སྐྲུན་པས་རིམས་ནད་ཀྱི་དཀའ་ངལ་ཁྱད་བསད་དང་། རྡོག་རྩ་གཅིག་སྒྲིལ། སྤུས་ཚད་གྲངས་ཚད་གཉིས་ལྡན་བཅས་ཀྱི་སྒོ་ནས་ལས་འགན་སྣ་ཚོགས་ལེགས་སྒྲུབ་བྱས་པར་གུས་འདུད་ཞུས། ཞི་ཅིན་ཕིང་གིས་བསྟན་དོན། ལོ་འགའི་དུས་ཡུན་ཐུང་ངུའི་ནང་། དེང་རབས་ཅན་གྱི་གྲུ་ཁ་ཞིག་བསྐྲུན་པ་འདིས་ཚང་མའི་བརྩོན་སེམས་ཆེ་རུ་བསྐྱེད་ཡོད། ཆན་ཁའེ་གྲུ་ཁ་དེ་ཆུ་གཏིང་ཟབ་སའི་གྲུ་ཁ་བཟང་པོ་ཞིག་ཡིན་པ་མ་ཟད། མེ་གླིང་ལྷོ་མའི་རིག་ལྡན་གྲུ་ཁ་དང་ལྗང་མདོག་གྲུ་ཁ་དང་པོ་དེའང་ཡིན། དེ་འགྲུབ་རྗེས་ཕེ་རུར་ཕན་ཁེ་ཕུན་སུམ་ཚོགས་པོ་ཐོབ་ཐུབ་ལ་ལས་ཞུགས་ཀྱི་གོ་སྐབས་འབོར་ཆེན་བསྐྲུན་ནས། ཕེ་རུའི་སྐམ་ས་དང་རྒྱ་མཚོ་སྦྲེལ་མཐུད་དང་། ཨེ་ཤ་ཡ་དང་ལཱ་ཏིང་མེ་གླིང་སྦྲེལ་མཐུད་བྱེད་པའི་སྒོ་འབྱེད་གནས་བབ་སྲ་བརྟན་ནུས་ལྡན་དུ་གཏོང་ཐུབ། ལོ་ངོ2000ལྷག་གི་ཡར་སྔོན་དུ། ཀྲུང་ཧྭ་མི་རིགས་ཀྱི་མེས་པོ་ཚོས་གྲུ་གཟིངས་ལ་བསྡད་དེ་རྒྱ་མཚོ་བརྒལ་ནས་ཤར་ནུབ་སྦྲེལ་བའི་མཚོ་ཐོག་དར་གོས་ཚོང་ལམ་བཏོད་ཡོད། ལོ་ངོ500ཡི་ཡར་སྔོན་དུ། ཕེ་རུའི་མེས་པོ་དབྱིན་ཅ་པས་དཀའ་ཁག་དང་ཉེན་ཁར་མ་འཛེམས་པར་རི་མཐོ་གཡང་གཟར་བརྒལ་ཏེ་ཨན་ཏི་སིའི་རི་རྒྱུད་ཀྱི་ལྷོ་བྱང་དུ་ཁྱབ་པའི་དབྱིན་ཅ་གནའ་ལམ་བསྐྲུན་ཡོད། ད་ལྟའི་ཆན་ཁའེ་གྲུ་ཁ་དེ“དུས་རབས་གསར་པའི་དབྱིན་ཅ་གནའ་ལམ”གྱི་འགོ་རྩོམ་ས་གསར་པར་འགྱུར་བཞིན་ཡོད། “ཆན་ཁའེ་ནས་ཧྲང་ཧའེ་བར”ང་ཚོས་ད་ལྟ་བདེན་དཔང་བྱེད་བཞིན་ཡོད་པ་ནི“རྒྱུད་གཅིག་ལམ་གཅིག”མཉམ་དུ་བསྐྲུན་པའི་གྲོས་འགོ་ཕེ་རུར་གཞི་ཚུགས་པ་མ་ཟད། དུས་རབས་གསར་པའི་ཨེ་ཤ་ཡ་དང་ལཱ་ཏིང་མེ་གླིང་། སྐམ་ས་དང་རྒྱ་མཚོའི་བགྲོད་ལམ་གསར་པ་ཞིག་བྱུང་བ་དེ་ཡང་རེད།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ང་ཚོས་མཉམ་དུ་འབད་བརྩོན་བྱས་ཏེ། ཆན་ཁའེ་གྲུ་ཁ་འཛུགས་སྐྲུན་ཡག་པོ་དང་། དོ་དམ་བཟང་པོ། གཉེར་སྐྱོང་ཡག་པོ་བཅས་བྱས་ནས་སྐྱེལ་འདྲེན་ནུས་པ་དང་ཕྱོགས་བསྡུས་ཞབས་ཞུའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས། བགྲོད་ལམ་ལ་བརྟེན་ནས་དངོས་ཟོག་སྐྱེལ་འདྲེན་ལ་སྣེ་ཁྲིད་བྱེད་པ་དང་། དངོས་ཟོག་སྐྱེལ་འདྲེན་གྱིས་དཔལ་འབྱོར་ཚོང་དོན་ལ་སྣེ་ཁྲིད་པ། དཔལ་འབྱོར་ཚོང་དོན་གྱིས་ཐོན་ལས་ལ་སྣེ་ཁྲིད་བཅས་བྱ་རྒྱུར་འཚོལ་ཞིབ་ཧུར་ཐག་བྱས་ཏེ། མཉམ་གྲོས་དང་མཉམ་སྐྲུན། མཉམ་སྤྱོད་བཅས་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས། ཀྲུང་གོ་དང་ཕེ་རུ་རྒྱལ་ཁབ་གཉིས་དང་བཅས་པའི་ཞི་བདེ་རྒྱ་མཚོ་ཆེན་མོའི་འགྲམ་རྒྱུད་ཀྱི་དཔལ་འབྱོར་དངོས་ཕུང་མཉམ་དུ་འཕེལ་རྒྱས་སུ་བཏང་སྟེ། ཕེ་རུ་དང་ཐ་ན་རྒྱ་ཆེའི་ལཱ་ཏིང་མེ་གླིང་དང་། ཅཱ་ལི་པིའི་རྒྱལ་ཁབ་ཀྱི་དར་རྒྱས་དང་བདེ་སྐྱིད་ཀྱི་ལམ་ཞིག་ཏུ་དངོས་སུ་འགྱུར་བར་བྱས་ནས། སྔར་ལས་རྒྱ་ཆེ་བའི་བར་སྟོང་དུ་གཉིས་ཕན་མཉམ་རྒྱལ་ཡོང་བར་བྱས་ཏེ། རྒྱལ་ཁབ་སོ་སོའི་མི་དམངས་ལ་མིག་མཐོང་ལག་ཟིན་གྱི་གྲུབ་འབྲས་བསྐྲུན་ནས་བློ་བདེ་བར་བྱེད་དགོས།
པོ་ལུའུ་ཨར་ཐི་ཡིས་བསྟན་དོན། ཆན་ཁའེ་གྲུ་ཁའི་སྒོ་ཕྱེས་པ་ནི་ཕེ་རུའི་མི་དམངས་ཡོངས་དགའ་འོས་པའི་ལོ་རྒྱུས་རང་བཞིན་གྱི་དུས་སྐབས་ཤིག་རེད། ཕེ་རུ་དང་ཀྲུང་གོས“རྒྱུད་གཅིག་ལམ་གཅིག”མཉམ་དུ་བསྐྲུན་པའི་བརྗིད་ཆེའི་བཟོ་སྐྲུན་དེའི་ཐོག་ནས་ཕེ་རུས་རྒྱལ་སྤྱིའི་མཚོ་ཐོག་སྐྱེལ་འདྲེན་དང་ཉོ་འཚོང་ལྟེ་གནས་བསྐྲུན་པའི་དམིགས་འབེན་ཕྱོགས་སུ་གནད་འགག་གི་གོམ་པ་དང་པོ་སྤོས་པ་མཚོན་པ་དང་། ཕེ་རུ་དེ་ལཱ་ཏིང་མེ་གླིང་དང་ཨེ་ཤ་ཡ་སྦྲེལ་མཐུད་བྱེད་པའི་སྒོ་མོ་གལ་ཆེན་ཞིག་ཏུ་འགྱུར་རྒྱུར་སྐུལ་འདེད་ནུས་ལྡན་ཐེབས་རྒྱུ་ཡིན་ལ། ལཱ་ཏིང་མེ་གླིང་གི་གཞི་གཅིག་ཅན་དང་དར་རྒྱས་གོང་འཕེལ་ལ་སྐུལ་འདེད་ནུས་ལྡན་ཐེབས་ངེས་རེད། གྲུ་ཁས་ཕེ་རུའི་དཔལ་འབྱོར་འཕེལ་རྒྱས་ཀྱི་ལེའུ་གསར་པ་ཞིག་གི་འགོ་རྩོམ་པ་དང་། ཕེ་རུའི་འགྲན་རྩོད་ནུས་པ་སྔར་ལས་ཆེ་རུ་བཏང་སྟེ་ཕེ་རུའི་མི་དམངས་ཡོངས་ལ་བདེ་སྐྱིད་སྔར་ལས་མང་པོ་བསྐྲུན་དགོས། ཀྲུང་གོས་ཕེ་རུ་ལ་ཡིད་ཆེས་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ། “ཆན་ཁའེ་ནས་ཧྲང་ཧའེ་བར”དུ“དུས་རབས་གསར་པའི་དབྱིན་ཅ་གནའ་ལམ”དེས་དཔལ་ཡོན་ལྡན་པའི་གནའ་བོའི་རྒྱལ་ཁབ་གཉིས་གཅིག་ཏུ་འདྲེས་པའི་ཟམ་པ་དང་། མཛའ་བརྩེའི་མི་རིགས་གཉིས་ཀྱི་མཛའ་བརྩེ་གཏིང་ཟབ་ཏུ་གཏོང་བའི་ཟམ་པ་བསྐྲུན། ཀྲུང་གོ་ཁྲི་ལོར་བརྟན་པར་ཤོག ཕེ་རུ་དང་ཀྲུང་གོའི་མཛའ་བརྩེ་ཁྲི་ལོར་བརྟན་པར་ཤོག
ས་དེའི་དུས་ཚོད་ཟླ11པའི་ཚེས14ཉིན་གྱི་དགོང་མོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཕེ་རུའི་ཙུང་ཐུང་པོ་ལུའུ་ཨར་ཐི་གཉིས་ལི་མའི་ཙུང་ཐུང་བཞུགས་ཤག་ཏུ་བརྙན་ལམ་ནས་ཆན་ཁའེ་གྲུ་ཁའི་སྒོ་འབྱེད་པའི་མཛད་སྒོར་ཞུགས།
ཆན་ཁའེ་གྲུ་ཁ་ནི་ཕེ་རུའི་རྒྱལ་ས་ལི་མའི་བྱང་རྒྱུད་ཀྱི་སྤྱི་ལེ80ཡི་སར་གནས་པ་དང་། ཀྲུང་གོ་དང་ཕེ་རུས་མཉམ་དུ་བསྐྲུན་པའི“རྒྱུད་གཅིག་ལམ་གཅིག”གི་གཙོ་གནད་ལས་གཞི་ཞིག་རེད། གྲུ་ཁའི་སྒོ་ཕྱེས་རྗེས། ཀྲུང་གོ་དང་ཕེ་རུའི་བར་གྱི་ཕྱོགས་རྐྱང་པའི་མཚོ་ཐོག་སྐྱེལ་འདྲེན་དུས་ཚོད་ཉིན23བར་ཇེ་ཐུང་དུ་ཕྱིན་ནས། དངོས་ཟོག་སྐྱེལ་འདྲེན་གྱི་མ་རྩ20%ཡན་གྲོན་ཆུང་བྱས་ཡོད་པ་དང་། ལོ་རེར་ཕེ་རུར་ཐད་ཀར་ལས་ཞུགས་གོ་སྐབས་8000ལྷག་ཙམ་བསྐྲུན་རྒྱུ་རེད།
ཚའེ་ཆི་དང་ཝང་དབྱི་སོགས་བྱེད་སྒོར་ཞུགས།
ཤ་བོ་རིན་མཚོས་བསྒྱུར།