ཟླ11པའི་ཚེས22ཉིན། རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་སྡུར་སྐབས་བཅུ་གཉིས་པ་ཧའེ་ནན་སན་ཡ་རུ་གཟབ་རྒྱས་ངང་འཚོགས་འགོ་བརྩམས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་འགོ་རྩོམ་མཛད་སྒོར་ཞུགས་པར་མ་ཟད། རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་སྡུར་སྐབས་བཅུ་གཉིས་པ་འགོ་བརྩམས་པ་ཁྱབ་བསྒྲགས་གནང་།
ཟླ11པའི་ཚེས22ཉིན། རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་སྡུར་སྐབས་བཅུ་གཉིས་པ་ཧའེ་ནན་སན་ཡ་རུ་གཟབ་རྒྱས་ངང་འཚོགས་འགོ་བརྩམས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་འགོ་རྩོམ་མཛད་སྒོར་ཞུགས།
སན་ཡ་གྲོང་ཁྱེར་ལུས་རྩལ་ལྟེ་གནས་སུ་མི་རིགས56མཉམ་དུ་འཛོམས་ནས། ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ་བ་དང་བློ་སེམས་གཅིག་གིས་ཀྲུང་གོའི་ཕུགས་འདུན་བསྐྲུན་པའི་མཚར་སྡུག་ལྡན་པའི་རྣམ་པ་མངོན་པར་བྱས་ཡོད། ཆུ་ཚོད20ཡི་སྟེང་འགོ་རྩོམ་མཛད་སྒོ་དངོས་སུ་འགོ་བརྩམས་ཤིང་། འཐུས་ཚབ་ཚོགས་པ་སོ་སོ་དང་ཡུལ་དངོས་ཀྱི་ལྟད་མོ་བ་ཁྲི་གསུམ་དང་སྟོང་ལྔ་ཡིས་རྒྱལ་དར་གཟབ་སྦྲེང་རུ་ཁག་ལ་བསུ་མ་བྱས། རྒྱལ་ཡོངས་གྲངས་ཉུང་མི་རིགས་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་ཀྱི་ཚོགས་དར་དང་རྒྱལ་ཡོངས་གྲངས་ཉུང་མི་རིགས་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གཉིས་པའི་ཚོགས་དར་སྔ་རྗེས་སུ་འགྲན་རར་བསུས་པ་དང་། དེའི་རྗེས་རྒྱལ་ཡོངས་ཀྱི་རང་སྐྱོང་ལྗོངས་དང་ཐད་གཏོགས་གྲོང་ཁྱེར31དང་། ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དཔུང་སྡེ། ཞང་ཀང་། ཨའོ་མིན་བཅས་ཀྱི་འཐུས་ཚབ་ཚོགས་པ་དང་། ཐའེ་ཝན་གྱི་གྲངས་ཉུང་མི་རིགས་ཀྱི་འཐུས་ཚབ་ཚོགས་པ་བཅས་ཚོགས་རར་ཞུགས། འཐུས་ཚབ་ཚོགས་པ་སོ་སོས་སྐར་ཆ30ཡི་འཁྲབ་སྟོན་བྱས་པ་དེ་ལས་ཀྲུང་ཧྭ་མི་རིགས་ཀྱི་ཁྱིམ་ཚང་ཆེན་མོའི་རིགས་སོ་སོའི་བུ་བུ་མོ་ཡོངས་ཀྱིས་ལག་གདང་སྦྲེལ་ནས་མདུན་སྐྱོད་བྱེད་པའི་ཡར་བརྩོན་གྱི་ཉམས་འགྱུར་མངོན་ཡོད།
ལུས་རྩལ་ཐང་དུ་འཛུལ་བའི་མཛད་སྒོ་མཇུག་བསྒྲིལ་རྗེས། ཚང་མ་ཡར་ལངས་ནས་སྐད་གསང་མཐོན་པོས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ་བླངས་པ་དང་སྐར་ལྔའི་དར་དམར་རླུང་གིས་དལ་བུར་གཡོ་བཞིན་ཡར་བསྒྲེངས།
ཆུ་ཚོད21གི་སྟེང་། ཝང་ཧུའུ་ཉིང་གིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གཉིས་པ་འགོ་བརྩམས་པ་ཁྱབ་བསྒྲགས་གནང་། སྐབས་དེར་ཐལ་མོའི་རྡེབ་སྒྲ་དང་དགའ་སྤྲོའི་འབོད་སྒྲ་མཁའ་དབྱིངས་སུ་ཁྱབ་པ་དང་སན་ཡ་གྲོང་ཁྱེར་གྱི་ལུས་རྩལ་ལྟེ་གནས་སུ་སྤྲོ་སྣང་གིས་ཁེངས།
དེའི་རྗེས“ཀྲུང་ཧྭ་མི་རིགས་ཀྱི་ཁྱིམ་ཚང་ཆེན་མོས་རྡོག་རྩ་གཅིག་སྒྲིལ་གྱིས་སྐྱོད་ལམ་གསར་པའི་ཕུགས་འདུན་འགྲུབ་པར་བྱེད”ཅེས་པ་བརྗོད་བྱ་གཙོ་བོ་ཡིན་པའི་རིག་གནས་ལུས་རྩལ་འཁྲབ་སྟོན་འགོ་བརྩམས། འཁྲབ་སྟོན་དེ“གནམ་འོག་ཁྱིམ་ཚང་གཅིག”དང་། “ཀྲུང་ཧྭ་གཞི་གཅིག”“མཐུན་སྒྲིལ་གཞི་གཅིག”བཅས་ལེའུ་གསུམ་ལ་དབྱེ་ནས། ཀྲུང་ཧྭའི་རིག་གནས་ཀྱི་འོད་སྟོང་འཕྲོ་བའི་ལོ་རྒྱུས་རིང་པོ་མཚོན་པར་བྱས་པ་དང་། རིགས་སོ་སོའི་བུ་བུ་མོས་སྐྱིད་སྡུག་མཉམ་མྱོང་དང་། ཁྲེལ་གྲགས་མཉམ་ཁུར། ཤི་གསོན་མཉམ་གནས། ལས་སྐལ་མཉམ་མྱོང་བཅས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་མཚོན་པར་བྱས་ཏེ། མཐུན་སྒྲིལ་འབད་འཐབ་དང་སྐྱོད་ལམ་གསར་པ་བཏོད་དེ་ཀྲུང་གོའི་ཕུགས་འདུན་མཉམ་དུ་སྐྲུན་བཞིན་པ་མཚོན་པར་བྱས། 《མེས་རྒྱལ་ལ་བསྟོད་གླུ་ལེན》ཞེས་པའི་གླུ་སྒྲའི་ཁྲོད་འཁྲབ་སྟོན་མཇུག་བསྒྲིལ་བ་དང་། རིགས་སོ་སོའི་མི་དམངས་ཚོས་མཉམ་དུ་རླབས་ཆེན་མེས་རྒྱལ་དར་རྒྱས་གོང་འཕེལ་ཡོང་བའི་སྨོན་འདུན་ཞུས།
ཟླ11པའི་ཚེས22ཉིན། རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་སྡུར་སྐབས་བཅུ་གཉིས་པ་ཧའེ་ནན་སན་ཡ་རུ་གཟབ་རྒྱས་ངང་འཚོགས་འགོ་བརྩམས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་འགོ་རྩོམ་མཛད་སྒོར་ཞུགས། པར་འདི་ནི་འགོ་མ་བརྩམས་སྔོན་ཝང་ཧུའུ་ཉིང་གིས་ལུས་རྩལ་འགྲན་ཚོགས་ཀྱི་རྩ་འཛུགས་ཨུ་ཡོན་ལྷན་ཁང་གི་ཁོངས་མི་དང་། འཐུས་ཚབ་ཚོགས་པ་སོ་སོའི་འཐུས་མིར་འཇལ་འཕྲད་གནང་བཞིན་པའི་ཚུལ་རེད།
འགོ་རྩོམ་མཛད་སྒོའི་སྔོན་ལ། ཝང་ཧུའུ་ཉིང་གིས་ལུས་རྩལ་འགྲན་ཚོགས་ཀྱི་རྩ་འཛུགས་ཨུ་ཡོན་ལྷན་ཁང་གི་ཁོངས་མི་ཡོངས་དང་། འཐུས་ཚབ་ཚོགས་པ་སོ་སོའི་འཐུས་མི། ལུས་རྩལ་པའི་འཐུས་མི་བཅས་ལ་མཇལ་འཕྲད་གནང་བར་མ་ཟད། ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་རིག་གནས་འགྲེམས་སྟོན་དང་། ཧའེ་ནན་གྱི་ཕྱོགས་ཡོངས་ནས་བཅོས་སྒྱུར་སྒོ་འབྱེད་གཏིང་ཟབ་ཏུ་གཏོང་བ་དང་ཀྲུང་གོའི་ཁྱད་ཆོས་ཀྱི་རང་མོས་ཚོང་དོན་གྲུ་ཁ་འཛུགས་སྐྲུན་གྱི་གྲུབ་འབྲས་འགྲེམས་སྟོན་ལ་ཡང་ལྟ་སྐོར་གནང་། ཁོང་གིས་བསྟན་དོན། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འཕེལ་རྒྱས་གཏོང་བར་ཚད་མཐོའི་མཐོང་ཆེན་གནང་སྟེ། རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གཉིས་པ་བསྡུ་བར་བཀོད་སྒྲིག་གནང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མི་རིགས་བྱ་བར་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་སྐོར་གྱི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། མཐུན་སྒྲིལ་འབད་འཐབ་རྒྱུན་འཁྱོངས་བྱེད་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བསྐྲུན་པའི་ལག་ལེན་པ་ཡག་པོ་བྱེད་པ། ལུས་རྩལ་འགྲན་ཚོགས་དེ་རིགས་སོ་སོའི་མཉམ་སྤྲོའི་ཚོགས་ཆེན་དང་ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ་བའི་ཚོགས་འདུ་གཟབ་རྒྱས་ཤིག་བསྡུ་དགོས། བདེན་སྲུང་གསར་སྐྲུན་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དར་སྤེལ་གཏོང་མཁན་ཡག་པོ་ཞིག་བྱས་ནས། ལུས་རྩལ་འགྲན་ཚོགས་དེ་ཀྲུང་ཧྭའི་རིག་གནས་དང་ཀྲུང་ཧྭའི་དཔལ་ཡོན་ཕྱོགས་ཡོངས་ནས་མངོན་པའི་ཚོགས་འདུ་གཟབ་རྒྱས་ཤིག་ཏུ་འགྱུར་བར་བྱེད་དགོས། མི་སེམས་གཅིག་སྒྲིལ་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འཛུགས་སྐྲུན་མཁན་བཟང་པོ་བྱས་ནས། ལུས་རྩལ་འགྲན་ཚོགས་དེ་ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་མི་སེམས་གཅིག་ཏུ་སྒྲིལ་བ། དམངས་སེམས་ལ་སྐུལ་མ་གཏོང་བའི་འདུ་ཚོགས་གཟབ་རྒྱས་ཤིག་ཏུ་སྒྲུབ་ནས། རིགས་སོ་སོའི་མང་ཚོགས་ཀྱིས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་ཆེད་མཉམ་དུ་འབད་འཐབ་བྱ་རྒྱུར་སྐུལ་མ་གཏོང་དགོས།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ཧྲི་ཐའེ་ཧྥིན་འགོ་རྩོམ་མཛད་སྒོར་ཞུགས། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་གཞོན་པ། རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཧྥན་ཡུའེ་ཡིས་འགོ་རྩོམ་མཛད་སྒོའི་སྟེང་ཤིས་ཚིག་ཕུལ་བ་དང་། ཧའེ་ནན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་ཧྥིན་ཧྥེ་ཡིས་དགའ་བསུ་ཞུ་བའི་ཤིས་ཚིག་ཕུལ། རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུའུ་ཡི་ཅུའུ་ཀྲང་ཀའོ་ཀྲི་ཏན་གྱིས་འགོ་རྩོམ་མཛད་སྒོར་འགོ་འཛིན་བྱས།
སྐབས་འདིའི་ལུས་རྩལ་འགྲན་ཚོགས་འཚོགས་ཡུན་ཉིན9ཡིན་པ་དང་། རིགས་སོ་སོའི་ལུས་རྩལ་པ6960འགྲན་སྡུར་རྣམ་གྲངས18དང་འཁྲབ་སྟོན་རྣམ་གྲངས170ཡི་འགྲན་སྡུར་ལ་ཞུགས་རྒྱུ་རེད། ལུས་རྩལ་འགྲན་ཚོགས་ཀྱི་སྐབས་སུ་ད་དུང་མི་རིགས་མཉམ་སྤྲོ་སོགས་རིག་གནས་བྱེད་སྒོ་སྤེལ་རྒྱུ་རེད།
ཤ་བོ་རིན་མཚོས་བསྒྱུར།