ཞི་ཅིན་ཕིང་གིས་ཨའོ་མིན་སྤྱི་ཚོགས་ལས་རིགས་སོ་སོའི་འཐུས་ཚབ་མི་སྣར་མཇལ་འཕྲད་གནང་།
2024.12.20 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 27

ཚེས19ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨའོ་མིན་དུ། ཨའོ་མིན་གྱི་སྤྱི་ཚོགས་ལས་རིགས་སོ་སོའི་འཐུས་ཚབ་མི་སྣ་དང་མཇལ་འཕྲད་གནང་།

ཚེས19ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨའོ་མོན་དུ། ཨའོ་མིན་གྱི་སྤྱི་ཚོགས་ལས་རིགས་སོ་སོའི་འཐུས་ཚབ་མི་སྣ་དང་མཇལ་འཕྲད་གནང་ནས། ཚང་མས་ཨའོ་མོན་ཡུན་རིང་དར་རྒྱས་བརྟན་བརླིང་རྒྱུན་འཁྱོངས་ཐུབ་ཆེད་བྱས་རྗེས་བཞག་པར་ཐུགས་རྗེ་ཆེ་ཞུས་པར་མ་ཟད། ཚང་མས་མུ་མཐུད་མཐུན་སྒྲིལ་འབད་འཐབ་བྱས་ནས། ཨའོ་མོན་གྱི་འོད་སྟོང་གསར་པ་བསྐྲུན་རྒྱུའི་རེ་ལྟོས་ཆེ་ཞེས་གསུངས།

ཉིན་དེའི་ཕྱི་དྲོར། ཞི་ཅིན་ཕིང་གིས་ད་དུང་ཨའོ་མོན་དུ་སྡོད་པའི་ཀྲུང་དབྱང་གི་སྒྲིག་གཞི་དང་ཀྲུང་གོའི་དངུལ་གཏོང་སྒྲིག་གཞི་ཡི་འགན་ཁུར་བ་གཙོ་བོར་མཇལ་འཕྲད་གནང་།

ཚའེ་ཆི་དང་ལིས་ཧུང་ཀྲུང་། ཧི་ཝེ་ཏུང་། ཧི་ལིས་ཧྥུན། ཝང་ཞའོ་ཧུང་། ཝང་ཏུང་ཧྥུན། ཞ་པའོ་ལུང་སོགས་འབྲེལ་ཡོད་མཇལ་འཕྲད་ལ་ཞུགས།

རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཧོ་ཧོའུ་ཧྭ་དང་ཨའོ་མིན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་ཧི་དབྱིས་ཁྲིན། ལས་སྒུག་སྲིད་འཛིན་དཔོན་ཚིན་ཧའོ་ཧོས། སྲིད་འཛིན་དཔོན་ཟུར་པ་ཚོས་ཧྲི་ཨན་བཅས་ཀྱང་འབྲེལ་ཡོད་མཇལ་འཕྲད་ལ་ཞུགས།

བན་དེ་སྐྱབས་ཀྱིས་བསྒྱུར།