ཞིང་ཆེན་སྲིད་གཞུང་དང་ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱི་མཉམ་འབྲེལ་གྲོས་ཚོགས་ཐེངས་བཅུ་དགུ་པ་བསྡུས།
2024.12.05 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 41

 ཟླ12ཚེས3ཉིན། ཞིང་ཆེན་སྲིད་གཞུང་དང་ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱི་མཉམ་འབྲེལ་ཚོགས་འདུ་ཐེངས19པ་ཟི་ལིང་དུ་བསྡུས།  ཚོགས་འདུའི་ཐོག2024ལོའི་བཟོ་ཚོགས་ཀྱི་བྱ་བའི་གནས་ཚུལ་བརྡ་ཁྱབ་བཏང་བ་དང་། ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱིས་བཏོན་པའི《ལས་ཞུགས་ཀྱི་རྣམ་པ་གསར་པའི་ངལ་རྩོལ་པའི་ཁེ་དབང་སྲུང་སྐྱོང་དང་ཞབས་ཞུའི་ལས་དོན་ལ་སྔར་ལས་ཤུགས་སྣོན་པའི་སྐོར་གྱི་གྲོས་གཞི》ལ་གྲོས་ཞིབ་དང་ཞིབ་འཇུག་བྱས། ཧྲིན་ཀྲང་གཞོན་པ་ཝང་ཧའེ་ཧུང་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད།

ཚོགས་འདུའི་ཐོག་ཉེ་བའི་ལོ་ཤས་རིང་། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་བཟོ་ཚོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཟོ་པའི་གྲལ་རིམ་དང་བཟོ་ཚོགས་ལས་དོན་སྐོར་གྱི་ རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། ཏང་གིས་ལས་བཟོ་པ་དང་མང་ཚོགས་ལ་འབྲེལ་གཏུག་དང་ཞབས་འདེགས་ཞུ་བའི་འབྲེལ་ཟམ་ལྟ་བུའི་ནུས་པ་འདོན་སྤེལ་ལེགས་པོ་བྱས་པ་དང་། ལས་བཟོ་པའི་བསམ་བློ་དང་ཆབ་སྲིད་ཀྱི་ཁྲིད་སྟོན་ལ་ཕན་འབྲས་ཐོན་པར་སྐུལ་འདེད་ཆེན་པོ་བཏང་ཞིང་། ཞབས་ཞུའི་ལྟེ་གནས་ཀྱི་སྤྱི་ཡོངས་ལ་གྲུབ་འབྲས་ཐོབ་པ་དང་ཁེ་དབང་སྲུང་སྐྱོང་ཞབས་ཞུའི་གཞི་རྩའི་འགན་འཁྲི་ལག་བསྟར་བྱེད་པར་གྲུབ་འབྲས་ཐོབ་ནས།  ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་ཆེད་དགེ་མཚན་ལྡན་པའི་ལེགས་སྐྱེས་ཕུལ་ཡོད་ཅེས་བསྟན།

ཚོགས་འདུའི་ཐོག་རིམ་པ་སོ་སོའི་བཟོ་ཚོགས་ཀྱིས་ཏང་གིས་ལས་བཟོ་པ་དང་མང་ཚོགས་ལ་འབྲེལ་གཏུག་དང་ཞབས་འདེགས་ཞུ་བའི་ཟམ་པ་དང་འབྲེལ་ཐག་ལྟ་བུའི་བཟོ་ཚོགས་ཀྱི་ནུས་པ་འདོན་སྤེལ་ལེགས་པོ་བྱས་ཏེ། ལས་བཟོ་པའི་བསམ་བློ་དང་ཆབ་སྲིད་ཀྱི་ཁྲིད་སྟོན་དང་། སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད། ཐོན་ལས་བཟོ་པའི་དཔུང་སྡེ་འཛུགས་སྐྲུན་དང་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བ་བཅས་ཀྱི་ཐད་བྱས་རྗེས་སྔར་ལས་ཆེན་པོ་བཞག་ནས། ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་ལས་བཟོ་པ་དང་མང་ཚོགས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པར་ཡང་བསྐྱར་བྱས་རྗེས་གསར་པ་འཇོག་དགོས། བཟོ་ཚོགས་ཀྱི་ཁེ་དབང་སྲུང་སྐྱོང་དང་ཞབས་འདེགས་ཞུ་བའི་འགན་ནུས་འདོན་སྤེལ་ལེགས་པོ་བྱས་ཏེ། མཉམ་ཤུགས་ཆགས་པ་དང་། སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་བ། གཙོ་གནད་གནད་དོན་ཐག་གཅོད་བཅས་ཀྱི་ཐད་ལ་འབད་བརྩོན་བྱས་ནས། ལས་ཞུགས་ཀྱི་རྣམ་པ་གསར་པའི་ངལ་རྩོལ་པ་རྣམས་ཀྱི་བློ་བདེ་ཞིང་བག་ཕེབས་ཀྱི་བྱ་བ་ལེགས་པོར་སྒྲུབ་དགོས།  མཉམ་འབྲེལ་གྲོས་ཚོགས་ཀྱི་ལམ་སྲོལ་གྱི་ནུས་པ་འདོན་སྤེལ་ལེགས་པོ་བྱས་ཏེ། ཆབ་སྲིད་ཀྱི་ལངས་གནས་མཐོ་རུ་གཏོང་བ་དང་། བསམ་བློ་དང་བྱ་སྤྱོད་ཀྱི་རང་རྟོགས་ཇེ་དྲག་ཏུ་གཏོང་བ། རང་འགུལ་ངང་འབྲེལ་གཏུག་དང་མཐུན་སྦྱོར་བྱེད་པ།  མཚོན་བྱེད་ཐབས་ལམ་རྒྱུན་ཆད་མེད་པར་ལེགས་བཅོས་བྱེད་པ།  རྒྱབ་སྐྱོར་དང་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས། བཟོ་ཚོགས་ཀྱི་ལས་དོན་ལ་ཁོར་ཡུག་བཟང་པོ་ཞིག་བསྐྲུན་པ་དང་། དུས་རབས་གསར་པའི་བཟོ་ཚོགས་ཀྱི་ལས་དོན་ལ་ཕན་འབྲས་གསར་པ་ཐོབ་པར་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱེད་དགོས་ཞེས་ནན་གྱིས་བསྟན།

སྒྲོལ་མ་སྐྱིད་ཀྱིས་བསྒྱུར།