ས་དེའི་དུས་ཚོད་ཟླ11པའི་ཚེས19ཉིན་གྱི་སྔ་དྲོར། པ་ཞི་རྒྱལ་ཁབ་ཀྱི་གྲོང་ཁྱེར་ལིས་ཡུའེ་རི་ནེ་ལུའུ་རུ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་འགོ་ཁྲིད་པའི་རྩེ་ཚོགས་ལ་ཞུགས་པའི་རིང་ལ། ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་ལ་མཇལ་འཕྲད་གནང་།
ས་དེའི་དུས་ཚོད་ཟླ11པའི་ཚེས19ཉིན་གྱི་སྔ་དྲོར། པ་ཞི་རྒྱལ་ཁབ་ཀྱི་གྲོང་ཁྱེར་ལིས་ཡུའེ་རི་ནེ་ལུའུ་རུ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་འགོ་ཁྲིད་པའི་རྩེ་ཚོགས་ལ་ཞུགས་པའི་རིང་ལ། ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་ལ་མཇལ་འཕྲད་གནང་།
ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཧྥ་རན་སི་རྒྱལ་ཁབ་གཉིས་ནི་རང་བཙན་དང་རང་ཚུགས། འགན་འཁུར་ཕོད་པ་བཅས་ཀྱི་རྒྱལ་ཁབ་ཆེན་པོ་ཡིན། རྒྱལ་ཁབ་གཉིས་ཀའི་འབྲེལ་བར་དམིགས་བསལ་གྱི་འཐབ་ཇུས་རིན་ཐང་དང་འཛམ་གླིང་ཧྲིལ་པོའི་དོན་སྙིང་ལྡན། ད་ལོའི་ཟླ་ལྔ་པར་ང་ཚོས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི“རབ་བྱུང་གསར་པར”རྒྱང་ལྟ་བྱས་པ་དང་འབྲེལ་ཏེ། འཛམ་གླིང་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་དང་གནད་དོན་ཚ་ཤོས་ཐད་མཉམ་དུ་འབོད་སྐུལ་བཏང་བར་བརྟེན། བྱེད་ཕྱོགས་དེས་རྒྱལ་སྤྱིའི་སྟེང་དུ་དགེ་མཚན་ལྡན་པའི་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད། མིག་སྔའི་རྒྱལ་སྤྱིའི་གནས་བབ་ལ་འགྱུར་ལྡོག་གསར་པ་གང་མང་འབྱུང་བཞིན་ཡོད་པའི་དབང་གིས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་སྣེ་ཁྲིད་དེ་འཛམ་གླིང་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ལ་ཁ་གཏད་འཇལ་རྒྱུ་དེ་ནི། རྒྱལ་ཁབ་གཉིས་ཀར་མཚོན་ནས་བཤད་ན་ཅིས་ཀྱང་ཁུར་དུ་ལེན་དགོས་པའི་རྒྱལ་ཁབ་ཆེན་པོའི་འགན་འཁྲི་ཞིག་ཡིན། ཕྱོགས་གཉིས་ཀས་འཐབ་ཇུས་འབྲེལ་གཏུག་ཇེ་དམ་དུ་གཏོང་བ་དང་ཕན་ཚུན་རྒྱབ་སྐྱོར་བྱ་རྒྱུར་ཤུགས་བསྣན་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་བརྟན་པོ་དང་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་རྒྱུན་འཁྱོངས་བྱས་ནས། ཀྲུང་གོ་དང་ཡོ་རོབ་བར་གྱི་འབྲེལ་བར་འཕེལ་རྒྱས་ཡག་པོ་ཡོང་བ་དང་འཛམ་གླིང་གི་ཞི་བདེ་དང་བརྟན་བརླིང་གི་ཆེད་དུ་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས་ཞེས་གསུངས།
ཞི་ཅིན་ཕིང་གིས་ཀྲུང་གོ་ཕྱོགས་ཀྱིས་ཧྥ་རན་སི་ཕྱོགས་དང་མཉམ་དུ། མཐོ་རིམ་འགྲོ་འོང་མུ་མཐུད་ཇེ་དམ་དུ་བཏང་ནས། རིག་གནས་དང་སློབ་གསོ། ས་གནས། གཞོན་ནུ་སོགས་མི་གཞུང་རིག་གནས་ཁྱབ་ཁོངས་ཀྱི་བརྗེ་རེས་མཉམ་ལས་མུ་མཐུད་ཟབ་སྤེལ་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་དམངས་སེམས་གཅིག་མཐུན་ཡོང་བར་སྐུལ་འདེད་གཏོང་འདོད་ཡོད། ཀྲུང་གོ་གུང་ཁྲན་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པས་ཀྲུང་གོའི་རེས་སྐོར་གསར་པའི་བཅོས་སྒྱུར་སྒོ་འབྱེད་ཀྱི་འཕེལ་རིམ་དངོས་སུ་སྤེལ་འགོ་བརྩམས་ཏེ། ཀྲུང་གོ་དང་ཧྥ་རན་སིའི་མཉམ་ལས་ལ་གོ་སྐབས་གསར་པ་མཁོ་འདོན་བྱས་པ་དང་། ཕྱོགས་གཉིས་ཀའི་དངོས་གཉེར་མཉམ་ལས་ཀྱི་ཐད་མདུན་ལམ་རྒྱ་ཆེན་པོ་ཡོད། ཕྱོགས་གཉིས་ཀས་རིམ་པ་མཐོ་བའི་དཔལ་འབྱོར་དང་ནོར་སྲིད་དངུལ་རྩའི་གླེང་མོལ་དང་དཔལ་འབྱོར་ཚོང་དོན་མཉམ་འདྲེས་ཨུ་ཡོན་ལྷན་ཁང་སོགས་ཀྱི་ལམ་སྲོལ་གང་ལེགས་སྒོས་སྤྱད་དེ། མཉམ་ལས་ཀྱི་སྦས་ཤུགས་སྔོག་འདོན་བྱེད་པ་དང་ལེགས་ཆ་གསབ་རེས་ལ་ཤུགས་སྣོན་པ། འགལ་བ་ཐག་གཅོད་འོས་འཚམ་བཅས་བྱས་ཏེ། གཉིས་ཕན་གཉིས་རྒྱལ་མངོན་འགྱུར་ཡོང་བའི་རེ་བ་ཆེ་ཞེས་གསུངས།
མཱ་ཁི་ལུང་གིས་ད་ལོའི་ཟླ་ལྔ་པར། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྥ་སན་སིར་རྒྱལ་ཁའི་ངང་འཚམས་འདྲི་གནང་ནས། རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ60འཁོར་བར་མཉམ་དུ་རྟེན་འབྲེལ་གཟབ་རྒྱས་ཞུས་པ་རེད། དེང་སྐབས་ཀྱི་འཛམ་གླིང་འདི་ཉིད་ལ་ངེས་གཏན་མེད་པའི་རྒྱུ་རྐྱེན་སྣ་ཚོགས་ཀྱིས་ཁེངས་ཡོད། ཧྥ་རན་སི་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ། རྒྱལ་ཁབ་གཉིས་ཀའི་གཙོ་འཛིན་བར་བྱུང་བའི་ཐུན་མོང་གི་ངོས་འཛིན་དོན་འཁྱོལ་ནན་ཏན་བྱས་ཏེ། མཐོ་རིམ་འགྲོ་འོང་མུ་མཐུད་ཟབ་སྤེལ་གཏོང་བ་དང་མི་གཞུང་རིག་གནས་བརྗེ་རེས་ཟབ་སྤེལ་གཏོང་བ། སྲོལ་རྒྱུན་མཛའ་མཐུན་མུ་མཐུད་རྒྱུན་མཐུད་བཅས་བྱས་ནས། རྣམ་པ་གསར་པའི་རྒྱལ་ཁབ་དང་རྒྱལ་ཁབ་བར་གྱི་འབྲེལ་བ་སྐྲུན་འདོད་ཡོད། ཧྥ་རན་སི་ཡིས་འཐབ་ཇུས་རང་བརྟེན་དང་ཕན་ཚུན་བརྩི་འཇོག་གི་སྙིང་སྟོབས་རྒྱུན་འཁྱོངས་བྱས་ཏེ། ཀྲུང་གོ་ཕྱོགས་དང་མཉམ་དུ། ཕན་ཚུན་བར་གྲོས་མོལ་དང་མཉམ་ལས་བྱེད་པ་དང་། དཔལ་འབྱོར་ཉོ་ཚོང་གི་རྩོད་གཞི་ཐག་གཅོད་འོས་འཚམ་བྱེད་པ། ཕྱོགས་གཉིས་ཀའི་དཔལ་འབྱོར་ཉོ་ཚོང་གི་འབྲེལ་བ་བདེ་ཐང་དང་བརྟན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྲུང་སྐྱོབ་བྱེད་པ། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་འཇལ་བ་དང་མི་ཐབས་རིག་ནུས་ཀྱི་འཛམ་གླིང་ཧྲིལ་པོ་བཅོས་སྐྱོང་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་འདོད་ཡོད་ཅེས་བསྟན།
ཕྱོགས་གཉིས་ཀས་ཝུའུ་ཁི་ལན་གྱི་ཉམས་ཉེན་ཐད་ནས་དགོངས་འཆར་བརྗེ་རེས་གནང་། ཞི་ཅིན་ཕིང་གིས་ཀྲུང་གོ་ཕྱོགས་ཀྱིས་ཝུའུ་ཁི་ལན་གྱི་ཉམས་ཉེན་གནད་དོན་ཐད་བཟུང་བའི་ལངས་ཕྱོགས་ལ་འགྱུར་བ་གཏན་ནས་བྱུང་མེད་ཅིང་འཁྲུག་རྩོད་ཀྱི་གནས་བབ་ཞི་ལྷོད་དུ་གཏོང་བའི་ཐད་རེ་ལྟོས་བྱེད་པ་ལས་ཉམས་ཉེན་ཕྱི་རུ་ཁྱབ་སྟེ་དམག་འཁྲུག་གི་གཞི་ཁྱོན་ཆེ་རུ་འགྲོ་བའི་རྣམ་པ་མཐོང་འདོད་ཡེ་ནས་མེད་ལ། ཀྲུང་གོས་མུ་མཐུད་དུ་རང་གི་བྱེད་ཕྱོགས་ལྟར་དུ་དམག་འཁྲུག་རྒྱག་མཚམས་འཇོག་རྒྱུར་དགེ་མཚན་ལྡན་པའི་ནུས་པ་འདོན་རྒྱུ་ཡིན་ཞེས་གསུངས།
ཚའེ་ཆི་དང་ཝང་དབྱི་སོགས་མཇལ་འཕྲད་ལ་ཞུགས།
བན་དེ་སྐྱབས་ཀྱིས་བསྒྱུར།