ཟླ11ཚེས21ཉིན། ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཡིས་གྲོས་ཚོགས་ཐེངས་སོ་བཞི་པ་བསྡུས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཚོགས་འདུའི་དགོངས་དོན། ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡི་འབྲེལ་ཡོད་གསུང་བཤད་ཀྱི་དགོངས་དོན། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཀྱི་དགོངས་དོན་བཅས་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་རིན་གཞོན་པ་ཝང་ལིས་མེན་གྱིས་ཚོགས་འདུར་འགོ་འཛིན་བྱས། དབྱང་ཧྥིན་ཁྲུན་དང་། ཉི་མ་སྒྲོལ་མ། ཝང་ཅིན་ཀྲའེ། ཁྲིན་ཏུང་ཁྲང་བཅས་ཚོགས་འདུར་ཞུགས།
ཚོགས་འདུ་ལས་ཀྲུང་གོའི་ཐོན་ཁུངས་འཁོར་སྐྱོད་སྡེ་ཚོགས་ཚད་ཡོད་ཀུང་སི་འཛུགས་པ་དང་། རྒྱལ་ཁབ་རིམ་པའི་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། དམངས་སྲིད་དང་སྤྱི་ཚོགས་ལས་དོན་ཡག་པོར་སྒྲུབ་པ་སོགས་ཀྱི་ཐད་བཏོན་པའི་བླང་བྱ་གསལ་བོ་དང་། དེ་མིན་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཚོགས་འདུའི་ཐོག་སྐོར་ཞིབ་དག་ཐེར་ཐད་བཏོན་པའི་བཀོད་སྒྲིག་ལ་དམིགས་ནས། སློབ་སྦྱོང་དང་གོ་བ་ཟབ་མོ་ལེན་པ་དང་ལག་བསྟར་དོན་འཁྱོལ་དམ་འཛིན་ཡག་པོ་བྱེད་དགོས་ཞེས་བསྟན།
གྲོས་ཚོགས་ལས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་གྱིས་ཁྲིད་སྟོན་བྱེད་པ་དང་། དམངས་འཐུས་ཚོགས་ཆེན་གྱི་འགན་ནུས་ལ་གཞི་ཚུགས་ཏེ། དམངས་འཐུས་ཚོགས་ཆེན་གྱི་བཅོས་སྒྱུར་ལས་དོན་ཏན་ཏིག་གིས་ལེགས་པར་བསྒྲུབ་དགོས། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་དམིགས་འབེན་དུ་འཛིན་པ་དང་། རྩ་བའི་ཆབ་སྲིད་ལམ་ལུགས་ཀྱི་རང་རྟོན་སྔར་ལས་ཇེ་བརྟན་དུ་གཏོང་བ། 2025ལོའི་ཁྲིམས་འཛུགས་དང་ལྟ་སྐུལ། འཐུས་མི་བཅས་ཀྱི་ལས་དོན་ལ་འཆར་གཞི་ཇུས་འགོད་དང་བཀོད་སྒྲིག་ཡག་པོ་བཅས་བྱེད་དགོས། ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པ་གཙོ་རྐང་དུ་བཟུང་སྟེ། ཁྱབ་ཁོངས་གཙོ་བོའི་ཉེན་ཁ་འགོག་སེལ་བྱེད་པ་དང་། འགོ་ཁྲིད་ཚན་ཁག་གི་འཛུགས་སྐྲུན་ལ་ཤུགས་སྣོན་པ། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་ཏུ་སྤེལ་བ་སོགས་ཀྱི་ལས་དོན་སྣ་ཚོགས་ལ་སྐུལ་འདེད་ཏན་ཏིག་གཏོང་བ། དམངས་འཐུས་ཚོགས་ཆེན་ལས་ཁུངས་ཀྱི་སྲོལ་བཟང་སྤྱོད་བཟང་གི་ཆབ་སྲིད་ཀྱི་སྐྱེ་ཁམས་བཟང་པོ་རྒྱུན་མཐུད་ངང་སྲ་བརྟན་དུ་གཏོང་བ་བཅས་བྱེད་དགོས་ཞེས་ནན་གྱིས་བསྟན།
ཚོགས་འདུའི་ཐོག་མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པ་འཚོགས་པའི་འབྲེལ་ཡོད་དོན་དག་སྐོར་གྱི་རེ་ཞུ་དང་། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་འབྲི་བའི་གནས་ཚུལ། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་དེའི་ལས་ཁུངས་ཀྱི2024ལོའི་ཟླ10པ་ནས2025ལོའི་ཟླ3པའི་བར་གྱི་གཙོ་གནད་ལས་དོན་བཀོད་སྒྲིག་སྐོར་གྱི་སྙན་ཞུ་བཅས་ལ་ཉན།
སྒྲོལ་མ་སྐྱིད་ཀྱིས་བསྒྱུར།