ཚེས28ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་ཕྱི་འབྲེལ་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་ཝང་དབྱི་ཡིས་པེ་ཅིང་དུ་ཁམ་ཕུ་ཁྲེ་ཡི་དབུ་བཞུགས་བློན་ཆེན་གཞོན་པ། ཕྱི་འབྲེལ་བློན་ཆེན་ཟུར་པ། མི་དམངས་ཏང་ཀྲུང་དབྱང་ཕྱི་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་པུའུ་ལཱ་སུའོ་ཁུན་ལ་ཐུག་འཕྲད་བྱས།
ཝང་དབྱི་ཡིས་ཀྲུང་གོ་དང་ཁམ་ཕུ་ཁྲེའི་བར་གྱི་མཛའ་མཐུན་འབྲེལ་བར་རྒྱལ་སྤྱིའི་གནས་བབ་འགྱུར་ལྡོག་གི་ཉམས་སད་ཐེག་ཤིང་ལོ་རྒྱུས་ཡུན་རིང་ལྡན་ཡོད། རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་པའི་འཐབ་ཇུས་ཀྱི་སྣེ་ཁྲིད་འོག ཀྲུང་གོ་དང་ཁམ་ཕུ་ཁྲེའི་བར་གྱི་མཛའ་མཐུན་འབྲེལ་བ་དུས་མཚམས་གསར་པར་སླེབས་ཡོད། ཀྲུང་གོས་ཁམ་ཕུ་ཁྲེ་དང་མཐོ་རིམ་བར་གྱི་འགྲོ་འོང་ཇེ་ཟབ་ཏུ་གཏོང་བ་དང་། དུས་རབས་གསར་པའི་ཀྲུང་གོ་དང་ཁམ་ཕུ་ཁྲེའི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་བ། ཀྲུང་གོ་དང་ཁམ་ཕུ་ཁྲེའི་ཆུ་ཚད་མཐོ་བའི་འཐབ་ཇུས་མཉམ་ལས་ཀྱིས་ཉེན་ཁའི་འགྲན་སློང་ལ་ཁ་གཏད་འཇལ་བ། རྒྱལ་ཁབ་གཉིས་ཀྱི་ལུགས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་པ། ས་ཁུལ་གྱི་ཞི་བདེ་དང་བརྟན་བརླིང་ལ་སྐུལ་འདེད་གཏོང་འདོད་ཡོད་ཅེས་བསྟན།
པུའུ་ལཱ་སོ་ཁུན་གྱིས་ཁམ་ཕུ་ཁྲེ་ཡིས་ཀྲུང་གོར་མཛའ་མཐུན་གྱི་སྲིད་ཇུས་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱས་ཏེ། ཀྲུང་གོ་ཕྱོགས་དང་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་ཇེ་ཟབ་ཏུ་གཏོང་བ་དང་། དངོས་སྒྲུབ་མཉམ་ལས་ལ་སྐུལ་འདེད་གཏོང་བ། ཕྱི་འབྲེལ་མཐུན་སྦྱོར་ལ་ཤུགས་སྣོན་པ་བཅས་བྱས་ཏེ། ཁམ་ཕུ་ཁྲེ་དང་ཀྲུང་གོའི་བར་གྱི་མཛའ་མཐུན་འབྲེལ་བ་རྒྱུན་ཆད་མེད་པར་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་འདོད་ཡོད་ཅེས་བསྟན།
སྒྲོལ་མ་སྐྱིད་ཀྱིས་བསྒྱུར།