ཟླ12པའི་ཚེས19ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་ཨའོ་མིན་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྲིད་འཛིན་དཔོན་ཧི་དབྱི་ཁྲིན་གྱི་ཕེབས་རོགས་འོག་ཧིན་ཆིན་ཀོང་ཏུང་དང་ཨའོ་མིན་གྱི་མཉམ་ལས་ཟབ་སྤེལ་ཁུལ་དུ་རྟོག་ཞིབ་གནང་། འདི་ནི་ཞི་ཅིན་ཕིང་གིས་ཧིན་ཆིན་ཐེན་མུའུ་ཆིན་ཐའེ་འགྲེམས་སྟོན་ཁང་དུ་ཨའོ་མིན་ཁྲོམ་གཞུང་གསར་པའི་ལས་གཞིའི་འགྲེམས་ཁུལ་གྱི་མདུན་དུ་སྡོད་པའི་གྲོང་མིའི་འཐུས་མི་དང་བྱམས་བརྩེའི་ངང་གླེང་མོལ་བྱེད་བཞིན་པ་རེད།
ཟླ12པའི་ཚེས19ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་ཨའོ་མིན་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྲིད་འཛིན་དཔོན་ཧི་དབྱི་ཁྲིན་གྱི་ཕེབས་རོགས་འོག་ཧིན་ཆིན་ཀོང་ཏུང་དང་ཨའོ་མིན་གྱི་མཉམ་ལས་ཟབ་སྤེལ་ཁུལ་དུ་རྟོག་ཞིབ་གནང་།
ཞི་ཅིན་ཕིང་གིས་ཀོང་ཏུང་དང་ཨའོ་མིན་ཀྲུང་ལུགས་གསོ་རིག་སྨན་རྫས་ཀྱི་རྩེར་སོན་ཚན་རྩལ་འདེགས་སྐྱོར་སྟེགས་བུ་མཉམ་སྐྲུན་བྱས་པའི་གནས་ཚུལ་གྱི་ངོ་སྤྲོད་ལ་གསན་པ་དང་། ཁོ་ཚོས་རིག་ཚན་མང་བའི་སྔོན་ཐོན་ལག་རྩལ་བསྡུ་སྒྲིལ་བྱས་ནས་ཀྲུང་ལུགས་གསོ་རིག་སྨན་རྫས་འཛམ་གླིང་ཕྱོགས་སུ་བསྐྱོད་རྒྱུར་སྐུལ་འདེད་གཏོང་བའི་བྱེད་ཐབས་ལ་ཁས་ལེན་གང་ལེགས་གནང་། ཨའོ་མིན་གྱི་ཁྲོམ་གཞུང་གསར་པ་ནི་ཧིན་ཆིན་གྱིས་ཨའོ་མིན་གྱི་ཡུལ་མིར་བསྐྲུན་པའི་ཕྱོགས་བསྡུས་དམངས་འཚོའི་བཟོ་སྐྲུན་ཐོག་མ་དེ་ཡིན་པ་དང་། ལས་གཞི་འགྲེམས་ཁུལ་གྱི་མདུན་དུ་ཞི་ཅིན་ཕིང་གིས་དེ་གར་སྡོད་པའི་གྲོང་མིའི་འཐུས་མི་དང་བྱམས་བརྩེའི་ངང་གླེང་མོལ་གནང་། གཞོན་ནུ་ལས་སྐྲུན་པའི་འཐུས་མིས་ཨའོ་མིན་ནས་ཧིན་ཆིན་དུ་རྩ་བ་ཚུགས་པ་དང་ལས་སྐྲུན་བྱས་པའི་སྐོར་ལ་གསན་རྗེས། ཞི་ཅིན་ཕིང་གིས་ཁྱེད་ཚོའི་གསར་གཏོད་ལས་སྐྲུན་གྱི་གཏམ་རྒྱུད་ལས་ཨའོ་མིན་དུ་ཕུགས་བསམ་དང་འགན་འཁྲི་ལྡན་ལ་འཚོལ་ཞིབ་དང་གསར་གཏོད་བྱེད་ཕོད་པའི་ན་གཞོན་ཁག་གཅིག་ཡོད་པ་གསལ་བཤད་ཐུབ་ཡོད། ཧིན་ཆིན་གསར་སྤེལ་དང་འཛུགས་སྐྲུན་བྱས་པ་དེས་ཁྱོད་ཚོའི་ལས་སྒྲུབ་ལས་སྐྲུན་ལ་ཡངས་ཤིང་རྒྱ་ཆེ་བའི་བར་སྟོང་དང་གོ་སྐབས་འདོན་སྤྲོད་བྱས་ཡོད་ལ་དེ་གར་མདུན་ལམ་ཆེན་པོ་ལྡན། ཨའོ་མིན་གྱི་ན་གཞོན་སྔར་ལས་མང་བས་ཧིན་ཆིན་དུ་ངོ་མཚར་ལྡན་པའི་མི་ཚེ་ཞིག་འཁྲབ་སྟོན་བྱ་རྒྱུའི་རེ་བ་ཡོད་ཅེས་གསུངས།
ཞི་ཅིན་ཕིང་གིས་བསྟན་དོན། ཧིན་ཆིང་གསར་སྤེལ་བྱེད་པའི་ཐོག་མའི་བསམ་འདུན་ངེས་པར་དུ་བློ་ལ་བརྟན་པོར་ངེས་དགོས་པ་ནི་ཨའོ་མིན་གྱི་དཔལ་འབྱོར་སྣ་མང་ཅན་དུ་འཕེལ་རྒྱས་འོས་འཚམ་གཏོང་ཆེད་ཡིན། བློ་བརྟན་འགྱུར་མེད་ངང་འཆར་འགོད་དོན་འཁྱོལ་དང་འཐབ་ཇུས་ཀྱི་ངེས་ཤུགས་རྒྱུན་འཁྱོངས། ཡུན་རིང་བྱས་རྗེས་འཇོག་རྒྱུ་རྒྱུན་འཁྱོངས་བཅས་བྱེད་དགོས། མཉམ་ལས་ཁུལ་གསར་སྤེལ་དང་འཛུགས་སྐྲུན་བྱས་པའི་ཕན་འབྲས་ལ་ཞིབ་བཤེར་བྱ་རྒྱུ་དེ་ཨའོ་མོན་གྱི་དཔལ་འབྱོར་སྣ་མང་ཅན་དུ་འཕེལ་རྒྱས་འོས་འཚམ་གཏོང་བ་དང་། ཨའོ་མིན་གྱི་གྲོང་མིའི་འཚོ་བ་དང་ལས་ཞུགས་ལ་སྟབས་བདེ་ཡོང་བའི་ཐད་ལ་བྱེད་ཐབས་དང་གྲུབ་འབྲས་དངོས་ཐོབ་མིན་ལ་བལྟ་དགོས། “ལམ་ལུགས་གཉིས”ཀྱི་ནུས་པ་འདོན་སྤེལ་བྱེད་པ་དང་ས་གནས་གཉིས་ཀྱི་སྒྲིག་སྲོལ་སྦྲེལ་མཐུད་དང་ལམ་སྲོལ་སྦྲེལ་མཐུད་ལ་སྐུལ་འདེད་གཏོང་བའི་ཐད་ལམ་ལུགས་རང་བཞིན་གྱི་གྲུབ་འབྲས་གསར་པ་བཏོད་ཡོད་མེད་ལ་ལྟ་དགོས། ཧིན་ཆིན་དང་ཨའོ་མིན་གཞི་གཅིག་ཅན་དུ་སྐུལ་འདེད་གཏོང་བའི་ཀོང་ཏུང་དང་ཨའོ་མིན་ཁུག་ཆེན་ཁུལ་གྱི་ཚོང་ར་གཞི་གཅིག་ཅན་དུ་འགྱུར་བའི་འཛུགས་སྐྲུན་ཐད། སྔོན་ལ་སྒྲུབ་པ་དང་སྔོན་ལ་ཚོད་ལྟ་བྱེད་པའི་ནུས་པ་འདོན་སྤེལ་བྱས་ཡོད་མེད་ལ་བལྟ་དགོས། ཀོང་ཏུང་དང་། ཀྲུའུ་ཧའེ། ཨའོ་མིན་བཅས་ནི་མཉམ་ལས་ཁུལ་འཛུགས་སྐྲུན་ཐད་བྱས་རྗེས་འཇོག་མཁན་དང་ཕན་པ་ཐོབ་མཁན་ཡིན་པས། ཚང་མས་དམིགས་འབེན་དེར་ཕྱོགས་ནས་མཉམ་དུ་འབད་བརྩོན་བྱེད་དགོས།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། འགོ་རྩོམ་ས་གསར་པའི་ཐོག་ཚང་མས་ཀྲུང་དབྱང་གི་བླང་བྱ་གཞིར་བཟུང་ནས། བློ་རྩ་བརྟན་པོས་བཅོས་སྒྱུར་དང་སྟོབས་ཤུགས་གཅིག་སྒྲིལ་གྱིས་འགག་སྒྲོལ་བྱས་ཏེ། མཉམ་ལས་ཁུལ་འཛུགས་སྐྲུན་གྱི་རྣམ་པ་གསར་པ་ལག་གདང་སྦྲེལ་ནས་བསྐྲུན་དགོས། རྨང་གཞིའི་སྒྲིག་བཀོད་ཀྱི“མཁྲེགས་ཆས་མཉམ་འབྲེལ”དང་། སྒྲིག་སྲོལ་དང་ལམ་སྲོལ་“འཇམ་མཐུད་མཉམ་འབྲེལ།” ཧིན་ཆིན་དང་ཨའོ་མིན་གྱི་ཡུལ་མི་ཚོའི“སེམས་པ་མཉམ་འབྲེལ”བཅས་ལ་རྒྱུན་ཆད་མེད་པར་ཤུགས་བསྣན་ཏེ། ཧིན་ཆིན་དང་ཨའོ་མིན་དཔལ་འབྱོར་ཚད་མཐོའི་མཐུན་སྦྱོར་དང་སྒྲིག་སྲོལ་སྦྲེལ་མཐུད་གཏིང་ཟབ་བྱེད་པའི་ལམ་ལུགས་མ་ལག་མགྱོགས་མྱུར་བསྐྲུན་ནས། ཧིན་ཆིན་དང་ཨའོ་མིན་གཞི་གཅིག་ཅན་གྱི་ཆུ་ཚད་སྔར་ལས་མཐོ་བའི་སྟེང་དུ་སླེབས་ཐུབ་པ་བྱེད་དགོས། སྤྱི་པའི་ཞབས་ཞུ་དང་སྤྱི་ཚོགས་འགན་སྲུང་མ་ལག་རྒྱུན་མཐུད་སྒོས་འཐུས་སྒོ་ཚང་དུ་གཏོང་བ་དང་། འཚོ་བའི་ཁོར་ཡུག་སྤུས་ལེགས་བསྐྲུན་ནས་སྤུན་ཟླ་ཨའོ་མིན་པས་འདི་གར་འཚོ་བ་རོལ་བ་དང་། ལས་ཞུགས། ལས་སྐྲུན་བཅས་བྱེད་པར་སྟབས་བདེ་བསྐྲུན་དགོས། ཀྲུང་དབྱང་གིས་གནང་བའི་རྒྱབ་སྐྱོར་སྲིད་ཇུས་སྣ་ཚོགས་བེད་སྤྱོད་གང་ལེགས་བྱེད་པ་དང་། ཚོང་གཉེར་ཁོར་ཡུག་རྩེ་གྲ་བསྐྲུན་པར་ཤུགས་རྒྱག་པ། ཨའོ་མིན་གྱི་དཔལ་འབྱོར་སྣ་མང་ཅན་དུ་འཕེལ་རྒྱས་འོས་འཚམ་གཏོང་བ་དང་། ཀོང་ཏུང་དང་ཞང་ཀང་། ཨའོ་མིན་བཅས་ཁུག་ཆེན་ཁུལ་གྱི་ཚོང་ར་གཞི་གཅིག་ཅན་དུ་འགྱུར་བའི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་བཅས་བྱ་དགོས།
ཚའེ་ཆི་དང་ལིས་ཧུང་ཀྲུང་། ཧི་ཝེ་ཏུང་། ཧི་ལིས་ཧྥིན། ཧོང་ཁུན་མེན། ཝང་ཏུང་ཧྥིན། ཞ་པའོ་ལུང་སོགས་བྱེད་སྒོར་ཞུགས།
ཤ་བོ་རིན་མཚོས་བསྒྱུར།