ཟླ11ཚེས25ཉིན། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ལིའུ་མཱེ་ཕིང་གིས་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུར་མགོ་འཛིན་བྱས་ནས་སྐོར་ཞིབ་དག་ཐེར་ལྟ་སྐུལ་ལས་དོན་ལ་ཆེད་དོན་ཞིབ་འཇུག་བྱས། ཚོགས་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་སྐོར་ཞིབ་དག་ཐེར་དང་གྲུབ་འབྲས་བེད་སྤྱོད་བྱ་རྒྱུའི་སྐོར་གྱི་མཆན་འགོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་། ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་བླང་བྱར་སློབ་སྦྱོང་བྱས་ཤིང་། སྐབས་བཅུ་བཞི་པའི་ཞིང་ཆེན་ཏང་ཨུའི་རེས་སྐོར་ལྔ་པའི་སྐོར་ཞིབ་ཚུར་ལན་དང་དག་ཐེར་ལྟ་སྐུལ་གྱི་འགན་འཁྲི་བསྒྲུབས་པའི་གནས་ཚུལ་ཡར་ཞུ་བྱས་པར་ཉན་པར་མ་ཟད། གོ་རིམ་རྗེས་མའི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་ཀྱི་དག་ཐེར་ལྟ་སྐུལ་བྱ་བར་བཀོད་སྒྲིག་བྱས།
གྲོས་ཚོགས་ནས་ནན་གྱིས་བསྟན་དོན། སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས《ཀྲུང་གོ་གུང་ཁྲན་ཏང་གི་སྐོར་ཞིབ་བྱ་བའི་སྲོལ་ཡིག》སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། “སྲུང་སྐྱོང་གཉིས”དོན་འཁྱོལ་བྱ་རྒྱུ་དེ་སྐོར་ཞིབ་དག་ཐེར་ལེགས་སྒྲིག་བྱེད་པའི་འགོ་ཚུགས་ས་དང་རྐང་འཛུགས་སར་བརྩིས་ཏེ། རང་རྟོགས་ཀྱིས་སྐོར་ཞིབ་དག་ཐེར་ལེགས་སྒྲིག་ལྟ་སྐུལ་གྱི་ཆབ་སྲིད་འགན་འཁྲི་ཕྲག་ཏུ་འཁུར་དགོས་པ་དང་། སྐོར་ཞིབ་དག་ཐེར་ལེགས་སྒྲིག་བྱེད་པར་སྐུལ་འདེད་གཏོང་རྒྱུ་དེ་ཆབ་སྲིད་ཀྱི་ལྟ་སྐུལ་དང་རྒྱུན་ལྡན་གྱི་ལྟ་སྐུལ་གཏིང་ཟབ་ཏུ་བྱེད་པའི་གཙོ་གནད་དུ་བཟུང་ནས་སྒྲིག་ཁྲིམས་ལྟ་སྐུལ་དང་། ལྟ་ཞིབ་ལྟ་སྐུལ། མངགས་གཏོང་ལྟ་སྐུལ། སྐོར་ཞིབ་ལྟ་སྐུལ་བཅས་གཅིག་གྱུར་འཆར་འགོད་དང་འབྲེལ་མཐུད་ཡོང་བར་བྱས་ཏེ། རྩིས་བཤེར་ལྟ་སྐུལ་དང་། ནོར་དོན་རྩིས་གཉེར་ལྟ་སྐུལ། སྐོར་ཞིབ་བྱེད་ཡུལ་ཏང་རྩ་འཛུགས་ཀྱི་སྐོར་ཞིབ་དག་ཐེར་ལེགས་སྒྲིག་མཉམ་འགུལ་བཅས་ལ་སྐུལ་འདེད་བཏང་སྟེ། སྐོར་ཞིབ་དག་ཐེར་ལྟ་སྐུལ་གྱི་མཉམ་ཤུགས་ཆགས་པར་བྱེད་དགོས།
གྲོས་ཚོགས་ནས། ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་ལྟ་སྐུལ་ཞིབ་བཤེར་ཁང་གིས་སྐོར་ཞིབ་བྱེད་ཡུལ་ཏང་རྩ་འཛུགས་ཀྱི་“འགོ་ཁྲིད་པ་གཙོ་བོ”དང་འགོ་ཁྲིད་ཚན་ཁག་གི་ཁོངས་མིར་དམ་པོར་དམིགས་པ་དང་། དབང་ཆ་དང་འགན་འཁྲིར་དམ་པོར་དམིགས་པ། མང་ཚོགས་ཀྱིས་བསམ་འཆར་ཆེན་པོ་འདོན་པའི་གནད་དོན་འབུར་ཐོན་ཅན་ལ་དམ་པོར་དམིགས་པ་བཅས་བྱས་ཏེ། སྐོར་ཞིབ་བྱེད་ཡུལ་ལས་ཁུངས་ཀྱི་སྐོར་ཞིབ་དག་ཐེར་གྱི་ཇུས་གཞིར་ཞིབ་བཤེར་གཏན་འབེབས་ནན་ཏན་བྱེད་དགོས་པ་དང་། འགུལ་རྣམ་ལྟ་ཞིབ་ཚད་ལེན་དང་དཔྱད་འཇོག་རྒྱུན་འཁྱོངས་དང་། སྐོར་ཞིབ་དག་ཐེར་བྱེད་པའི་བརྒྱུད་རིམ་ཧྲིལ་པོར་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་སྟེ། དག་ཐེར་ལེགས་སྒྲིག་ཏན་ཏིག་བྱ་དགོས། ལྟ་སྐུལ་བྱེད་ཐབས་གང་ལེགས་སྤྱོད་པ་དང་།“ལྟ་སྐུལ་བཞི”དང་། རྩིས་བཤེར། ནོར་དོན་རྩིས་གཉེར་ ལྟ་སྐུལ་བཅས་འབྲེལ་མཐུད་བྱེད་ཤུགས་ཆེ་རུ་བཏང་སྟེ། ལྟ་སྐུལ་གྱི་མཉམ་ཤུགས་ཆགས་པར་སྐུལ་འདེད་གཏོང་དགོས། གྱོད་གཞི་ཞིབ་གཅོད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྒྲིག་སྲོལ་དང་སྒྲིག་ཁྲིམས། བཅའ་ཁྲིམས་ལྟར་སྐོར་ཞིབ་རྩིས་སྤྲོད་བྱས་པའི་གནད་དོན་གྱི་ཁུངས་སྣེ་ཐག་གཅོད་བྱེད་པ་དང་། ཟིལ་གནོན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། སྐོར་ཞིབ་དག་ཐེར་ལ་ཕན་འབྲས་དངོས་ཐོན་པར་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན། །
འབྲུག་མོས་བསྒྱུར།