ཟླ12ཚེས3ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏིན་ཞུའེ་ཞང་པེ་ཅིང་དུ་ཧི་ལེའང་ཧི་ལིས་ཐེབས་རྩའི2024ལོའི་བྱ་དགའ་སྤྲོད་པའི་ཚོགས་ཆེན་ལ་ཞུགས་པར་མ་ཟད་གསུང་བཤད་གནང་།
ཚེས3ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏིན་ཞུའེ་ཞང་པེ་ཅིང་དུ་ཧི་ལེའང་ཧི་ལིས་ཐེབས་རྩའི2024ལོའི་བྱ་དགའ་སྤྲོད་པའི་ཚོགས་ཆེན་ལ་ཞུགས་པར་མ་ཟད་གསུང་བཤད་གནང་།
ཏིན་ཞུའེ་ཞང་གིས་བསྟན་དོན། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འགག་རྩ་ནི་ཚན་རྩལ་དེང་རབས་ཅན་དུ་འགྱུར་བར་ཐུག་ཡོད་ལ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་ཕྱོགས་ཡོངས་ནས་བསྐྲུན་པའི་འགག་རྩ་ནི་ཚན་རྩལ་རང་སྟོབས་རང་སྤེལ་བྱེད་པར་ཐུག་ཡོད། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་ཚན་རྩལ་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས། 2035ལོར་ཚན་རྩལ་གྱི་རྒྱལ་ཁབ་སྟོབས་ལྡན་བསྐྲུན་པའི་འཐབ་ཇུས་དམིགས་འབེན་གཏན་འཁེལ་བྱེད་པ་དང་། ཡུན་རིང་འབད་བརྩོན་ལྷོད་མེད་བྱེད་པའི་ཆོད་སེམས་བརྟན་པོ་དང་ཞུམ་མེད་ཀྱི་བློ་སྟོབས་ལ་བརྟེན་ནས་ཆུ་ཚད་མཐོ་བའི་ཚན་རྩལ་རང་སྟོབས་རང་སྤེལ་བྱེད་པ་མགྱོགས་མྱུར་ངང་མངོན་འགྱུར་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་ཚན་རྩལ་གྱི་འདེགས་སྐྱོར་བརྟན་པོ་འདོན་སྤྲོད་བྱེད་དགོས།
ཏིན་ཞུའེ་ཞང་གིས་ནན་གྱིས་བསྟན་དོན། ཚན་རྩལ་བྱ་བ་སྒྲུབ་མཁན་ནི་ཚན་རྩལ་གྱི་ རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་པའི་གཙོ་ཤུགས་དམག་ཡིན་པས། དུས་རབས་གསར་བའི་སྐྱོད་ལམ་གསར་བའི་སྟེང་གདོང་མཆོང་སྔོན་སྐྱོད་དང་། འགན་འཁྲི་ལྕི་མོ་འཁུར་ཕོད་པ་བྱས་ཏེ། འབད་བརྩོན་ཆེན་པོས་ལོ་རྒྱུས་ཀྱི་རྒྱུན་ལེགས་པོར་སྐྱོང་དགོས། ཚན་རིག་དང་མཐུན་པའི་སྙིང་སྟོབས་ཤུགས་ཆེན་པོས་དར་སྤེལ་བཏང་སྟེ། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བའི་ཁྲོད་མི་ཚེའི་རིན་ཐང་མངོན་པར་བྱེད་དགོས། ཚན་རྩལ་གྱི་མདུན་གྲལ་ཁྱབ་ཁོངས་འཚོལ་ཞིབ་ལེགས་པོ་བྱས་ཏེ། མདུན་ལྗོངས་རང་བཞིན་གྱི་རྨང་གཞིའི་ཞིབ་འཇུག་དང་སྣེ་ཁྲིད་རང་བཞིན་གྱི་གསར་གཏོད་གྲུབ་འབྲས་ཐོད་བརྒལ་ཆེན་པོ་ཡོང་བ་བྱེད་དགོས། འགག་རྩའི་ལྟེ་བའི་ལག་རྩལ་འགག་སྒྲོལ་བྱེད་ཕོད་པ་བྱས་ཏེ། ཚན་རྩལ་གྲུབ་འབྲས་དེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཀྱི་རླབས་ཆེན་ལས་དོན་ཁྲོད་བཀོལ་སྤྱོད་བྱེད་དགོས། ཆུ་ཚད་མཐོ་བའི་ཚན་རྩལ་ཤེས་ལྡན་མི་སྣ་ཧུར་ཐག་གིས་གསོ་སྐྱོང་བྱས་ཏེ། རང་རྒྱལ་གྱི་ཚན་རྩལ་ལས་དོན་གཅིག་རྒྱུན་གཅིག་འཛིན་དང་རྒྱུན་འཛིན་མཁན་ཡོད་པར་བྱེད་དགོས། འབྲེལ་ཡོད་སྡེ་ཁག་གིས་མཁོ་སྒྲུབ་པུའུ་ཀྲང་ཡག་པོ་བྱེད་པ་དང་། སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། ཞབས་ཞུ་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ། ཚན་རྩལ་བྱ་བ་སྒྲུབ་མཁན་གྱིས་བློ་གཅིག་སེམས་གཅིག་གིས་ཞིབ་འཇུག་བྱེད་པར་ཁོར་ཡུག་བཟང་པོ་བསྐྲུན་དགོས།
ད་ལོ་ནི་ཧི་ལེའང་ཧི་ལིས་ཐེབས་རྩ་བཙུགས་ནས་ལོ30འཁོར་བའི་ལོ་རེད། ལོ30ཡི་རིང་ལ། ཚན་རྩལ་བྱ་བ་སྒྲུབ་མཁན1638ལ་བྱ་དགའ་གནང་བ་རེད། 2024ལོའི་ལོ་འཁོར་གྱི་ཧི་ལེའང་ཧི་ལིས་ཐེབས་རྩའི“ཚན་རིག་དང་ལག་རྩལ་གྲུབ་འབྲས་བྱ་དགའ”དེ་རྩི་ཤིང་ཆ་རྡུལ་གྱི་རྒྱུན་འཛིན་པ་ཡོན་ཧྲི་ལི་ཅ་དབྱང་ལ་སྤྲད་པ་དང་། ཚན་རྩལ་བྱ་བ་སྒྲུབ་མཁན55ལ“ཚན་རིག་དང་ལག་རྩལ་ཡར་ཐོན་བྱ་དགའ”དང“ཚན་རིག་དང་ལག་རྩལ་གསར་གཏོད་བྱ་དགའ”ཐོབ་པ་རེད། བློ་བཟང་རྒྱལ་མཚན་དང་ཝང་ཀོང་ཆན་ཚོགས་ཆེན་ལ་ཞུགས།
སྒྲོལ་མ་སྐྱིད་ཀྱིས་བསྒྱུར།