ཞི་ཅིན་ཕིང་གིས་དབྱིན་ཇིའི་དབུ་བཞུགས་བློན་ཆེན་སི་ཐཱ་མོ་ལ་མཇལ་འཕྲད་གནང་།
2024.11.19 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 20

ས་དེའི་དུས་ཚོད་ཟླ11པའི་ཚེས18ཉིན་གྱི་སྔ་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ལིས་ཡུའེ་རི་ནེ་ལུའུ་རུ་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་འགོ་ཁྲིད་པའི་རྩེ་ཚོགས་ཐེངས་བཅུ་དགུ་པར་ཞུགས་པར་མ་ཟད་དབྱིན་ཇིའི་དབུ་བཞུགས་བློན་ཆེན་སི་ཐཱ་མོ་ལ་མཇལ་འཕྲད་གནང་།

ས་དེའི་དུས་ཚོད་ཟླ11པའི་ཚེས18ཉིན་གྱི་སྔ་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ལིས་ཡུའེ་རི་ནེ་ལུའུ་རུ་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་འགོ་ཁྲིད་པའི་རྩེ་ཚོགས་ཐེངས་བཅུ་དགུ་པར་ཞུགས་པར་མ་ཟད་དབྱིན་ཇིའི་དབུ་བཞུགས་བློན་ཆེན་སི་ཐཱ་མོ་ལ་མཇལ་འཕྲད་གནང་།

ཞི་ཅིན་ཕིང་གིས་དེང་སྐབས་འཛམ་གླིང་གཡོ་འགུལ་འཕོ་འགྱུར་གྱི་དུས་རིམ་གསར་པ་ཞིག་ཏུ་སླེབས་ཡོད།    ཀྲུང་གོ་དང་དབྱིན་ཇི་གཉིས་ནི་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ལས་འགན་རྒྱུན་འཛིན་རྒྱལ་ཁབ་དང་འཛམ་གླིང་གི་དཔལ་འབྱོར་སྒྲིག་གཞི་གཙོ་བོ་ཡིན་པ་དང་། རང་སོ་སོའི་རྒྱལ་ཁབ་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འགན་འཁྲི་ལྕི་མོ་ཕྲག་ཏུ་འཁུར་ཡོད་ལ་འཛམ་གླིང་རང་བཞིན་གྱི་འགྲན་སློང་ལ་ཁ་གཏད་འཇལ་བའི་འགན་འཁྲིའང་འཁུར་ཡོད།     ཕྱོགས་གཉིས་ཀྱིས་འཐབ་ཇུས་གྲོགས་པོའི་ངེས་གནས་སྲུང་འཛིན་བྱས་ཏེ་ཕན་ཚུན་བརྩི་འཇོག་དང་།    སྒོ་འབྱེད་མཉམ་ལས།    བརྗེ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པ་བཅས་རྒྱུན་འཁྱོངས་བྱས་ཏེ། གཉིས་ཕན་མཉམ་རྒྱལ་མངོན་འགྱུར་ཡོང་བར་བྱས་ནས་ཀྲུང་གོ་དང་དབྱིན་ཇིའི་འབྲེལ་བ་བདེ་བླག་དང་བརྟན་པོའི་ངང་འཕེལ་རྒྱས་འགྲོ་བའི་རྣམ་པ་མཉམ་དུ་བསྐྲུན་དགོས་ཞེས་གསུངས།

ཞི་ཅིན་ཕིང་གིས་ཀྲུང་གོ་དང་དབྱིན་ཇི་རྒྱལ་ཁབ་གཉིས་ཀྱི་ལོ་རྒྱུས་རིག་གནས་དང་།    རིན་ཐང་གི་འདུ་ཤེས།    སྤྱི་ཚོགས་ཀྱི་ལམ་ལུགས་བཅས་ལ་བར་ཁྱད་ཡོད་ཀྱང་། ཐུན་མོང་གི་ཁེ་ཕན་རྒྱ་ཁྱབ་ཡིན་པས་ཕྱོགས་གཉིས་ཀྱིས་ཕ་རོལ་པོའི་འཕེལ་རྒྱས་ལ་ལྟ་སྟངས་ཡང་དག་བཟུང་ནས་འཐབ་ཇུས་འབྲེལ་གཏུག་ལ་ཤུགས་སྣོན་པ་དང་།    ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཆེ་རུ་བཏང་ནས། ཀྲུང་གོ་དང་དབྱིན་ཇི་བར་གྱི་འབྲེལ་བ་བརྟན་པོའི་སྒོ་ནས་ཡུན་རིང་གོང་འཕེལ་འགྲོ་རྒྱུར་ཁག་ཐེག་བྱེད་དགོས། རྒྱལ་ཁབ་གཉིས་ཀྱི་ཚོང་དོན་དངུལ་གཏོང་དང་དག་གཙང་ནུས་ཁུངས།    དངུལ་རྩའི་ཞབས་ཞུ།    སྨན་བཅོས། དམངས་འཚོ་སོགས་ཁྱབ་ཁོངས་སུ་ཡངས་ཤིང་རྒྱ་ཆེ་བའི་མཉམ་ལས་ཀྱི་བར་སྟོང་ཡོད་པས་རྒྱུན་ཆད་མེད་པར་རྒྱ་ཆེར་བཏང་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་སྔར་ལས་ལེགས་པའི་ཕན་པ་ཐོབ་པར་བྱེད་དགོས།     ཕྱོགས་གཉིས་ཀྱིས་གནད་དོན་གལ་ཆེན་ཆབ་སྲིད་ལ་བརྟེན་ནས་ཐག་གཅོད་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། མི་ཐབས་རིག་ནུས་ཀྱི་འཛམ་གླིང་བཅོས་སྐྱོང་ལ་ཤུགས་བསྣན་ནས། འཛམ་གླིང་གི་དཔལ་འབྱོར་འཕར་རྒྱུར་སྐུལ་འདེད་གཏོང་བ་དང་རྒྱལ་ཁབ་སོ་སོ་མཉམ་དུ་འཕེལ་རྒྱས་འགྲོ་ཆེད་བྱས་རྗེས་འཇོག་དགོས་པ་ནན་གྱིས་བསྟན།

ས་དེའི་དུས་ཚོད་ཟླ11པའི་ཚེས18ཉིན་གྱི་སྔ་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ལིས་ཡུའེ་རི་ནེ་ལུའུ་རུ་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་འགོ་ཁྲིད་པའི་རྩེ་ཚོགས་ཐེངས་བཅུ་དགུ་པར་ཞུགས་པར་མ་ཟད་དབྱིན་ཇིའི་དབུ་བཞུགས་བློན་ཆེན་སི་ཐཱ་མོ་ལ་མཇལ་འཕྲད་གནང་།

སི་ཐཱ་མོ་ཡིས་བསྟན་དོན། དབྱིན་ཇི་དང་ཀྲུང་གོའི་བར་ཐུན་མོང་གི་ཁེ་ཕན་རྒྱ་ཆེན་པོ་ལྡན་པས། འཛམ་གླིང་རང་བཞིན་གྱི་འགྲན་སློང་ཐག་གཅོད་དང་འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ལ་སྲུང་སྐྱོབ་བྱེད་པའི་ཐད་འགན་འཁྲི་གལ་ཆེན་འཁུར་ཡོད།     དབྱིན་ཇི་དང་ཀྲུང་གོའི་རྒྱུན་སྲིང་ནུས་ལྡན་གྱི་འབྲེལ་བ་དེ་རྒྱལ་ཁབ་གཉིས་དང་འཛམ་གླིང་གི་ངོས་ནས་བཤད་ན་ཧ་ཅང་གལ་ཆེ་བ་ཞིག་རེད།  དབྱིན་ཇི་ཕྱོགས་ཀྱིས་ཕན་ཚུན་བརྩི་འཇོག་དང་འདྲ་མཉམ་ཟོལ་མེད་ཀྱི་སྙིང་སྟོབས་ཐོག་ནས་ཀྲུང་གོ་ཕྱོགས་དང་གྲོས་མོལ་བྱ་རྒྱུར་ཤུགས་སྣོན་པ་དང་། ཕན་ཚུན་རྒྱུས་ལོན་བྱེད་ཚད་གཏིང་ཟབ་ཏུ་བཏང་སྟེ་དཔལ་འབྱོར་ཚོང་དོན་དང་།    ཚན་རྩལ།    ནོར་སྲིད་དངུལ་རྩ།    འཕྲོད་བསྟེན་སྨན་བཅོས།    སློབ་གསོ།    གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་འཇལ་བ་སོགས་ཁྱབ་ཁོངས་ཆེན་པོའི་ནང་བརྗེ་རེས་མཉམ་ལས་བྱ་རྒྱུའི་རེ་བ་ཡོད། དབྱིན་ཇི་དང་ཀྲུང་གོ་ཕྱོགས་ཀྱིས་ཕྱོགས་མང་རིང་ལུགས་རྒྱུན་འཁྱོངས་བྱེད་པ་དང་། དབྱིན་ཇི་ཕྱོགས་ཀྱིས་ཀྲུང་གོའི་བར་གྱི་ཕྱོགས་མང་འབྲེལ་གཏུག་མཐུན་སྦྱོར་ལ་ཤུགས་བསྣན་ནས། ཆབ་སྲིད་ཀྱི་ཐོག་ནས་ས་ཁུལ་གྱི་གནད་དོན་གལ་ཆེན་ཐག་གཅོད་བྱ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད།

ཚའེ་ཆི་དང་ཝང་དབྱི་སོགས་མཇལ་འཕྲད་ལ་ཞུགས།

ཤ་བོ་རིན་མཚོས་བསྒྱུར།