ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧི་ལིས་ཧྥིུན་གྱིས་ཚེས4ཉིན་མི་དམངས་ཚོགས་ཁང་ཆེན་མོ་རུ་ཨ་མེ་རི་ཁའི་ཀའོ་ཧྲིན་སྡེ་ཚོགས་ཀྱི་སྤྱི་འདོམས་པ། དབུ་བཞུགས་ཚོང་གཉེར་དཔོན་ཝུན་ཙི་ཨིན་ལ་མཇལ་འཕྲད་གནང་སྐབས་བསྟན་དོན། ཀྲུང་གོས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ་དང་། ཕྱོགས་ཡོངས་ནས་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་བའི་བྱ་ཐབས་གལ་ཆེན་ལ་སྐུལ་འདེད་བརྟན་པོ་གཏོང་བ། རྒྱུན་ཆད་མེད་པར་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ཀྱི་རྒྱ་ཆེ་རུ་གཏོང་བ་བཅས་བྱེད་བཞིན་ཡོད། ཀའོ་ཧྲིན་སྡེ་ཚོགས་ཚུད་པའི་ཨ་རིའི་དངུལ་རྩའི་ལས་ཁུངས་དང་ཡུན་རིང་གི་མ་རྩ་སྔར་ལས་མང་པོས་ཀྲུང་གོར་གཉིས་ཕན་མཉམ་ལས་བྱ་རྒྱུར་མུ་མཐུད་གཏིང་ཟབ་ཏུ་བཏང་ནས། ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བ་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད་ནུས་པ་སྔར་ལས་ཆེ་བ་འདོན་རྒྱུར་དགའ་བསུ་ཞུ།
ཝུན་ཙི་ཨིན་གྱིས་བསྟན་དོན། ཀའོ་ཧྲིན་སྡེ་ཚོགས་ཀྱིས་ཀྲུང་གོའི་དཔལ་འབྱོར་དང་མ་འོངས་འཕེལ་རྒྱས་ལ་ཡིད་ཆེས་ཀྱིས་ཁེངས་ཡོད་པ་དང་། མུ་མཐུད་དུ་ཀྲུང་གོར་མཉམ་ལས་བྱེད་རྒྱ་ཆེ་རུ་བཏང་ནས། ཨ་མེ་རི་ཁ་དང་ཀྲུང་གོའི་ཚོང་དོན་མཉམ་ལས་ལ་སྐུལ་འདེད་གཏོང་འདོད་ཡོད་ཟེར།
ཤ་བོ་རིན་མཚོས་བསྒྱུར།