ཟླ12པའི་ཚེས13ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་མཚོ་ཤར་གྲོང་ཁྱེར་དུ་རྟོག་ཞིབ་བྱེད་སྐབས། ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་མོ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་ལས་དོན་ཐད་བཏོན་པའི་བླང་བྱ་གལ་ཆེན་དོན་འཁྱོལ་གཏིང་ཟབ་བྱས་ཏེ། འཕེལ་རྒྱས་ཀྱི་རང་རྟོན་ཇེ་བརྟན་དུ་གཏོང་བ་དང་། འབད་འཐབ་ཀྱི་ངར་ཤུགས་གཅིག་ཏུ་སྒྲིལ་བ། རྒྱུ་རྐྱེན་གཙོ་བོ་སྣ་ཚོགས་གཅིག་སྡུད་བྱེད་པ། ཐོན་ལས་དང་གྲོང་ཁྱེར་མཉམ་འདྲེས་ལ་སྐུལ་འདེད་གཏོང་བ། དེང་རབས་ཅན་གྱི་ཐོན་ལས་མ་ལག་མགྱོགས་མྱུར་ངང་སྐྲུན་པ། སྤྱི་པའི་ཞབས་ཞུ་དོ་སྙོམས་ཅན་གྱི་ཆུ་ཚད་ཤུགས་ཆེན་པོས་ཇེ་མཐོར་གཏོང་བ། མི་རྩ་བར་འཛིན་པའི་རྣམ་པ་གསར་བའི་གྲོང་ཁྱེར་དང་གྲོང་རྡལ་ཅན་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་གཏོང་བ་བཅས་བྱས་ནས། དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་བར་སྒུལ་ཤུགས་ཆེན་པོ་བསྣོན་དགོས་ཞེས་ནན་གྱིས་བསྟན།
ཝུའུ་ཞའོ་ཅུན་རྨ་ཙོང་ཁུལ་གསར་གྱི་ཀྲུང་གོ་གློག་འཕྲིན་གཞི་གྲངས་མཚོ་སྔོན་ལྗང་མདོག་གཞི་གྲངས་ཆེན་པོའི་ལྟེ་གནས་དང་ཀྲུང་གོའི་སྤོ་སྒུལ་གཞི་གྲངས་ལྟེ་གནས་ཀྱི་དུས་ཐེངས་གཉིས་པའི་ལས་གཞི་སྒྲུབ་ཡུལ་དུ་བསྐྱོད་དེ། གཞི་གྲངས་ལྟེ་གནས་འཁོར་སྐྱོད་དང་། ལས་གཞི་འཛུགས་སྐྲུན་གྱི་འཕེལ་རིམ། ཐོན་ལས་གླིང་ཁུལ་གྱི་འཆར་འགོད། མཚོ་ཤར་གྲོང་ཁྱེར་གྱི་ལྗང་མདོག་རྩིས་ནུས་ཐོན་ལས་འཕེལ་རྒྱས་བཅས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས་པ་དང་། དག་གཙང་ནུས་ཁུངས་དང་ས་བབ་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ། རྒྱལ་ཡོངས་གཞི་གཅིག་ཅན་གྱི་རྩིས་ནུས་དྲ་བ་འཛུགས་སྐྲུན་ཁྲོད་ཞུགས་པ་དང་དེར་ཞབས་འདེགས་ལེགས་པོ་ཞུ་བ་དང་། ལྗང་མདོག་རྩིས་གློག་མཐུན་སྦྱོར་འཕེལ་རྒྱས་གྱི་ལམ་སྲོལ་གསར་གཏོད། ཚོང་འགུགས་དངུལ་འདྲེན་དང་། ཁེ་ལས་ཆེན་པོས་ཐོན་ལས་ལ་སྣེ་ཁྲིད། སྣེ་ཁྲིད་ཀྱི་ནུས་པ་ཆེན་པོ་ལྡན་པའི་ལས་གཞི་བཅས་ལ་ཤུལས་སྣོན་པ། རྒྱུ་རྐྱེན་གཙོ་བོའི་ཞབས་ཞུ་འགན་ལེན་བྱེད་ཤུགས་ཆེ་རུ་གཏོང་བ། ཚོང་གཉེར་ཁོར་ཡུག་བཟང་པོ་གཏོད་པ་བཅས་བྱས་ཏེ། མཚོ་ཤར་གྱི་ཐཱན་མེད་རྩིས་ནུས་ཐོན་ལས་ཚོགས་སྤྱི་མགྱོགས་མྱུར་ངང་གཏོད་དགོས་ཞེས་ནན་གྱིས་བསྟན།
རྨ་ཙོང་ཁུལ་གསར་གྱི་ལོ་དགུའི་ལམ་ལུགས་ཀྱི་སློབ་གྲྭ་དང་། མགོ་ལོག་མཚོ་ཤར་སློབ་འབྲིང་། རྒྱལ་ཁབ་ཀྲུང་ལུགས་གསོ་རིག་ས་ཁོངས་སྨན་བཅོས་ལྟེ་གནས་ཀྱི་ལས་གཞི་འཛུགས་སྐྲུན་བྱ་ཡུལ་དང་མཚོ་ཤར་གྲོང་ཁྱེར་མི་དམངས་སྨན་ཁང་གཉིས་པ་བཅས་སུ་ཝུའུ་ཞའོ་ཅུན་གྱིས་ལས་གཞི་འཛུགས་སྐྲུན་དང་། འཕེལ་རྒྱས་འཆར་འགོད། འཁོར་སྐྱོད་དོ་དམ། ཤར་ནུབ་རྒྱུད་རོགས་ལས་སོགས་ཀྱི་གནས་ཚུལ་ངོ་སྤྲོད་ལ་ནན་ཏན་གྱིས་ཉན་པ་དང་། རྣམ་པ་གསར་བའི་གྲོང་ཁྱེར་དང་གྲོང་རྡལ་ཅན་གྱི་འཕེལ་ཕྱོགས་ཆེན་པོའི་ཁྲོད་སློབ་གསོར་གཅིག་གྱུར་འཆར་འགོད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། མི་གྲངས་ཀྱི་འགྱུར་ལྡོག་དང་ཕན་ཚུན་མཐུན་སྦྱོར་ཡིན་པའི་གཞི་རྩའི་སྤྱི་པའི་སློབ་གསོའི་ཞབས་ཞུ་མཁོ་འདོན་ལམ་སྲོལ་འཛུགས་པ། ས་ཁོངས་ཀྱི་སློབ་གསོའི་ཐོན་ཁུངས་བཀོད་སྒྲིག་མུ་མཐུད་དུ་ལེགས་བཅོས་བྱེད་པ། ས་གཞན་དུ་སློབ་གྲྭ་སྒྲུབ་པའི་སྤུས་ལེགས་བཟོ་འགོད་དང་དཔེ་སྟོན་བཟོ་འགོད་འཛུགས་སྐྲུན་ལེགས་པོ་བཅས་བྱེད་དགོས་པ་དང་། ཤར་ནུབ་རྒྱུད་ཀྱི་རོགས་ལས་དང“ཚོགས་སྒྲིག་རྣམ་པའི་”སྨན་བཅོས་རོགས་སྐྱོར་ལམ་སྲོལ་བེད་སྤྱོད་གང་ལེགས་བྱས་ཏེ། ཤེས་ལྡན་མི་སྣ་དང་། ལག་རྩལ། ལས་གཞི་བཅས་ཀྱི་རྒྱབ་སྐྱོར་སྔར་ལས་མང་པོ་བརྩོན་ལེན་དང་། ཁྱད་ཆོས་ལྡན་པའི་ཆེད་བཅོས་ཚན་ཁག་གཙོ་གནད་དུ་བཟུང་ནས་བསྐྲུན་པ། སྨན་བཅོས་དཔུང་ཁག་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ། ས་ཁོངས་ཀྱི་སྨན་བཅོས་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ནས། གཞི་རིམ་མང་ཚོགས་ལ་ཉེ་འགྲམ་གྱི་སྨན་བཅོས་ཞབས་ཞུ་སྤུས་ལེགས་འདོན་སྤྲོད་བྱེད་དགོས་ཞེས་ནན་གྱིས་བསྟན།
ཟི་ལིང་གནམ་གྲུ་ཐང་གི་དུས་ཐེངས་གསུམ་པའི་རྒྱས་སྐྲུན་ནི་རང་ཞིང་གི“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”འཆར་འགོད་འཛུགས་སྐྲུན་གྱི་གཙོ་གནད་ལས་གཞི་ཞིག་རེད། ཝུའུ་ཞའོ་ཅུན་གྱིས་ཡུལ་དངོས་ནས་ཤར་བགྲོད་བགྲོད་ལམ་དང་། T3མཁའ་འགྲུལ་ས་ཚིགས་ཀྱི་ཐོག་ཁང་འཛུགས་སྐྲུན་འཕེལ་རིམ་ལ་རྟོག་ཞིབ་བྱས་པ་དང་། ཡུལ་དངོས་གཞུང་ལས་ཚོགས་འདུར་འགོ་འཛིན་བྱས་པར་མ་ཟད། ལས་གཞི་འཛུགས་སྐྲུན་ཁྲོད་ཀྱི་གནད་དོན་དངོས་ལ་ཞིབ་འཇུག་དང་ཐག་གཅོད་བྱས། ཁོས་དམིགས་འབེན་གཏན་འཁེལ་དང་། ལས་ཡུན་ལྡོག་སྒྲིག འཆར་གཞི་འདིང་བ། སྒྲིག་འཛུགས་ཞིབ་ཚགས། རོགས་ལས་དམ་ཟབ་བཅས་བྱས་ཏེ། ལས་གཞིའི་སྤུས་ཚད་ཀྱི་འགག་སྒོ་དང་། བདེ་འཇགས་ཀྱི་འགག་སྒོ། འཕེལ་རིམ་གྱི་འགག་སྒོ་བཅས་ནན་སྲུང་བྱེད་པ་དང་། ལས་གཞི་དུས་བཀག་ལྟར་བསྐྲུན་ནས་ལས་གཉེར་བྱེད་འགོ་ཚུགས་པ་དང་ཕན་འབྲས་སྔ་མོ་ནས་ཐོན་པར་འགན་ལེན་བྱེད་དགོས། ཟི་ལིང་གནམ་ཐང་གི་འཛུགས་སྐྲུན་དོ་དམ་འཁོར་སྐྱོད་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་བཏང་སྟེ། སྤུས་ལེགས་ལས་གཞི་དང་མཁའ་འགྲུལ་སྐྱེལ་འདྲེན། ཁྲོམ་ར་གསར་གཏོད། བདེ་འཇགས་འཁོར་སྐྱོད་བཅས་ཀྱི་རྩེར་སོན་གཏོད་པའི་ཐད་བརྩོན་ལེན་བྱེད་པ་དང་། ཟི་ལིང་གནམ་ཐང་དེ་མདོ་དབུས་མཐོ་སྒང་གི“བདེ་འཇགས་དང་། ལྗང་མདོག བློ་གྲོས། མི་ཆོས་རིག་གནས་བཅས་ཀྱི་དཔེ་སྟོན་གནམ་ཐང་ཞིག་ཏུ་ཧུར་ཐག་གིས་གཏོད་དགོས་ཞེས་ནན་གྱིས་བསྟན།
ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅི་གཞོན་པ་ཀྲང་ཅིན་ཀང་དང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། མཚོ་ཤར་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་ཝུའུ་ལ་ཙི་པེ་ཁེ.རི་སུའུ་ལིས་ཧན་རྟོག་ཞིབ་ལ་ཞུགས།
སྒྲོལ་མ་སྐྱིད་ཀྱིས་བསྒྱུར།