ཨའོ་མིན་ཕྱིར་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ25འཁོར་བར་རྟེན་འབྲེལ་ཞུ་བའི་རིག་རྩལ་དགོང་ཚོགས་ཨའོ་མིན་དུ་འཚོགས།
2024.12.20 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 27

ཨའོ་མིན་ཕྱིར་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ25འཁོར་བར་རྟེན་འབྲེལ་ཞུ་བའི་རིག་རྩལ་དགོང་ཚོགས་ཚེས19ཉིན་གྱི་དགོང་མོ་ཨའོ་མོན་གྱི་ཨེ་ཤེ་ཡ་ཤར་མའི་ལུས་རྩལ་འགྲན་ཚོགས་ཁང་དུ་འཚོགས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཁྲབ་སྟོན་ལ་གཟིགས། དགོང་ཚོགས་ཀྱི་མཇུག་ཏུ་ཞི་ཅིན་ཕིང་གིས་ཚོགས་ར་ཡོངས་ཀྱི་ལྟད་མོ་པ་དང་མཉམ་དུ། 《མེས་རྒྱལ་ལ་བསྟོད་གླུ་ལེན》ཞེས་པའི་གླུ་གཞས་སྐད་གསེང་མཐོན་པོས་བླངས།

ཨའོ་མིན་ཕྱིར་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ25འཁོར་བར་རྟེན་འབྲེལ་ཞུ་བའི་རིག་རྩལ་དགོང་ཚོགས་ཚེས19ཉིན་གྱི་དགོང་མོ་ཨའོ་མིན་གྱི་ཨེ་ཤ་ཡ་ཤར་མའི་ལུས་རྩལ་འགྲན་ཚོགས་ཁང་དུ་འཚོགས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཁྲབ་སྟོན་ལ་གཟིགས།

འཁྲབ་སྟོན་ཡུལ་དངོས་སུ་གློག་འོད་ཆེམ་ཆེམ་འཕྲོ་བ་དང་དགའ་སྤྲོ་རྟེན་འབྲེལ་གྱི་ཡོ་ལང་རབ་ཏུ་རྒྱས། དགོང་མོའི་དུས་ཚོད་བརྒྱད་ཀྱི་སྟེང་དུ་དགའ་སྤྲོའི་རོལ་དབྱངས་ཀྱི་སྒྲ་གྲགས་པ་དང་། ཞི་ཅིན་ཕིང་དང་ལྕམ་མོ་ཕིན་ལིས་ཡོན་རྣམ་གཉིས་ཨའོ་མིན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་ཧི་དབྱི་ཁྲིན་དང་ལྕམ་མོ་ཀྲིན་སུའུ་ཀྲིན་གྱི་འགྲོ་རོགས་འོག་ཏུ།  དགོང་ཚོགས་ཀྱི་ཡུལ་དངོས་སུ་ཕེབས། ཚོགས་ར་ཡོངས་ཀྱི་ལྟད་མོ་པ་རྣམས་ཡར་ལངས་ནས་ཐལ་མོ་རྡེབ་པ་དང་སྤྲོ་སེམས་འཁོལ་བའི་ངང་དགའ་བསུ་ཞུས།

གར་སྟེགས་སྟེང་གསེར་གྱི་མེ་ཏོག་རྣམ་པར་བཞད་ཡོད་ཅིང་། 《ང་དང་ངའི་མེས་རྒྱལ》དང《དོ་ནུབ་གཉིད་བོར》ཅེས་པའི་རོལ་དབྱངས་དཀྲོལ། 《བུ་བདུན་གྱི་གླུ་དབྱངས》ཞེས་པའི་བརྩེ་དུང་ཟབ་མོའི་འགྱུར་ཁུགས་ཁྲོད་དུ། ཨའོ་མིན་གྱི་གྲོང་མིའི་འཐུས་མི་རྒན་དར་གཞོན་གསུམ་གྱིས་ཨའོ་མིན་དང་མཉམ་དུ་འཚར་ལོངས་བྱུང་བའི་ཐོབ་ཚོར་དང་སྐྱིད་སྣང་མཚོན་པར་བསྟན། ལང་ཚོའི་ཉམས་འགྱུར་མངོན་པའི་གླུ་གར《ཨའོ་མིན་སྐུ་ཁམས་བཟང》ཞེས་པའི་ནང་དུས་ཆེན་གྱི་ཉམས་སྣང་ཟབ་མོ་མངོན་པ་དང་། རོལ་ཆའི་ལམ་ནས་འཁྲབ་སྟོན་བྱས་པའི《མེ་ལོང་ངོས་ཀྱི་རྒྱ་མཚོའི་དབྱངས་གསར》ཞེས་པའི་འགྱུར་ཁུགས་སྙན་འཇེབས་ལྡན་ཞིང་བརྗོད་དོན་ཆེན་པོའི་སྒོ་ནས་ཀོང་ཏུང་དང་ཞང་ཀང་། ཨའོ་མོན་བཅས་མཚོ་ཁུགས་ཆེན་པོའི་འཆར་གཞི་གསལ་སྟོན་བྱས། རོལ་དབྱངས་ཟློས་གར་ཐུང་གྲས《“AI”སྟེང་གི་ཧིན་ཆིན》ཞེས་པ་དེས་ཨའོ་མིན་གྱི་གྲོང་མིའི་མཐོང་ལམ་སྤྱད་དེ། ཧིན་ཆིན་གྱི་ཀོང་ཏུང་དང་ཨའོ་མིན་གྱི་མཉམ་ལས་གཏིང་འདྲེས་ཁུལ་གྱི་སྐྱེ་སྟོབས་ཀྱི་དཔལ་འབར་བའི་སྣང་ཚུལ་གསེང་མཐོར་བླངས་པ་དང་། ཀོང་ཏུང་གི་གླུ་གཞས《མེ་ཏོག་པདྨ་དང་ཟླ་འོད་མཚོ་འགྲམ་ནས་ཡར་འཕགས》ཞེས་པ་དེ་ཀོང་ཏུང་གི་སྲོལ་རྒྱུན་ཟློས་གར་དང་གླུ་གར་དང་མཉམ་བསྲེས་བྱས་ནས། འཆམ་མཐུན་དང་བདེ་སྐྱིད་ལྡན་པའི་ཨའོ་མིན་འཛུགས་སྐྲུན་བྱེད་པའི་མཛེས་སྡུག་ལྡན་པའི་རེ་ལྟོས་མཚོན་པར་བྱས། ཞབས་བྲོ《སེང་གེ་ཤར་ཕྱོགས་ནས་མཆོངས》ཅེས་པ་དང་གླུ་གཞས《སྒྲུང་ཁུངས》ཞེས་པ་དེས་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་བའི་རང་རྟོགས་རང་རྟོན་མཚོན་པར་བྱས། གནས་ཚུལ་ཞིབ་བརྗོད་འཁྲབ་སྟོན《མེས་རྒྱལ་དང་མཉམ་དུ་འཚར་ལོངས་བྱུང》ཞེས་པའི་ནང་དུས་རབས་གསར་པའི་ཨའོ་མིན་འཕེལ་རྒྱས་ཀྱི་མི་སེམས་འགུལ་བའི་དུས་སྐབས་གསོན་ཉམས་ལྡན་པའི་སྒོ་ནས་བསྟན་ཡོད་ཅིང་།  མཉམ་ལེན《ང་ཀྲུང་གོ་ཁྱེད་ལ་དགའ》ཞེས་པས་ཨའོ་མིན་སྤུན་ཟླས་མ་ཡུམ་མེས་རྒྱལ་ལ་བཅངས་པའི་ལྷག་བསམ་ཟོལ་མེད་ཀྱི་དགའ་ཞེན་མཚོན་པར་བྱས། དགོང་ཚོགས་ཧྲིལ་པོར་ལྟད་མོ་ཤིན་ཏུ་ཆེ་བ་དང་མཐོ་རླབས་ཡང་ཡང་འཕྱུར་བ་དང་ལྟད་མོ་པ་ཚོའི་ཐལ་མོའི་རྡེབ་སྒྲ་ཡང་ཡང་གྲགས།

དགོང་ཚོགས་ཀྱི་མཇུག་ཏུ་ཞི་ཅིན་ཕིང་གིས་ཚོགས་ར་ཡོངས་ཀྱི་ལྟད་མོ་པ་དང་མཉམ་དུ། 《མེས་རྒྱལ་ལ་བསྟོད་གླུ་ལེན》ཞེས་པའི་གླུ་གཞས་སྐད་གསང་མཐོན་པོས་བླངས་ནས། རླབས་ཆེན་མེས་རྒྱལ་སྟོབས་འབྱོར་མངའ་ཐང་རྒྱས་པ་དང་ཨའོ་མིན་གྱི་འབྱུང་འགྱུར་སྔར་ལས་མཛེས་སྡུག་དཔལ་གྱིས་སྒེག་པའི་སྨོན་འདུན་ཞུས།  ཞི་ཅིན་ཕིང་གིས་འཁྲབ་སྟོན་པ་དང་ལྟད་མོ་བ་ཡོངས་ལ་ཕྱག་གཡུག་གཡུག་གནང་སྟེ་གུས་ལན་ཞུས་པར་བརྟེན། དགོང་ཚོགས་ཀྱི་རྣམ་པ་ཡང་བསྐྱར་མཐོ་རླབས་སུ་བསྐྱལ་བ་དང་། གླུ་སྒྲ་དང་ཐལ་མོའི་རྡེབ་སྒྲ་འབྲུག་སྟོང་ལྡིར་བ་བཞིན་མཆེད་དེ་དགའ་སྤྲོའི་མཚོ་མོ་བསྐྱིལ།

ཚའེ་ཆི་དང་ལིས་ཧུང་ཀྲུང་། ཧི་ཝེ་ཏུང་། ཧི་ལིས་ཧྥུན། ཝང་ཞའོ་ཧུང་། ཝང་ཏུང་ཧྥུན། ཞ་པའོ་ལུང་སོགས་ཀྱིས་མཉམ་དུ་འཁྲབ་སྟོན་ལ་བལྟས།

རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཧོ་ཧིའུ་ཧྭ་དང་། ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་ལིས་ཅ་ཁྲའོ། ཨའོ་མིན་དམིགས་བསལ་སྲིད་འཛིན་ཁུལ་གྱི་ལས་སྒུག་སྲིད་འཛིན་དཔོན་ཚིན་ཧའོ་ཧོས། སྲིད་འཛིན་དཔོན་ཟུར་པ་ཚོས་ཧྲི་ཨན། དེ་བཞིན་ཨའོ་མིན་ལས་རིགས་སོ་སོའི་འཐུས་མི་དང་དམིགས་བསལ་གདན་ཞུའི་སྐུ་མགྲོན་སོགས་ཀྱིས་འཁྲབ་སྟོན་ལ་བལྟས།

བན་དེ་སྐྱབས་ཀྱིས་བསྒྱུར།