ཀྲའོ་ལི་ཅི་ཡིས་ཁམ་ཕུ་ཁྲེའི་མི་དམངས་ཏང་གི་ཀྲུའུ་ཞི། གྲོས་ཞུགས་ཁང་གི་ཀྲུའུ་ཞི་ཧུང་སིན་ལ་མཇལ་འཕྲད་གནང་།
2024.12.05 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 26

ཟླ12ཚེས4ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་པེ་ཅིང་དུ་ཁམ་ཕུ་ཁྲེའི་མི་དམངས་ཏང་གི་ཀྲུའུ་ཞི། གྲོས་ཞུགས་ཁང་གི་ཀྲུའུ་ཞི་ཧུང་སིན་ལ་མཇལ་འཕྲད་གནང་།

ཚེས4ཉིན་གྱི་སྔ་དྲོར།  ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་པེ་ཅིང་དུ་ཁམ་ཕུ་ཁྲེའི་མི་དམངས་ཏང་གི་ཀྲུའུ་ཞི། གྲོས་ཞུགས་ཁང་གི་ཀྲུའུ་ཞི་ཧུང་སིན་ལ་མཇལ་འཕྲད་གནང་།

ཀྲའོ་ལི་ཅི་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཀྲུའུ་ཞི་ཧུང་སིན་རྣམ་གཉིས་ཀྱི་འཐབ་ཇུས་ཀྱི་སྣེ་ཁྲིད་འོག ཀྲུང་གོ་དང་ཁམ་ཕུ་ཁྲེའི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་རྒྱུ་དེ་སྤུས་ཚད་མཐོ་བ་དང་། ཆུ་ཚད་མཐོ་བ། ཚད་གཞི་མཐོ་བ་བཅས་ཀྱི་དུས་རབས་གསར་པར་སླེབས་ཡོད། ཀྲུང་གོས་ཁམ་ཕུ་ཁྲེའི་ཕྱོགས་དང་མཉམ་དུ་ཏང་གཉིས་ཀྱི་ཆེས་མཐོའི་འགོ་ཁྲིད་པའི་བར་བཞག་པའི་ཐུན་མོང་ངོས་འཛིན་གལ་ཆེན་གཞིར་བཟུང་སྟེ། བློ་བརྟན་འགྱུར་མེད་ངང་ཕན་ཚུན་རྒྱབ་སྐྱོར་དང་། དངོས་སྒྲུབ་མཉམ་ལས་ཟབ་སྤེལ། མི་ཆོས་བརྗེ་རེས་རྒྱ་བསྐྱེད་པ་བཅས་བྱས་ཏེ། ཀྲུང་གོ་དང་ཁམ་ཕུ་ཁྲེའི་བར་གྱི་འབྲེལ་བར་འཕེལ་རྒྱས་གསར་པ་སྔར་ལས་ཆེན་པོ་བྱུང་བར་སྐུལ་འདེད་གཏོང་འདོད་ཡོད། ཀྲུང་གོའི་རྒྱལ་ཡོངས་ དམངས་འཐུས་ཚོགས་ཆེན་གྱིས་ཁམ་ཕུ་ཁྲེའི་གྲོས་ཞུགས་ཁང་དང་རྒྱལ་ཚོགས་དང་བརྗེ་རེས་མཉམ་ལས་ལ་ཤུགས་བསྣན་ནས། ཀྲུང་གོ་དང་ཁམ་ཕུ་ཁྲེའི་ལས་དབང་གཅིག་མཐུན་ ཚོགས་པ་འཛུགས་པར་ལེགས་སྐྱེས་འབུལ་འདོད་ཡོད་ཅེས་བསྟན།

ཧུང་སིན་གྱིས་ཀྲུང་གོས་ཐོག་མཐའ་བར་གསུམ་དུ་ཁམ་ཕུ་ཁྲེར་འདྲ་མཉམ་གྱི་ལྟ་སྟངས་འཛིན་པ་དང་ཁམ་ཕུ་ཁྲེར་ཐོག་མཐའ་བར་གསུམ་དུ་བརྩི་འཇོག་བྱེད་ཀྱིན་ཡོད། ཁམ་ཕུ་ཁྲེ་དང་ཀྲུང་གོའི་བར་གྱི་མཉམ་ལས་དེ་ཁམ་ཕུ་ཁྲེའི་དཔལ་འབྱོར་འཕེལ་རྒྱས་དང་དབུལ་ཕོངས་སེལ་བར་དོན་སྙིང་གལ་ཆེན་ལྡན་ཡོད། ཁམ་ཕུ་ཁྲེས་ཀྲུང་གོ་ཕྱོགས་དང་རྒྱལ་ཁབ་གཉིས་ཀྱི་ཕྱོགས་ཡོངས་ཀྱི་མཛའ་མཐུན་མཉམ་ལས་ཇེ་ཟབ་ཏུ་བཏང་ནས། ཁམ་ཕུ་ཁྲེ་དང་ཀྲུང་གོའི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་བློ་བརྟན་འགྱུར་མེད་སྒོས་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བསྟན།

ཞུའེ་ཁེ་ལའེ་ཐི་·ཀྲ་ཁི་ཨར་མཇལ་འཕྲད་ལ་ཞུགས།

སྒྲོལ་མ་སྐྱིད་ཀྱིས་བསྒྱུར།