ཚེས19ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨའོ་མིན་དུ། ཨའོ་མིན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དང་ཁྲིམས་འཛུགས། ཁྲིམས་འཛིན་བཅས་ཀྱི་སྒྲིག་གཞིའི་འགན་ཁུར་བར་མཇལ་འཕྲད་གནང་།
ཚེས19ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨའོ་མོན་དུ། ཨའོ་མིན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དང་ཁྲིམས་འཛུགས། ཁྲིམས་འཛིན་བཅས་ཀྱི་སྒྲིག་གཞིའི་འགན་ཁུར་བར་མཇལ་འཕྲད་གནང་།
ཞི་ཅིན་ཕིང་གིས་ལོ་ལྔའི་རིང་ལ་སྲིད་འཛིན་དཔོན་ཧི་དབྱི་ཁྲིན་གྱི་སྣེ་ཁྲིད་འོག་ཏུ། ཨའོ་མིན་གྱི་སྲིད་འཛིན་དང་ཁྲིམས་འཛུགས། ཁྲིམས་འཛིན་བཅས་ཀྱི་སྒྲིག་གཞིས“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་བྱེད་ཕྱོགས་ཁྱོན་ཡོངས་དང་གནད་ལ་འཁེལ་བ། བློ་བརྟན་འགྱུར་མེད་བཅས་ཀྱི་སྒོ་ནས་ལག་བསྟར་བྱས་ཏེ། རྩ་ཁྲིམས་དང་གཞི་རྩའི་བཅའ་ཁྲིམས་ལ་དམ་པོར་དམིགས་ནས་སྲིད་སྐྱོང་དང་རང་འགན་རང་སྒྲུབ། དངོས་གཉེར་ལས་སྒྲུབ་བཅས་བྱས་ནས། ཨའོ་མིན་གྱི་དར་རྒྱས་དང་བརྟན་བརླིང་། འཕེལ་རྒྱས་བཅས་ཀྱི་ཐད་ལས་དོན་འབོར་ཆེན་བསྒྲུབས་པར་ཀུན་གྱིས་མཐོང་ཐུབ་པའི་གྲུབ་འབྲས་ཐོབ་ཡོད། ཀྲུང་དབྱང་སྲིད་གཞུང་གིས་སྐབས་འདིའི་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གི་ལས་དོན་ལ་ཁས་ལེན་གང་ལེགས་དང་གདེང་འཇོག་ཚད་མཐོན་པོ་བྱེད་ཀྱིན་ཡོད་ཅེས་གསུངས།
ཞི་ཅིན་ཕིང་གིས་སྐབས་རིམ་བྱུང་གི་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་གཞུང་གིས་སྤྱི་ཚོགས་ལས་རིགས་སོ་སོར་མཐུན་སྒྲིལ་སྒོས་མུ་མཐུད་འབད་འཐབ་བྱས་པ་བརྒྱུད། ཨའོ་མིན་དུ་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་མངོན་འགྱུར་བྱུང་བ་དང་། ཨའོ་མིན་དུ“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ལག་བསྟར་བྱས་པར་གྲུབ་འབྲས་ཧ་ཅང་ཆེན་པོ་ཐོབ་ཡོད་ཅིང་། གྲུབ་འབྲས་འདི་དག་ནི་མི་རབས་ནས་མི་རབས་བར་དུ་བསྒྲུབས་ནས་བྱུང་བ་ཞིག་ཡིན། ཕྱིན་ཆད་ལས་གནས་གང་འདྲ་ཞིག་གི་སྟེང་ཡིན་རུང་ཚང་མས་སྐབས་གསར་པའི་སྲིད་འཛིན་དཔོན་དང་སྐབས་གསར་པའི་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གིས་ཁྲིམས་ལྟར་སྲིད་སྐྱོང་བྱ་རྒྱུར་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱེད་དགོས་པ་དང་། ཨའོ་མིན་འཕེལ་རྒྱས་ལ་མུ་མཐུད་རོགས་རམ་བྱས་ནས། སྔར་ལས་མཛེས་སྡུག་ལྡན་པའི་ཨའོ་མིན་འཛུགས་སྐྲུན་བྱ་ཆེད་སྟོབས་ཤུགས་ཅི་ཡོད་ལེགས་སྐྱེས་སུ་འབུལ་རྒྱུའི་རེ་ལྟོས་ཆེ་ཞེས་ནན་གྱིས་གསུངས།
ཉིན་དེའི་ཕྱི་དྲོར། ཞི་ཅིན་ཕིང་གིས་ད་དུང་ཨའོ་མིན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྒྲིག་ཁྲིམས་དཔུང་སྡེ་ཡི་འཐུས་མིར་མཇལ་འཕྲད་གནང་།
ཚའེ་ཆི་དང་ལིས་ཧུང་ཀྲུང་། ཧི་ཝེ་ཏུང་། ཧི་ལིས་ཧྥུན། ཝང་ཏུང་ཧྥུན། ཞ་པའོ་ལུང་སོགས་གོང་གསལ་གྱི་མཇལ་འཕྲད་ལ་ཞུགས།
ཨའོ་མིན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་ཧི་དབྱི་ཁྲིན་དང་ཨའོ་མིན་དམིགས་བསལ་སྲིད་འཛིན་ཁུལ་གྱི་ལས་སྒུག་སྲིད་འཛིན་དཔོན་ཚིན་ཧའོ་ཧོས་འབྲེལ་ཡོད་མཇལ་འཕྲད་ལ་ཞུགས།
བན་དེ་སྐྱབས་ཀྱིས་བསྒྱུར།