ཟླ11པའི་ཚེས20ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས2024ལོའི་འཛམ་གླིང་མཉམ་འབྲེལ་དྲ་རྒྱའི་ཚོགས་ཆེན་ཝུའུ་ཀྲིན་རྩེ་ཚོགས་ཀྱི་འགོ་རྩོམ་མཛད་སྒོར་བརྙན་ལམ་ནས་རྟེན་འབྲེལ་ཞུས།
ཞི་ཅིན་ཕིང་གིས་མིག་སྔར་རེས་སྐོར་གསར་པའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕོ་འགྱུར་མགྱོགས་མྱུར་ངང་འཕེལ་བ་དང་། མི་ཐབས་རིག་ནུས་སོགས་ལག་རྩལ་གསར་པ་མགྱོགས་མྱུར་ངང་འཕེལ་རྒྱས་བྱུང་ནས། མིའི་རིགས་ཀྱིས་འཛམ་གླིང་ལ་ངོས་འཛིན་དང་འཛམ་གླིང་སྒྱུར་བཀོད་བྱེད་པའི་ནུས་པ་ཧ་ཅང་ཆེ་རུ་ཕྱིན་པའི་དུས་མཚུངས་སུ། མིའི་རིགས་སྔོན་དཔག་བྱེད་ཐབས་བྲལ་བའི་ཉེན་ཁ་དང་འགྲན་སློང་ཅི་རིགས་ལ་འཕྲད་ཡོད། ང་ཚོས་གཞི་གྲངས་ཅན་དང་དྲ་རྒྱ་ཅན། རིག་ནུས་ཅན་བཅས་ཀྱི་འཕེལ་རྒྱས་ཀྱི་འཕེལ་ཕྱོགས་ཆེན་པོར་སྟངས་འཛིན་བྱས་ནས། གསར་གཏོད་དེ་སྒུལ་ཤུགས་དང་པོར་བརྩི་བ་དང་བདེ་འཇགས་དེ་ཚད་མཐའི་བླང་བྱར་བརྩི་བ། ཀུན་ཕན་དེ་རིན་ཐང་འཚོལ་སྙེག་ཅིག་ཏུ་བརྩི་བ་བཅས་བྱས་ཏེ། དྲ་རྒྱའི་བར་སྟོང་གི་གསར་གཏོད་འཕེལ་རྒྱས་དང་བདེ་འཇགས་འཕེལ་རྒྱས། ཀུན་ཕན་འཕེལ་རྒྱས་བཅས་ལ་མགྱོགས་མྱུར་ངང་སྐུལ་འདེད་བཏང་ནས། སྔར་ལས་མཛེས་སྡུག་ལྡན་པའི“གཞི་གྲངས་ཀྱི་མ་འོངས་པའི”ཕྱོགས་སུ་ལག་གདང་སྦྲེལ་ནས་མདུན་དུ་བསྐྱོད་དགོས། ཀྲུང་གོས་འཛམ་གླིང་གི་རྒྱལ་ཁབ་སོ་སོ་དང་མཉམ་དུ། ཆ་འཕྲིན་གསར་བརྗེ་ཡི་འཕེལ་རྒྱས་དང་འབྲེལ་བའི་ལོ་རྒྱུས་ཀྱི་རང་རྟོགས་རང་བཞིན་ལ་སྟངས་འཛིན་བྱས་ཏེ། མཉམ་དུ་ལག་གདང་སྦྲེལ་ནས་དྲ་རྒྱའི་བར་སྟོང་གི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་ནས། མཉམ་འབྲེལ་དྲ་རྒྱས་མི་དམངས་དང་འཛམ་གླིང་ལ་སྔར་ལས་བདེ་སྐྱིད་བསྐྲུན་དུ་འཇུག་དགོས་ཞེས་གསུངས།
བན་དེ་སྐྱབས་ཀྱིས་བསྒྱུར།