ཞིང་ཆེན་སྲིད་གྲོས་ཏང་ཙུའུ་ཡིས་རྒྱས་འཛོམས་གྲོས་ཚོགས་བསྡུས།
2024.12.20 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 25

ཟླ12པའི་ཚེས18ཉིན། ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་ཞི་མགོན་པོ་བཀྲ་ཤིས་ཀྱིས་མགོ་འཛིན་བྱས་ཏེ་ཞིང་ཆེན་སྲིད་གྲོས་ཏང་ཙུའུ་ཡི་རྒྱས་འཛོམས་གྲོས་ཚོགས་བསྡུས་ནས། མཱ་ཧྥིན་ཧྲིན་ལ་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་གྱི་དོགས་གཞི་ཡོད་པའི་ཀྲུང་དབྱང་སྒྲིག་འགལ་ཁྲིམས་འགལ་གྱིས་ཀྲུང་དབྱང་སྒྲིག་ཁྲིམས་བཤེར་ཨུ་ཡོན་ལྷན་ཁང་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གིས་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་བརྟག་དཔྱད་དང་ལེན་བྱེད་པའི་སྐོར་གྱི་ཐག་གཅོད་བརྒྱུད་བསྒྲགས་གནང་བ་དང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས། ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་ཡི་ཁོངས་མི་དང་། ཀྲུའུ་ཞི་ཚོགས་པའི་ཁོངས་མི། འབྲེལ་ཡོད་ཆེད་དོན་ཨུ་ཡོན་ལྷན་ཁང་གི་འགན་ཁུར་བློ་མཐུན་བཅས་ཀྱིས་གཏམ་བཤད་གནང་། ཚོགས་འདུར་ཞུགས་མཁན་བློ་མཐུན་ཚོས་ཏང་ཀྲུང་དབྱང་དང་ཀྲུང་དབྱང་སྒྲིག་བཤེར་ཨུ་ཡོན་ལྷན་ཁང་དང་། རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཐག་གཅོད་ལ་བརྩི་བཀུར་མཐའ་གཅིག་ཏུ་བྱེད་པའི་ཚུལ་བསྟན། 

ཚོགས་འདུ་ལས་བསྟན་དོན། ཀྲུང་དབྱང་སྒྲིག་བཤེར་ཨུ་ཡོན་ལྷན་ཁང་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གིས་མཱ་ཧྥིན་ཧྲིན་གྱིས་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་གྱི་དོགས་གཞི་ཡོད་པར་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་བརྟག་དཔྱད་བྱས་ཏེ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཏང་གིས་ཏང་སྐྱོང་བ་དང་། ཕྱོགས་ཡོངས་ནས་ཏང་ནན་གྱིས་སྐྱོང་བ་རྒྱུན་འཁྱོངས་བྱེད་པའི་རྣམ་འགྱུར་གསལ་པོ་དང་བློ་རྩ་བརྟན་པོ་གང་ལེགས་མཚོན་པ་དང་། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་བཀག་སྡོམ་ཁུལ་མེད་པ་དང་། ཁྱོན་ཡོངས་ལ་ཁྱབ་པ། བཟོད་སྒོམ་གཏན་ནས་མི་བྱེད་པ་བཅས་ཀྱི་བརྡ་རྟགས་དྲག་པོ་གང་ལེགས་མཚོན་ཡོད།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། ཞིང་ཆེན་ཡོངས་ཀྱི་རིམ་པ་ཁག་གི་སྲིད་གྲོས་ཏང་རྩ་འཛུགས་དང་སྲིད་གྲོས་ལས་ཁུངས་ཀྱི་ཏང་ཡོན་ལས་བྱེད་པས་ཏང་ཀྲུང་དབྱང་དང་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཆོད་དོན་ལ་བརྩི་བཀུར་མཐའ་གཅིག་ཏུ་བྱེད་པ་དང་། ཞིང་ཆེན་ཏང་ཨུ་ཡི་བླང་བྱ་ནན་ཏན་སྒོས་དོན་འཁྱོལ་བྱེད་པ་དང་། བསླབ་བྱ་ཟབ་མོ་བསྡུ་ལེན། ཉེན་བརྡ་རྒྱུན་སྒྲོག་བཅས་བྱས་ཏེ། ཕྱོགས་ཡོངས་ནས་ཏང་ནན་གྱིས་སྐྱོང་བའི་བླང་བྱ་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་དགོས་ལ། ཕུགས་བསམ་དང་དད་སེམས་ཀྱི་རྨང་གཞི་བརྟན་པོ་འདིང་བ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་རྒྱུན་འཁྱོངས་ལྷོད་མེད་ཀྱིས་སེམས་ཤུགས་གཅིག་སྒྲིལ་དང་། གུང་ཁྲན་ཏང་མིའི་ཐོག་མའི་བསམ་འདུན་དང་འགན་འཁྲི་ནམ་ཡང་ཡིད་ལ་དྲན་པ། ཡང་དག་པའི་དབང་ཆའི་ལྟ་བ་དང་། གོ་གནས་ཀྱི་ལྟ་བ། ཁེ་ཕན་གྱི་ལྟ་བ་བཅས་བརྟན་པོ་འཛུགས་པ་བཅས་བྱས་ཏེ། བློ་བརྟན་འགྱུར་མེད་ཀྱི་དད་སེམས་ལ་བརྟེན་ནས་རུལ་རྒོལ་འགྱུར་འགོག་གི་བསམ་བློའི་རྨང་གཞི་བརྟན་པོ་འདིང་དགོས་ཟེར།

ཚེ་མགོན་རྒྱལ་གྱིས་བསྒྱུར།