ཝང་དབྱི་ཡིས་ལུ་ཙེམ་པོག་གི་དབུ་བཞུགས་བློན་ཆེན་་གཞོན་པ་དང་ཕྱི་འབྲེལ་བློན་ཆེན་པེ་ཐའེ་ཨར་ལ་གྲོས་མོལ་བྱས།
2024.11.26 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 29

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་ཝང་དབྱི་ཡིས་ཚེས25ཉིན་པེ་ཅིང་ནས་ལུ་ཙེམ་པོག་གི་དབུ་བཞུགས་བློན་ཆེན་གཞོན་པ་དང་ཕྱི་འབྲེལ་བློན་ཆེན་པེ་ཐའེ་ཨར་ལ་གྲོས་མོལ་བྱས།

ཝང་དབྱི་ཡིས་བཤད་རྒྱུར། ལུ་ཙེམ་པོག་ནི་ཀྲུང་གོའི་མཉམ་ལས་གྲོགས་པོ་གལ་ཆེན་ཡིན། མིག་སྔར་རྒྱལ་སྤྱིའི་གནས་བབ་འོག ཀྲུང་གོ་དང་ལུ་ཙེམ་པོག་གི་མཉམ་ལས་ཀྱི་གཏམ་རྒྱུད་བཟང་བོས་གྲོས་མོལ་བྱེད་པ་ལས་འགྲན་རྒོལ་མི་བྱེད་པ་དང་། སྒོ་འབྱེད་བྱེད་པ་ལས་བཀག་སྡོམ་མི་བྱེད་པ། མཉམ་འབྲེལ་བྱེད་པ་ལས་ཁ་བྲལ་མི་བྱེད་པ་ནི་ཐབས་ལམ་ཡང་དག་ཡིན་པ་གསལ་བཤད་གང་ལེགས་བྱས་ཡོད་ལ། ཐུན་མོང་འཕེལ་རྒྱས་དང་འཛམ་གླིང་ཧྲིལ་བོའི་འགྲན་རྩོད་ལ་ཁ་གཏད་ནུས་ལྡན་བྱེད་པར་ཕན་པ་ཆེན་པོ་ཡོད། སང་ལོ་ནི་ཀྲུང་གོ་དང་ཡོ་རོབ་གླིང་བར་འབྲེལ་བ་བཙུགས་ནས་ལོ་ལྔ་བཅུ་འཁོར་བའི་ལོ་ཡིན། ཀྲུང་གོ་དང་ཡོ་རོབ་གླིང་ནི་གྲོགས་པོ་ཡིན་པ་ལས་དོ་ཟླ་མིན་པས། ཀྲུང་གོས་ལུ་ཙེམ་པོག་དང་མཉམ་དུ་འབད་འཐབ་བྱས་ནས། ཀྲུང་གོ་དང་ཡོ་རོབ་གླིང་གི་འབྲེལ་བ་རྒྱུན་མཐུད་དང་བདེ་ཐང་ངང་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་འདོད་ཡོད།

པེ་ཐའེ་ཨར་གྱིས་བསྟན་དོན། ལུ་ཙེམ་པོག་ཡིས་ཀྲུང་གོ་གཅིག་གི་སྲིད་ཇུས་ལ་བརྩི་མཐོང་བྱེད་ཀྱིན་ཡོད་པ་དང་། ཀྲུང་གོ་བར་དུ་མཉམ་ལས་སྔར་ལས་དམ་ཟབ་སྤེལ་ནས། ཀྲུང་གོ་དང་ཡོ་རོབ་གླིང་བར་གྱི་སྒོ་འབྱེད་མཉམ་ལས་ཀྱི་སྒོ་མོ་བྱེད་རྒྱུར་རེ་སྒུག་བྱེད་ཀྱིན་ཡོད།

རིན་ཆེན་མཚོས་བསྒྱུར།