ཟླ12པའི་ཚེས12ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཨུ་རི་སིའི་གཅིག་གྱུར་ཨུ་རི་སི་ཏང་གི་ཀྲུའུ་ཞི་མཱེ་ཏི་ཝེ་ཅེ་ཧྥུའུ་ལ་མཇལ་འཕྲད་གནང་།
ཟླ12པའི་ཚེས12ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཨུ་རི་སིའི་གཅིག་གྱུར་ཨུ་རི་སི་ཏང་གི་ཀྲུའུ་ཞི་མཱེ་ཏི་ཝེ་ཅེ་ཧྥུའུ་ལ་མཇལ་འཕྲད་གནང་།
ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཨུ་རི་སིའི་བར་འབྲེལ་བ་བཙུགས་ནས་ལོ་ངོ75འགོར་ཞིང་། རྒྱལ་ཁབ་གཉིས་ཀྱིས་ལག་རྡང་སྦྲེལ་ནས་རྒྱལ་ཁབ་ཆེན་པོ་དང་། ཁྱིམ་མཚེས་རྒྱལ་ཁབ་ཡིན་པའི་ཆ་ནས་ཕན་ཚུན་བརྩི་འཇོག་དང་། འཆམ་མཐུན་མཉམ་གནས། མཉམ་ལས་མཉམ་རྒྱལ་བཅས་ཀྱི་བགྲོད་ལམ་གསར་བའི་སྟེང་བསྐྱོད་ནས། གསར་དར་རྒྱལ་སྤྱིའི་འབྲེལ་བ་དང་ཁྱིམ་མཚེས་རྒྱལ་ཁབ་ཆེན་པོའི་འབྲེལ་བའི་དཔེ་མཚོན་དུ་གྱུར་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཨུ་རི་སི་ཕྱོགས་དང་མཉམ་དུ་འཕེལ་རྒྱས་འཐབ་ཇུས་སྦྲེལ་མཐུད་ལ་ཤུགས་སྣོན་བྱེད་ཅིང་། རྒྱལ་ཁབ་གཉིས་ཀྱི་མཉམ་ལས་ཀྱི་ནང་གནས་སྒུལ་ཤུགས་སྔོག་འདོན་བྱས་སན། རྒྱུན་ཆད་མེད་པར་རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་འདོད་ཡོད། ཀྲུང་གོ་དང་ཨུ་རི་སིས་མཉམ་འབྲེལ་རྒྱལ་ཚོགས་དང་། གསེར་གྱོམ་མཉམ་ལས་རྐྱེན་སྲོལ། ཧྲང་ཧེ་མཉམ་ལས་རྩ་འཛུགས་སོགས་ཕྱོགས་མང་སྒྲོམ་གཞིའི་ཁྲོད་ཀྱི་མཐུན་སྦྱོར་དང་མཉམ་ལས་དམ་ཟབ་ཏུ་བཏང་སྟེ། བློ་རྩ་བརྟན་པོས་མཉམ་འབྲེལ་རྒྱལ་ཚོགས་སྲོག་ཤིང་བྱས་པའི་རྒྱལ་སྤྱིའི་མ་ལག་ལ་སྲུང་སྐྱོང་བྱེད་པ་དང་། ཕྱོགས་མང་རིང་ལུགས་ངོ་མ་ལག་བསྟར་བྱས་ནས། རྒྱལ་སྤྱིའི་སྒྲིག་རིམ་སྔར་ལས་དྲང་གཞག་ལུགས་མཐུན་གྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ་དང་། གོ་ལ་ཧྲིལ་བོའི་འཐབ་ཇུས་བརྟན་འཇགས་དང་རྒྱལ་སྤྱིའི་འདྲ་མཉམ་དྲང་བདེན་ལ་མཉམ་དུ་སྲུང་སྐྱོང་བྱེད་དགོས་ཞེས་བསྟན།
ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་དང་གཅིག་གྱུར་ཨུ་རི་སི་ཏང་བར་འབྲེལ་བ་བཙུགས་ནས་ལོ་ངོ20འགོར་བའི་རིང་། ཕྱོགས་གཉིས་ཀྱིས་ཆུ་ཚད་མཐོ་ཞིང་འཛུགས་སྐྲུན་རང་བཞིན་ལྡན་པའི་མཉམ་འགུལ་ལས་དོན་སྤེལ་ནས། ཏང་སྐྱོང་རྒྱལ་སྐྱོང་གི་ཉམས་མྱོང་བརྗེ་རེས་དང་ཕན་ཚུན་དཔེ་ལྟ་བྱེད་པར་ཤུགས་སྣོན་དང་། ཏང་གཉིས་ཀྱི་ནང་རྐྱེན་རང་བཞིན་གྱི་འགྲོ་འོང་ནང་དོན་རྒྱུན་ཆད་མེད་པར་ཕུན་སུམ་ཇེ་ཚོགས་སུ་བཏང་ནས། ཀྲུང་གོ་དང་ཨུ་རི་སིའི་ཆབ་སྲིད་དང་འཐབ་ཇུས་ཡིད་རྟོན་རྒྱུན་མཐུད་ངང་སྲ་བརྟན་དུ་བཏང་ཡོད། ཏང་གཉིས་དེ་མིའི་རིགས་ཡར་ཐོན་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་གཙོ་བོ་ཡིན་པའི་ཆ་ནས། མཐུན་སྦྱོར་དང་གཞོགས་འདེགས་སྔར་ལས་དམ་ཟབ་བྱས་ཏེ། གོ་ལ་ཧྲིལ་བོའི་བཅོས་སྐྱོང་ལས་དོན་ཡང་དག་པའི་ཁ་ཕྱོགས་སུ་འགྲོ་བར་ཁྲིད་སྟོན་བྱེད་པ་དང་། འཛམ་གླིང་རྒྱལ་ཁབ་སོ་སོ་དང་ལྷག་པར་འཛམ་གླིང་ལྷོ་ཕྱོགས་རྒྱལ་ཁབ་ཀྱི་སྲིད་ཏང་མཛའ་འབྲེལ་གྱི་ཐུན་མོང་འདུ་ཤེས་གཅིག་སྡུད་བྱས་ནས། འཛམ་གླིང་ཡང་དག་པའི་ཁ་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས་ཞེས་བསྟན།
ཞི་ཅིན་ཕིང་གིས་ཝུའུ་ཁི་ལན་གྱི་ཉམས་ཉེན་གནད་དོན་སྟེང་། ཀྲུང་གོ་ཕྱོགས་ཀྱིས་དམག་འཁྲུག་ཕྱི་རུ་མི་མཆེད་པ་དང་དམག་འཐབ་རིམ་སྤོར་མི་བྱེད་པ། ཕྱོགས་སོ་སོས་འུད་སྒྲོག་མི་བྱེད་པ་བཅས་ཀྱི་རྩ་དོན་གསུམ་རྒྱུན་འཁྱོངས་བྱེད་དགོས་ཞེས་ཐེངས་མང་པོར་ནན་བཤད་བྱེད་བཞིན་ཡོད་ལ། གནས་བབ་མྱུར་དུ་ཞི་ལྷོད་དུ་འགྲོ་བར་སྐུལ་འདེད་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་ནམ་རྒྱུན་གྱི་ལངས་ཕྱོགས་མུ་མཐུད་དུ་རྒྱུན་འཁྱོངས་བྱས་ཏེ། རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ་ཉམས་ཉེན་ཆབ་སྲིད་ཀྱི་སྒོ་ནས་ཐག་གཅོད་བྱེད་པར་ནུས་ལྡན་གྱི་ཆ་རྐྱེན་གསར་བ་བསྐྲུན་རྒྱུའི་ཚུལ་བསྟན།
ཟླ12པའི་ཚེས12ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཨུ་རི་སིའི་གཅིག་གྱུར་ཨུ་རི་སི་ཏང་གི་ཀྲུའུ་ཞི་མཱེ་ཏི་ཝེ་ཅེ་ཧྥུའུ་ལ་མཇལ་འཕྲད་གནང་།
མཱེ་ཏི་ཝེ་ཅེ་ཧྥུའུ་ཡིས་ཙུང་ཐུང་ཕུའུ་ཅིན་གྱིས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་སྐུར་བའི་ངོ་འཕྲོད་ཡི་གེ་བརྒྱུད་སྤྲོད་བྱས་ཤིང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བཙུགས་ནས་ལོ་ངོ75འཁོར་བ་དང་ཨུ་རི་སི་དང་ཀྲུང་གོའི་བར་འབྲེལ་བ་བཙུགས་ནས་ལོ་ངོ75འཁོར་བའི་སྐབས་སུ་ཀྲུང་གོར་འཚམས་འདྲིར་ཡོང་ཐུབ་པར་ཧ་ཅང་དགའ་ཡོད་པའི་ཚུལ་བསྟན་པ་དང་། མིག་སྔར་གྱི་ཨུ་རི་སི་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱི་ཆུ་ཚད་མཐོ་བའི་མཉམ་ལས་ནི་ཙུང་ཐུང་ཕུའུ་ཅིན་དང་ཀྲུའུ་ཞི་ཞི་ཅིན་ཕིང་རྣམ་གཉིས་ཀྱིས་མཉམ་དུ་སྣེ་ཁྲིད་དང་སྐུལ་འདེད་བཏང་བའི་མཇུག་འབྲས་ཡིན་ལ། འདོད་མཐུན་སྤྱོད་མཐུན་རྣམས་རང་བཞིན་གྱིས་འགྲོགས་པ་ཞེས་པའི་བཤད་ཚུལ་འདིས་རྒྱལ་ཁབ་གཉིས་བར་ཆགས་པའི་འབྲེལ་བ་ལེགས་པོ་སྣང་བརྙན་ལྡན་པར་མཚོན་ཐུབ། ཨུ་རི་སི་ཕྱོགས་ཀྱིས་བློ་བརྟན་འགྱུར་མེད་སྒོས་རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱི་ཐུན་མོང་ངོས་འཛིན་དངོས་འབེབས་བྱས་ཏེ་འཐབ་ཇུས་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུ་ཡིན། གཅིག་གྱུར་ཨུ་རི་སི་ཏང་དང་ཀྲུང་གོ་གུང་ཁྲན་ཏང་བར་གྱི་བརྗེ་རེས་མཉམ་ལས་ཀྱིས་ཨུ་རི་སི་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་ཁྲོད་དམིགས་བསལ་གྱི་འགན་འཁྲི་ཕྲག་ཏུ་བླངས་ཡོད། གནངས་ཉིན་གཅིག་གྱུར་ཨུ་རི་སི་ཏང་གི་ཚོགས་ཆེན་ཉེར་གཉིས་པ་བསྡུས་ཏེ། མ་འོངས་པའི་འཐབ་ཇུས་ལས་འགན་དང་དམིགས་འབེན་ཐད་བཀོད་སྒྲིག་གསར་བ་བྱེད་རྒྱུ་ཡིན། གཅིག་གྱུར་ཨུ་རི་སི་ཏང་གིས་ཨུ་རི་སི་དང་ཀྲུང་གོའི་སྲིད་འཛིན་ཏང་བར་གྱི་གྲོས་མོལ་རྐྱེན་སྲོལ་བརྒྱུད་དེ། ཕྱོགས་གཉིས་ཀྱི་དངོས་གཉེར་མཉམ་ལས་དང་ན་གཞོན་སོགས་བརྗེ་རེས་ལས་དོན་ལ་སྐུལ་འདེད་གཏོང་ཞིང་། རྒྱལ་གཅེས་རིང་ལུགས་སོགས་སྲོལ་རྒྱུན་རིན་ཐང་ལྟ་བའི་སློབ་གསོར་ཤུགས་སྣོན་པ་དང་། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཡུན་རིང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད། ཨུ་རི་སི་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་ཀྱིས་ཝུའུ་ཁི་ལན་གྱི་ཉམས་ཉེན་གནད་དོན་ཐད་འཛིན་པའི་ལངས་ཕྱོགས་ལ་གདེང་འཇོག་ཧུར་ཐག་བྱེད་ཅིང་། ཀྲུང་གོ་དང་པཱ་ཞི་སོགས་རྒྱལ་ཁབ་ཀྱིས་བཏོན་པའི་ཞི་བདེའི་གྲོགས་པོའི་ཚན་ཆུང་གྲོས་གཞིར་དོ་སྣང་བྱེད་ཀྱིན་པར་མ་ཟད། ཆབ་སྲིད་ཀྱི་སྒོ་ནས་ཝུའུ་ཁི་ལན་གྱི་ཉམས་ཉེན་ཐག་གཅོད་པར་སྐུལ་འདེད་ཧུར་ཐག་གཏོང་འདོད་ཡོད་ཟེར།
ཚའེ་ཆི་དང་ཝང་དབྱི་མཇལ་འཕྲད་ཁྲོད་ཞུགས།
རིག་འཛིན་སྒྲོལ་མས་བསྒྱུར།