ཀྲུང་གོའི་དམངས་གཙོ་རྒྱལ་འཛུགས་ལྷན་ཚོགས་སྐབས་བཅུ་གཉིས་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་ཟླ12པའི་ཚེས5ཉིན་པེ་ཅིང་དུ་འཚོགས། ཀྲུང་གོ་དམངས་གཙོ་རྒྱལ་འཛུགས་ལྷན་ཚོགས་ཀྲུང་དབྱང་གི་ཀྲུའུ་ཞི་ཧའོ་མེན་ཅིན་གྱིས་ཀྲུང་གོ་དམངས་གཙོ་རྒྱལ་འཛུགས་ལྷན་ཚོགས་སྐབས་བཅུ་གཉིས་པའི་ཀྲུང་དབྱང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ནས་བྱ་བའི་སྙན་ཞུ་ཕུལ། ཀྲུང་གོ་དམངས་གཙོ་རྒྱལ་འཛུགས་ལྷན་ཚོགས་ཀྲུང་དབྱང་གི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཆིན་པོ་ཡུང་གིས་འགོ་རྩོམ་ཚོགས་འདུར་འགོ་འཛིན་གནང་།
ཚོགས་འདུའི་སྟེང་བསྟན་དོན། ལོ་གཅིག་རིང་ཀྲུང་གོ་དམངས་གཙོ་རྒྱལ་འཛུགས་ལྷན་ཚོགས་ཀྲུང་དབྱང་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ“ཆབ་སྲིད་ལ་གཙིགས་ཆེན་དང་། ཁྱོན་ཡོངས་ལ་དམིགས་པ། བླང་བྱ་ནན་མོ་ཡིན་པ། འགན་འཁྲི་སྒྲུབ་མཁས་པ”བཅས་ཀྱི་སྤྱིའི་བླང་བྱ་གཞིར་བཟུང་ནས། ཕྱོགས་ཡོངས་ནས་རང་ངོས་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་པ་དང་། སྲིད་ཞུགས་ཏང་གི་འགན་ནུས་ཏན་ཏིག་གིས་བསྒྲུབས་པ། བྱ་བ་སོ་སོ་བདེན་སྲུང་གསར་གཏོད་དང་སྐུལ་འདེད་ཏན་ཏིག་བཏང་བས་གྲུབ་འབྲས་གསར་པ་ཐོབ་པ་དང་བྱས་རྗེས་གསར་པ་མངོན་ཡོད།
ཤ་བོ་གསེར་མཚོས་བསྒྱུར།