ཚེས25ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལ་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏེན་ཞུའེ་ཞང་གིས་པེ་ཅིང་དུ་ལུ་ཙེམ་པོག་གི་དབུ་བཞུགས་བློན་ཆེན་གཞོན་པ་པེ་ཐེ་ཨར་ལ་མཇལ་འཕྲད་གནང་།
ཏིང་ཞུའེ་ཞང་གིས་ཀྲུང་གོ་དང་ལུ་ཙེམ་པོག་ནི་རྒྱལ་ཁབ་ཆེ་ཆུང་འཆམ་མཐུན་མཉམ་གནས་དང་མཉམ་ལས་གཉིས་ཕན་གྱི་དཔེ་མཚོན་ཞིག་ཡིན། ཀྲུའུ་ཞི་ཞི་ཅིན་ཕིང་དང་ལུ་ཙེམ་པོག་གི་འགོ་ཁྲིད་པའི་འཐབ་ཇུས་ཀྱི་སྣེ་ཁྲིད་འོག ཕྱོགས་གཉིས་བར་གྱི་འབྲེལ་བར་འཕེལ་རྒྱས་ཀྱི་གནས་བབ་བཟང་པོ་སྲུང་འཛིན་བྱས་ཡོད་ལ། ཁྱབ་ཁོངས་ཁག་གི་མཉམ་ལས་ལ་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་ཡོད། ཀྲུང་གོ་ཕྱོགས་ཀྱིས་ལུ་ཙེམ་པོག་དང་མུ་མཐུད་དུ་ཕན་ཚུན་རྒྱབ་སྐྱོར་བྱེད་པའི་གྲོགས་པོ་ཡག་པོ་དང་འཕེལ་རྒྱས་མཉམ་དུ་དོན་གཉེར་བྱེད་པའི་གྲོགས་པོ་ཡག་པོ་ཞིག་བྱས་ཏེ། “ མཁའ་ལམ་གྱི་དར་གོས་ཚོང་ལམ”དང་། ཐོན་ལས་ཕྲེང་སྦྲེལ་དང་མཁོ་སྤྲོད་ཕྲེང་སྦྲེལ། ཚན་རྩལ་གསར་སྐྲུན། ལྗང་མདོག་ཕྱོགས་སྒྱུར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་མུ་མཐུད་དུ་གཏིང་ཟབ་ཏུ་གཏོང་བ་དང་། སྲུང་སྐྱོབ་རིང་ལུགས་ལ་མཉམ་དུ་ངོ་རྒོལ་བྱེད་པ། ཀྲུང་གོ་དང་ལུ་ཙེམ་པོག་དང་། ཀྲུང་གོ་དང་ཡོ་རོབ་ཀྱིས་སྒོ་འབྱེད་ཁྲོད་གོ་སྐབས་དང་ཁེ་ཕན་མཉམ་སྤྱོད་བྱེད་པར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ཐུན་མོང་གི་འཕེལ་རྒྱས་མངོན་འགྱུར་བྱེད་འདོད་ཡོད་ཅེས་བསྟན།
པེ་ཐེ་ཨར་གྱིས་ལུ་ཙེམ་པོག་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་ལས་ཀྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གསར་གཏོད་བྱེད་པར་གཞོལ་ནས་དངུལ་རྩ་དང་། ཟོག་འགྲེམས། ནུས་ཁུངས་གསར་པ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་བསྣན་ཏེ། ཡོ་རོབ་དང་ཀྲུང་གོའི་བར་གྱི་མཉམ་ལས་ལ་སྐུལ་འདེད་གཏོང་ཆེད་དགེ་མཚན་ལྡན་པའི་ནུས་པ་འདོན་རྒྱུ་ཡིན་ཞེས་བསྟན།
སྒྲོལ་མ་སྐྱིད་ཀྱིས་བསྒྱུར།