ཞི་ཅིན་ཕིང་གིས་ཨའོ་མིན་ཚན་རྩལ་སློབ་ཆེན་ལ་རྟོག་ཞིབ་གནང་།
2024.12.20 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 22

ཟླ12པའི་ཚེས19ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཨའོ་མིན་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྲིད་འཛིན་དཔོན་ཧི་དབྱི་ཁྲིན་གྱི་ཕེབས་རོགས་འོག་ཨའོ་མིན་ཚན་རྩལ་སློབ་ཆེན་དུ་ཕེབས་ནས་རྟོག་ཞིབ་གནང་བ་དང་། སློབ་གྲྭའི་དགེ་སློབ་དང་ཚན་ཞིབ་ལས་སྒྲུབ་པར་བྱམས་བརྩེའི་ངང་བསམ་བློ་བརྗེ་རེས་གནང་།   འདི་ནི་ཞི་ཅིན་ཕིང་ཕྱོགས་བསྡུས་སློབ་ཁྲིད་ཐོག་ཁང་དུ་ཕེབས་ནས་སློབ་གྲྭ་དང་ཨའོ་མིན་གྱི་མཐོ་རིམ་སློབ་གསོ་འཕེལ་རྒྱས་འགྲོ་ཚུལ་ལ་རྒྱུས་ལོན་ཞིབ་ཕྲ་གནང་བཞིན་པ་རེད།

ཟླ12པའི་ཚེས19ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཨའོ་མིན་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྲིད་འཛིན་དཔོན་ཧི་དབྱི་ཁྲིན་གྱི་ཕེབས་རོགས་འོག་ཨའོ་མིན་ཚན་རྩལ་སློབ་ཆེན་དུ་ཕེབས་ནས་རྟོག་ཞིབ་གནང་བ་དང་། སློབ་གྲྭའི་དགེ་སློབ་དང་ཚན་ཞིབ་ལས་སྒྲུབ་པར་བྱམས་བརྩེའི་ངང་བསམ་བློ་བརྗེ་རེས་གནང་།

ཟླ12པའི་ཚེས19ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཨའོ་མིན་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྲིད་འཛིན་དཔོན་ཧི་དབྱི་ཁྲིན་གྱི་ཕེབས་རོགས་འོག་ཨའོ་མིན་ཚན་རྩལ་སློབ་ཆེན་དུ་ཕེབས་ནས་རྟོག་ཞིབ་གནང་བ་དང་། སློབ་གྲྭའི་དགེ་སློབ་དང་ཚན་ཞིབ་ལས་སྒྲུབ་པར་བྱམས་བརྩེའི་ངང་བསམ་བློ་བརྗེ་རེས་གནང་།   འདི་ནི་ཞི་ཅིན་ཕིང་ཕྱོགས་བསྡུས་སློབ་ཁྲིད་ཐོག་ཁང་དུ་ཕེབས་ནས་ཀྲུང་ལུགས་སྨན་རྫས་ཀྱི་སྤུས་ཚད་ཞིབ་འཇུག་གནས་ཚུལ་གྱི་ངོ་སྤྲོད་ལ་གསན་ནས་ཆེས་གསར་པའི་ཚན་ཞིབ་གྲུབ་འབྲས་ལ་རྒྱུས་ལོན་གནང་བཞིན་པ།

ཨའོ་མོན་ཚན་རྩལ་སློབ་ཆེན་ནི་ཨའོ་མིན་མེས་རྒྱལ་གྱི་པང་དུ་ལོག་རྗེས་བཙུགས་པའི་ན་གཞོན་སློབ་ཆེན་ཞིག་རེད།    ཨའོ་མིན་དང་རྒྱལ་ཁབ་འཕེལ་རྒྱས་ཀྱི་དགོས་མཁོར་གཞིགས་ནས་ཁྱད་ཆོས་དང་ཁྱད་སྟོབས་ལ་ཞིབ་འཇུག་བྱེད་པའི་ཁྱབ་ཁོངས་འཕེལ་རྒྱས་གཏོང་རྒྱུར་སྣང་ཆེན་བྱེད་ཀྱིན་ཡོད་པས། ཨའོ་མིན་གྱི་སློབ་མའི་གཞི་ཁྱོན་ཆེ་བའི་ཕྱོགས་བསྡུས་རང་བཞིན་གྱི་སློབ་ཆེན་ཞིག་ཏུ་གྱུར་ཡོད།     ཞི་ཅིན་ཕིང་ཕྱོགས་བསྡུས་སློབ་ཁྲིད་ཐོག་ཁང་དུ་ཕེབས་ནས་སློབ་གྲྭ་དང་ཨའོ་མིན་གྱི་མཐོ་རིམ་སློབ་གསོའི་འཕེལ་རྒྱས་གནས་ཚུལ་ལ་རྒྱུས་ལོན་ཞིབ་ཕྲ་གནང་བ་དང་། ཨའོ་མིན་གྱིས་སློབ་གསོས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བ་རྒྱུན་འཁྱོངས་དང་། “སློབ་གསོས་ཨའོ་མིན་དར་རྒྱས་གཏོང་བ་དང་འཇོན་མིས་ཨའོ་མིན་འཛུགས་སྐྲུན་བྱེད་པའི”གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་།  ཞི་ཅིན་ཕིང་གིས་ཀྲུང་ལུགས་སྨན་རྫས་ཀྱི་སྤུས་ཚད་ཞིབ་འཇུག་དང་། ཟླ་བའི་གོ་ལ་དང་རྒྱུ་སྐར་ཚན་རིག་རྒྱལ་ཁབ་ཀྱི་གཙོ་གནད་ཚོད་ལྟ་ཁང་གི་གནས་ཚུལ་ངོ་སྤྲོད་ལ་གསན་ནས་ཆེས་གསར་པའི་ཚན་ཞིབ་གྲུབ་འབྲས་ལ་རྒྱུས་ལོན་གནང་།     ཁོང་གིས་ཀྲུང་ལུགས་གསོ་རིག་སྨན་རྫས་ནི་ཀྲུང་ཧྭའི་དཔལ་ཡོན་གྱི་མཆོག་ནོར་ཞིག་ཡིན་པ་དང་། ཀྲུང་ལུགས་གསོ་རིག་སྨན་རྫས་རྒྱུན་འཛིན་དང་།    གསར་གཏོད།    འཕེལ་རྒྱས་བཅས་གཏོང་རྒྱུ་ནི་དོན་ཆེན་ཞིག་རེད།     མེས་པོས་ང་ཚོར་བཞག་པའི་རྩ་ཆེའི་རྒྱུ་ནོར་རྒྱུན་འཛིན་ཡག་པོ་དང་།    འཕེལ་རྒྱས་ཡག་པོ།    བེད་སྤྱོད་ཡག་པོ་བཅས་བྱས་ནས། ཀྲུང་ལུགས་གསོ་རིག་སྨན་རྫས་འཛམ་གླིང་ཕྱོགས་སུ་བསྐྱོད་རྒྱུར་སྐུལ་འདེད་གཏོང་དགོས།     ཟླ་བར་དཔྱད་པའི་བཟོ་སྐྲུན་གྲུབ་འབྲས་ལ་རང་རྒྱལ་གྱི་འཇིག་རྟེན་འཕུར་སྐྱོད་པ་མི་རབས་ཁ་ཤས་ཀྱི་བློ་གྲོས་དང་སྙིང་སྟོབས་འདུས་ཡོད་པ་དང་།    ཕྱོགས་གཞན་ཞིག་ནས་ང་ཚོས་ལོ་འདི་དག་རིང་ཚན་རྩལ་རང་སྟོབས་རང་སྤེལ་ཐད་བླངས་པའི་གྲུབ་འབྲས་མངོན་གསལ་ཡིན་པ་མཚོན་ཡོད།     ཁྱེད་ཚོའི་བྱ་བའི་ཐོག་ནས་ཨའོ་མོན་གྱིས་མཐོ་རིམ་དང་།    ཞིབ་ཚགས།    རྩེར་སོན་བཅས་དང་། རྒྱལ་སྤྱིའི་ཚན་རིག་ཞིབ་འཇུག་རྩེ་གྲ་བྱེད་ཐུབ་ཀྱིན་ཡོད་པ་ར་སྤྲོད་བྱུང་ཡོད་ཞེས་གསུངས།

ཟླ12པའི་ཚེས19ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཨའོ་མིན་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྲིད་འཛིན་དཔོན་ཧི་དབྱི་ཁྲིན་གྱི་ཕེབས་རོགས་འོག་ཨའོ་མིན་ཚན་རྩལ་སློབ་ཆེན་དུ་ཕེབས་ནས་རྟོག་ཞིབ་གནང་བ་དང་། སློབ་གྲྭའི་དགེ་སློབ་དང་ཚན་ཞིབ་ལས་སྒྲུབ་པར་བྱམས་བརྩེའི་ངང་བསམ་བློ་བརྗེ་རེས་གནང་།   འདི་ནི་ཞི་ཅིན་ཕིང་ཨའོ་མིན་ཚན་རྩལ་སྲུང་སྐར་ཚན་རིག་དང་ཉེར་སྤྱོད་གཞི་གྲངས་ལྟེ་གནས་སུ་རྟོག་ཞིབ་བྱེད་སྐབས། ཡུལ་དངོས་སུ་ཡོད་པའི་ཞིབ་འཇུག་མི་སྣ་དང་སློབ་མའི་འཐུས་མི་ལ་བྱམས་བརྩེའི་ངང་བསམ་ཚུལ་བརྗེ་རེས་གནང་བཞིན་པ།

2023ལོའི་ཟླ5པར། ཞི་ཅིན་ཕིང་གིས“ཨའོ་མིན་ཚན་རིག་ཨང་དང་པོའི”སྲུང་སྐར་ཞིབ་བཟོའི་ནང་ཞུགས་མཁན་ཨའོ་མིན་ཚན་རྩལ་སློབ་ཆེན་གྱི་དགེ་སློབ་འཐུས་མིར་འཕྲིན་ལན་སྤྲིངས་ནས། ཁོ་ཚོར་བྱམས་བརྩེའི་ངང་སྐུལ་ལྕག་གནང་བར་ཨའོ་མིན་གྱི་ལས་རིགས་སོ་སོར་ཚུར་སྣང་དྲག་པོ་བྱུང་།     ཞི་ཅིན་ཕིང་ཨའོ་མིན་ཚན་རྩལ་སྲུང་སྐར་ཚན་རིག་དང་ཉེར་སྤྱོད་གཞི་གྲངས་ལྟེ་གནས་སུ་ཕེབས་ནས། གློག་རྡུལ་བརྙན་རིས་བརྒྱུད་དེ་སྲུང་སྐར་གྱི་འཁོར་སྐྱོད་གནས་ཚུལ་ལ་གཟིགས་པ་དང་། ལས་གཞིའི་ཚན་ཞིབ་འཕེལ་རིམ་དང་ཉེར་སྤྱོད་ཀྱི་མདུན་ལྗོངས་ལ་རྒྱུས་ལོན་གནང་བ་མ་ཟད།   ཡུལ་དངོས་སུ་ཡོད་པའི་ཞིབ་འཇུག་མི་སྣ་དང་སློབ་མའི་འཐུས་མི་ལ་བྱམས་བརྩེའི་ངང་བསམ་ཚུལ་བརྗེ་རེས་གནང་། ཞི་ཅིན་ཕིང་གིས་བསྟན་དོན།  འདི་ནི་ཨའོ་མིན་གྱིས་ཚན་རྩལ་མཐོ་བའི་ཁྱབ་ཁོངས་ནང་ནང་ལོག་གི་ས་ཁུལ་བར་མཉམ་ལས་གཏིང་ཟབ་བྱས་པའི་ལེགས་འགྲུབ་ཀྱི་དཔེ་མཚོན་ཞིག་ཡིན་པ་དང་། དེའི་ཐོག་ནས་ཨའོ་མིན་ཚན་རྩལ་ལས་རིགས་ཀྱི་ཁྱད་དུ་འཕགས་པའི་གསར་གཏོད་ནུས་པ་མངོན་ཡོད།     ཁྱེད་ཚོས་ཡང་འབད་བསྐྱར་འབད་དང་ཡང་རྩེར་སྙེག་ཕོད་པའི་གྲུབ་འབྲས་སྔར་ལས་ལེགས་པོ་བླངས་ནས་ཨའོ་མོན་དང་།    རྒྱལ་ཁབ།    མིའི་རིགས་བཅས་ལ་སྔར་ལས་བདེ་སྐྱིད་བསྐྲུན་རྒྱུའི་རེ་བ་ཡོད་ཅེས་གསུངས།

དེའི་རྗེས། ཞི་ཅིན་ཕིང་སློབ་གྲྭའི་དཔེ་མཛོད་ཁང་དུ་ཕེབས་ནས། “འཛམ་གླིང་ས་ཁྲའི་ཁྲོད་ཀྱི་ཨའོ་མིན”ཞེས་པའི་ཀོང་ཏུང་དང་ཞང་ཀང་།    ཨའོ་མིན་བཅས་མཚོ་ཁུག་ཆེན་པོའི་ཁུལ་དང་ཨའོ་མིན་གྱི་གནའ་བོའི་ས་ཁྲའི་འགྲེམས་སྟོན་ལ་ལྟ་སྐོར་དང་ཉར་ཚགས་བྱས་པའི་རྩ་ཆེའི་དཔེ་དེབ་ལ་གཟིགས།     ཀྲུའུ་ཞི་ཞི་ཅིན་ཕིང་ཕེབས་པ་མཐོང་སྐབས།    དཔྱད་གཞིའི་ཡིག་རིགས་ལྟ་ཀློག་བྱེད་བཞིན་པའི་སློབ་གྲོགས་ཚོར་སེམས་འགུལ་ཆེན་པོ་ཐེབས།     ཞི་ཅིན་ཕིང་གིས་ཚང་མར་ཆེད་ལས་སློབ་སྦྱོང་དང་།    ཞིབ་འཇུག་ཁྱབ་ཁོངས།    འཚོ་བའི་གནས་ཚུལ་སོགས་ལ་རྒྱུས་ལོན་ཞིབ་ཕྲ་མཛད་པ་དང་། སློབ་མ་ཚོར་སློབ་སྦྱོང་གི་དུས་ཚོད་རྩ་ཆེན་ལ་གཅེས་སྤྲས་དང་ཕན་ཡོད་ཤེས་བྱ་མང་ཙམ་བསྡུ་ལེན་བྱས་ཏེ། དྲ་རྒྱའི་ཐོན་ཁུངས་དེ་སློབ་སྦྱོང་དང་ཚན་ཞིབ་ཀྱི་ལས་རོགས་ཡག་པོ་ཞིག་ཏུ་འགྱུར་བ་བྱེད་དགོས་པའི་སྐུལ་ལྕག་གནང་།  དཔེ་མཛོད་ཁང་གི་ཚོམས་ཆེན་དུ་ཐལ་མོའི་རྡེབ་སྒྲས་ཁེངས།    ཚན་ཞིབ་མི་སྣ་དང་སློབ་གྲྭའི་དགེ་སློབ་ཚོས་སྐད་གསང་མཐོན་པོས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་འཚམས་འདྲི་བྱས།     ཞི་ཅིན་ཕིང་གིས་བསྟན་དོན།    ཨའོ་མིན་གྱི་སློབ་གསོ་དར་རྒྱས་ཡོང་བ་དང་།    ཚང་མ་སྐྱེ་སྟོབས་ཀྱི་དཔལ་འབར་ཞིང་ཡིད་ཆེས་ཀྱིས་ཁེངས་པ་མཐོང་དུས་ང་རང་ཧ་ཅང་དགའ་པོ་བྱུང་།     ཐོག་མཐའ་བར་གསུམ་དུ་འཐབ་ཇུས་ཀྱི་མཐོ་ཚད་ནས་སློབ་གསོར་མཐོང་ཆེན་བྱེད་པ་དང་།    རྒྱལ་ཁབ་དང་ཨའོ་མིན་འཕེལ་རྒྱས་ཀྱི་དགོས་མཁོ་དང་བསྟུན་ནས་རིག་ཚན་མ་ལག་བཀོད་སྒྲིག་བྱེད་པ།    བྱང་ཚད་མཐོ་བའི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱ་དགོས།     ཁྱེད་ཚོས་ཕུགས་བསམ་ཆེན་པོ་བཙུགས་ཏེ་མེས་རྒྱལ་དང་བདེ་སྡུག་མཉམ་མྱོང་དང་། དུས་རབས་དང་གོམ་པ་མཉམ་སྤོ་བྱས་ནས་རང་ཉིད་ཀྱི་མི་ཚེའི་རིན་ཐང་མངོན་འགྱུར་བྱ་རྒྱུའི་རེ་བ་ཡོད།     ཨའོ་མིན་ཚན་རྩལ་སློབ་ཆེན་གྱི་མ་འོངས་པ་སྔར་ལས་ལེགས་པོ་ཡོང་བའི་སྨོན་འདུན་ཞུ་བ་དང་ཆབས་ཅིག་ཁྱོད་ཚོར་ཡིད་ཆེས་ཆེན་པོ་ཡོད་ཅེས་གསུངས།

སློབ་གྲྭ་ནས་ཁ་བྲལ་སྐབས་བགྲོད་ལམ་གཡས་གཡོན་དུ་དགེ་སློབ་ཀྱིས་ཁེངས་པ་དང་། ཚང་མས་ལག་པ་གཡུག་གཡུག་བྱས་ནས་སྤྲོ་སེམས་འཁོལ་བའི་ངང་ཀྲུའུ་ཞི་ཞི་ཅིན་ཕིང་ཕེབས་སྐྱེལ་བྱས།

ཚའེ་ཆི་དང་ལིས་ཧུང་ཀྲུང་།    ཧི་ཝེ་ཏུང་།    ཧི་ལིས་ཧྥིན།    ཝང་ཏུང་ཧྥིན།    ཞ་པའོ་ལུང་སོགས་བྱེད་སྒོར་ཞུགས།

ཉིན་དེའི་སྔ་དྲོར། ཀྲུའུ་ཞི་ཞི་ཅིན་ཕིང་དང་ལྕམ་མོ་ཕིང་ལི་ཡོན་ཧི་དབྱི་ཁྲིན་དང་ལྕམ་མོ་ཀྲིན་སུའུ་ཀྲིན་གྱི་ཕེབས་རོགས་འོག ཨའོ་མིན་རྟེན་མཛོད་ཁང་དུ་ཕེབས་ནས་གཟིགས་ཞིབ་མཛད། ཕིན་ལིས་ཡོན་གྱིས་རྟེན་མཛོད་ཁང་དུ་ཉར་ཚགས་བྱས་པའི་རིག་དངོས་ལ་གཟིགས་ཞིབ་བྱས་པ་དང་ཨའོ་མིན་གྱི་ལོ་རྒྱུས་འཕོ་འགྱུར་དང་།    ཀྲུང་གོ་དང་ནུབ་ཕྱོགས་མཉམ་འདྲེས་ཀྱི་ཨར་ལས་བཟོ་སྐྲུན།    ལས་རིགས།    རིག་གནས་འཚོ་བ་སོགས་ཀྱི་གནས་ཚུལ་རྒྱུས་ལོན་གཏིང་ཟབ་གནང་བ་མ་ཟད།    ས་གནས་དེ་གའི་སོ་ཕག་དཀར་རྩི་མ་བཟོ་བ་དང་ཤིང་བརྐོས་སོགས་གཟུགས་འདས་ཤུལ་བཞག་རིག་གནས་རྒྱུན་འཛིན་པ་དང་བྱམས་བརྩེའི་ངང་བརྗེ་རེས་གནང་།

རྟེན་མཛོད་ཁང་གི་གསུམ་ཐོག་གི་ཚོམས་ཆེན་དུ། ཕིན་ལིས་ཡོན་གྱིས་གྲོགས་པོ་ཆུང་ཆུང་ཚོས་སྤེལ་བའི་ལྟ་སྐོར་དང་མྱོང་ཚོར་ལ་ཞིབ་མོར་གཟིགས་པ་མ་ཟད།    རིག་གནས་གསར་གཏོད་ཚོང་འདུས་སུ་རིག་གནས་གསར་གཏོད་ཐོན་རྫས་འགྲེམས་སྟོན་ལ་གཟིགས་པ་དང་། ཡུལ་དངོས་སུ་ཁམ་ཏོག་གི་བག་ལེབ་བཟོ་བའི་ཁྲོད་ཞུགས། ཕིན་ལིས་ཡོན་གྱིས་ཚང་མར་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་བྱས་ནས། རྒྱལ་གཅེས་ཨའོ་གཅེས་ཀྱི་བརྩེ་སེམས་ཇེ་ཟབ་ཏུ་གཏོང་བ་དང་། ཧུར་ཐག་གིས་ཤེས་བྱ་དང་རྩལ་ནུས་སློབ་སྦྱོང་བྱས་ཏེ་ཨའོ་མོན་འཛུགས་སྐྲུན་དང་རྒྱལ་ཁབ་འཕེལ་རྒྱས་ཁྲོད་ཞུགས་དགོས་པའི་སྐུལ་ལྕག་གནང་།

ཤ་བོ་རིན་མཚོས་བསྒྱུར།