ཞི་ཅིན་ཕིང་གིས་སིང་ག་ཕོར་གྱི་ཙུང་ལི་ཧོང་ཞུན་ཚའེ་ལ་མཇལ་འཕྲད་གནང་།
2024.11.16 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 85

ས་དེའི་དུས་ཚོད་ཟླ11པའི་ཚེས15ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཕེ་རུའི་རྒྱལ་ས་ལི་མ་རུ། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུར་ཞུགས་པའི་རིང་ལ། སིང་ག་ཕོར་གྱི་ཙུང་ལི་ཧོང་ཞུན་ཚའེ་ལ་མཇལ་འཕྲད་གནང་།

ས་དེའི་དུས་ཚོད་ཟླ11པའི་ཚེས15ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཕེ་རུའི་རྒྱལ་ས་ལི་མ་རུ། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུར་ཞུགས་པའི་རིང་ལ། སིང་ག་ཕོར་གྱི་ཙུང་ལི་ཧོང་ཞུན་ཚའེ་ལ་མཇལ་འཕྲད་གནང་།

ཞི་ཅིན་ཕིང་གིས་ཀྲུང་གོ་དང་སིང་ག་ཕོར་གཉིས་ནི་ཕན་ཚུན་མཛའ་མཐུན་གྱི་ཁྱིམ་མཚེས་རྒྱལ་ཁབ་དང་མཉམ་ལས་ཀྱི་ཟླ་གྲོགས་གལ་ཆེན་ཡིན། རྒྱལ་ཁབ་གཉིས་ཀྱི་སྐབས་རིམ་བྱུང་གི་འགོ་ཁྲིད་པའི་གསོ་སྐྱོང་ཞིབ་མོའི་འོག་ཏུ། ཀྲུང་གོ་དང་སིང་ག་ཕོར་གྱི་འབྲེལ་བ་རྒྱུན་ཆད་མེད་པར་འཕེལ་རྒྱས་སུ་སོང་ནས། རྒྱལ་ཁབ་དང་རྒྱལ་ཁབ་བར་གྱི་གཉིས་ཕན་གཉིས་རྒྱལ་དང་ཐུན་མོང་འཕེལ་རྒྱས་ཀྱི་དཔེ་མཚོན་བསྐྲུན་ཡོད། ན་ནིང་ཀྲུང་གོ་དང་སིང་ག་ཕོར་གྱི་འབྲེལ་བ་དེ་ཕྱོགས་ཡོངས་དང་སྤུས་ཚད་མཐོ་བའི་རྒྱང་ལྟའི་རང་བཞིན་གྱི་རོགས་རེས་འབྲེལ་བར་དངོས་སུ་རིམ་སྤོར་བྱས་པ་དེས། མ་འོངས་པའི་ཀྲུང་གོ་དང་སིང་ག་ཕོར་གྱི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་ཁ་ཕྱོགས་གསལ་སྟོན་བྱས་ཡོད། མིག་སྔར་རྒྱལ་ཁབ་གཉིས་ཀ་འཕེལ་རྒྱས་ཀྱི་གནད་འགག་དུས་སྐབས་སུ་སླེབས་ཡོད་ཅིང་། སང་ལོར་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ35འཁོར་བར་བསུ་མ་བྱ་རྒྱུ་རེད། ཀྲུང་གོ་ཕྱོགས་ཀྱིས་སིང་ག་ཕོར་ཕྱོགས་དང་མཉམ་དུ། རྒྱལ་ཁབ་གཉིས་ཀྱི་མཛའ་མཐུན་ཁ་ཕྱོགས་ཆེན་པོར་སྟངས་འཛིན་ནན་མོ་བྱེད་པ་དང་། མཐོ་རིམ་བར་གྱི་འགྲོ་འོང་ཇེ་དམ་དུགཏོང་བ། ལྷག་བསམ་ཟོལ་མེད་དང་ཕན་ཚུན་ཡིད་ཆེས་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ། ཕན་ཚུན་གྱི་ཁེ་ཕན་གཙོ་བོར་བརྩི་འཇོག་བྱེད་པ། དེང་རབས་ཅན་གྱི་བགྲོད་ལམ་སྟེང་མཉམ་སྐྱོད་མཉམ་འཕེལ་བྱེད་པ་བཅས་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་རྩོམ་འདོད་ཡོད་ཅེས་གསུངས།

ཞི་ཅིན་ཕིང་གིས་སིང་ག་ཕོར་ཀྲུང་གོའི་བཅོས་སྒྱུར་སྒོ་འབྱེད་ནང་ཞུགས་སྔ་བ་དང་ཁྱབ་ཁོངས་ཡངས་ལ། གྲུབ་འབྲས་ཆེ། སིང་ག་ཕོར་ཕྱོགས་ཀྱིས་ཀྲུང་གོའི་འཕེལ་རྒྱས་ཀྱི་གོ་སྐབས་གསར་པ་སྟངས་འཛིན་བྱས་ནས། སུའུ་ཀྲོའུ་བཟོ་ལས་གླིང་དང་ཐེན་ཅིན་སྐྱེ་ཁམས་གྲོང་། ཁྲུང་ཆིང་གི་དཔེ་སྟོན་རང་བཞིན་གྱི་ཕན་ཚུན་འབྲེལ་མཐུད། ཀོང་ཀྲོའུ་ཤེས་བྱའི་གྲོང་སོགས་ཀྱི་མཉམ་ལས་ལས་གཞི་མུ་མཐུད་འཛུགས་སྐྲུན་ཡག་པོ་བྱས་ཏེ། གཞི་གྲངས་དཔལ་འབྱོར་དང་ལྗང་མདོག་འཕེལ་རྒྱས། མིས་བཟོས་རིག་ནུས་ཁྱབ་ཁོངས་སོགས་ཀྱི་མཉམ་ལས་ཀྱི་འཕར་གཞི་གསར་པ་སྔར་ལས་གང་མང་བསྐྲུན་ཏེ། མི་གཞུང་རིག་གནས་བརྗེ་རེས་རྒྱུན་ཆད་མེད་པར་རྒྱ་སྐྱེད་གཏོང་རྒྱུའི་ཐད་དགའ་བསུ་ཞུ་རྒྱུ་ཡིན། འཛམ་གླིང་གི་ལོ་བརྒྱའི་འགྱུར་ལྡོག་གི་མདུན་དུ། ཀྲུང་གོ་ཕྱོགས་ཀྱིས་སིང་ག་ཕོར་ཕྱོགས་དང་མཉམ་དུ། མཉམ་འབྲེལ་རྒྱལ་ཚོགས་དང་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་སོགས་ཕྱོགས་མང་སྒྲོམ་གཞིའི་འོག་གི་མཉམ་ལས་ལ་ཤུགས་བསྣན་ནས། འདྲ་མཉམ་དང་གོ་རིམ་ལྡན་པའི་འཛམ་གླིང་སྣེ་མང་ཅན་དང་ཀུན་ཕན་བསྟུན་མཁས་ཀྱི་དཔལ་འབྱོར་གོ་ལ་ཅན་ལ་མཉམ་དུ་སྐུལ་འདེད་གཏོང་འདོད་ཡོད་ཅེས་ནན་གྱིས་གསུངས།

ཧོང་ཞུན་ཚའེ་ཡིས་སིང་ག་ཕོར་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ། ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་དང་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་སོགས་ཕྱོགས་མང་ཁྱབ་ཁོངས་ཀྱི་མཉམ་ལས་ཟབ་སྤེལ་གཏོང་བ་དང་སྲུང་སྐྱོབ་རིང་ལུགས་ལ་ངོ་རྒོལ་བྱེད་པ། ཚོང་དོན་དངུལ་གཏོང་སྟབས་བདེ་ཅན་དང་རང་མོས་ཅན་ལ་སྐུལ་འདེད་གཏོང་བ། ས་ཁུལ་གྱི་བརྟན་བརླིང་དང་འཕེལ་རྒྱས་ལ་སྲུང་སྐྱོབ་བཅས་བྱེད་འདོད་ཡོད་ཅེས་བསྟན།

ཚའེ་ཆི་དང་ཝང་དབྱི་སོགས་མཇལ་འཕྲད་ལ་ཞུགས།

བན་དེ་སྐྱབས་ཀྱིས་བསྒྱུར།