ཨའོ་མིན་ཕྱིར་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ25འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་དང་ཨའོ་མིན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྐབས་དྲུག་པའི་སྲིད་གཞུང་གི་འགན་བཞེས་མཛད་སྒོ་གཟབ་རྒྱས་ངང་བསྡུས།
2024.12.20 ཁུངས། ཀློག་གྲངས། 26

ཟླ12ཚེས20ཉིན་གྱི་སྔ་དྲོར། ཨའོ་མིན་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ25འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་དང་ཨའོ་མིན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྐབས་དྲུག་པའི་སྲིད་གཞུང་གི་འགན་བཞེས་མཛད་སྒོ་ཨའོ་མིན་གྱི་ཨེ་ཤ་ཡ་ཤར་མའི་ལུས་རྩལ་འགྲན་ཚོགས་ལུས་རྩལ་ཁང་དུ་གཟབ་རྒྱས་ངང་བསྡུས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་ཚོགས་ཆེན་དང་མཛད་སྒོར་ཞུགས་ནས་གསུང་བཤད་གལ་ཆེན་གནང་།

ཟླ12ཚེས20ཉིན་གྱི་སྔ་དྲོར། ཨའོ་མིན་ཕྱིར་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ25འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་དང་ཨའོ་མིན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྐབས་དྲུག་པའི་སྲིད་གཞུང་གི་འགན་བཞེས་མཛད་སྒོ་ཨའོ་མིན་ཨེ་ཤ་ཡ་ཤར་མའི་ལུས་རྩལ་འགྲན་ཚོགས་ལུས་རྩལ་ཁང་དུ་གཟབ་རྒྱས་ངང་བསྡུས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་ཚོགས་ཆེན་དང་མཛད་སྒོར་ཞུགས་ནས་གསུང་བཤད་གལ་ཆེན་གནང་། ཁོང་གིས་ཨའོ་མིན་ཕྱིར་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ25འཁོར་བའི་རིང་ལ། ཨའོ་མིན་གྱི་ཁྱད་ཆོས་ལྡན་པའི་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་ལག་ལེན་ཐད་གྲུབ་འབྲས་ཆེན་པོ་བླངས་པ་དང་། ཨའོ་མིན་ལ་གནམ་ས་བླ་འོག་བརྗེ་བ་ལྟ་བུའི་འགྱུར་ལྡོག་བྱུང་ཞིང་། རྒྱལ་སྤྱིའི་ཤུགས་རྐྱེན་ཐེབས་ནུས་ཀྱང་མཐོར་འདེགས་ཆེན་པོ་བྱུང་ཡོད་ཅེས་བསྟན། ཁོང་གིས་སྐབས་གསར་པའི་ཨའོ་མིན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་གཞུང་གིས་སྤྱི་ཚོགས་ལས་རིགས་ཁག་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ། གོ་སྐབས་དམ་འཛིན་དང་ཞུམ་མེད་བཅོས་སྒྱུར། ཁག་ཁུར་འབད་བརྩོན་བཅས་བྱས་ནས། རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་ལམ་ལུགས་ཀྱི་དགེ་མཚན་འདོན་སྤེལ་སྔར་ལས་བཟང་པོ་བྱས་ཏེ། རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་ལས་དོན་སྤུས་ཚད་མཐོན་པོས་འཕེལ་རྒྱས་གཏོང་བའི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གསར་གཏོད་བྱེད་དགོས་པའི་ཐུགས་རེ་བཏོན།

ཟླ12ཚེས20ཉིན་གྱི་སྔ་དྲོར། ཨའོ་མིན་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ25འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་དང་ཨའོ་མིན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྐབས་དྲུག་པའི་སྲིད་གཞུང་གི་འགན་བཞེས་མཛད་སྒོ་ཨའོ་མིན་གྱི་ཨེ་ཤ་ཡ་ཤར་མའི་ལུས་རྩལ་འགྲན་ཚོགས་ལུས་རྩལ་ཁང་དུ་གཟབ་རྒྱས་ངང་བསྡུས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་ཚོགས་ཆེན་དང་མཛད་སྒོར་ཞུགས་ནས་གསུང་བཤད་གལ་ཆེན་གནང་། འདི་ནི་ཞི་ཅིན་ཕིང་གིས་ཚོགས་རའི་ནང་དུ་ཚོགས་ཆེན་དང་མཛད་སྒོར་ཞུགས་པའི་སྐུ་མགྲོན་ལ་ཕྱག་བརྡ་གནང་བའི་ཚུལ་རེད།

ཚོགས་རའི་རྣམ་པ་གཟབ་རྒྱས་ཆེ་བ་དང་སྤྲོ་སྣང་གིས་ཁེངས་ཡོད། ཀྲུའུ་ཞིའི་སྟེགས་བུའི་སྟེང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་དར་དང་། རྒྱལ་རྟགས། ཨའོ་མིན་དམིགས་བསལ་སྲིད་འཛིན་ཁུལ་གྱི་ཁུལ་དར་བཅས་ལ་བཀྲག་མདངས་རྒྱས་ཡོད། ཞི་ཅིན་ཕིང་དང་ལྕམ་མོ་ཕིན་ལིས་ཡོན་རྣམ་གཉིས་ཨའོ་མིན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྐབས་དྲུག་པའི་འགན་བཞེས་སྲིད་འཛིན་དཔོན་ཚིན་ཧའོ་ཧུའེ་དང་ལྕམ་མོ་ཧོང་ཁི་ཕིན་གཉིས་ཀྱི་ཕེབས་རོགས་འོག་ཚོགས་རར་ཕེབས་པ་ན། ཚང་མ་ཡར་ལངས་ཤིང་ཚོགས་ར་ཡོངས་སུ་ཐལ་མོའི་རྡེབ་སྒྲས་ཁྱབ།

སྔ་དྲོའི་ཆུ་ཚོད་བཅུའི་སྟེང་། རྟེན་འབྲེལ་ཚོགས་ཆེན་དང་འགན་བཞེས་མཛད་སྒོའི་མགོ་བརྩམས་པ་ན། ཚང་མ་ཡར་ལངས་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ་བླངས།

ཟླ12ཚེས20ཉིན་གྱི་སྔ་དྲོར། ཨའོ་མིན་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ25འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་དང་ཨའོ་མིན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྐབས་དྲུག་པའི་སྲིད་གཞུང་གི་འགན་བཞེས་མཛད་སྒོ་ཨའོ་མིན་གྱི་ཨེ་ཤ་ཡ་ཤར་མའི་ལུས་རྩལ་འགྲན་ཚོགས་ལུས་རྩལ་ཁང་དུ་གཟབ་རྒྱས་ངང་བསྡུས། འདི་ནི་ཞི་ཅིང་ཕིང་གིས་དམ་བཅའ་འཇོག་པར་ལྟ་སྐུལ་གནང་ནས། ཨའོ་མིན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྐབས་དྲུག་པའི་སྲིད་འཛིན་དཔོན་ཚིན་ཧའོ་ཧུའེ་ཡིས་འགན་བཞེས་དམ་བཅའ་འཇོག་པའི་རྣམ་པ་རེད།

ཟླ12ཚེས20ཉིན་གྱི་སྔ་དྲོར། ཨའོ་མིན་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ25འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་དང་ཨའོ་མིན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྐབས་དྲུག་པའི་སྲིད་གཞུང་གི་འགན་བཞེས་མཛད་སྒོ་ཨའོ་མིན་གྱི་ཨེ་ཤ་ཡ་ཤར་མའི་ལུས་རྩལ་འགྲན་ཚོགས་ལུས་རྩལ་ཁང་དུ་གཟབ་རྒྱས་ངང་བསྡུས། འདི་ནི་ཞི་ཅིང་ཕིང་གིས་དམ་བཅའ་འཇོག་པར་ལྟ་སྐུལ་གནང་ནས། ཨའོ་མིན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྐབས་དྲུག་པའི་སྲིད་འཛིན་དཔོན་ཚིན་ཧའོ་ཧུའེ་ཡིས་འགན་བཞེས་དམ་བཅའ་འཇོག་པའི་རྣམ་པ་རེད།

ཞི་ཅིན་ཕིང་ཀྲུའུ་ཞིའི་སྟེགས་བུའི་སྟེང་ཕེབས་ནས་དམ་བཅའ་འཇོག་པར་ལྟ་སྐུལ་གནང་། ཚིན་ཧའོ་ཧུའེ་ཡིས་ཐོག་མར་དམ་བཅའ་བཞག་ནས་ལས་འགན་ཁུར་བ་དང་། ཁོས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་དར་དང་། རྒྱལ་རྟགས། ཨའོ་མིན་དམིགས་བསལ་སྲིད་འཛིན་ཁུལ་གྱི་ཁུལ་དར་བཅས་ལ་བལྟས་ཏེ། གཡས་ལག་ཡར་བཀྱགས་ནས། ཨའོ་མིན་དམིགས་བསལ་སྲིད་འཛིན་ཁུལ་གྱི་གཞི་རྩའི་བཅའ་ཁྲིམས་ཀྱི་གཏན་འབེབས་གཞིར་བཟུང་སྟེ་གཟབ་ནན་གྱི་སྒོ་ནས་དམ་བཅའ་བཞག དམ་བཅའ་བཞག་རྗེས། ཞི་ཅིན་ཕིང་གིས་ཚིན་ཧའོ་ཧུའེ་ལ་བརྩེ་བའི་ཕྱག་འཇུ་གནང་།

ཟླ12ཚེས20ཉིན་གྱི་སྔ་དྲོར། ཨའོ་མིན་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ25འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་དང་ཨའོ་མིན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྐབས་དྲུག་པའི་སྲིད་གཞུང་གི་འགན་བཞེས་མཛད་སྒོ་ཨའོ་མིན་གྱི་ཨེ་ཤ་ཡ་ཤར་མའི་ལུས་རྩལ་འགྲན་ཚོགས་ལུས་རྩལ་ཁང་དུ་གཟབ་རྒྱས་ངང་བསྡུས། འདི་ནི་ཞི་ཅིན་ཕིང་གིས་དམ་བཅའ་འཇོག་པར་ལྟ་སྐུལ་གནང་ནས། ཨའོ་མིན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྐབས་དྲུག་པའི་སྲིད་གཞུང་དཔོན་རིགས་གཙོ་བོས་ཨའོ་མིན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྐབས་དྲུག་པའི་སྲིད་འཛིན་དཔོན་ཚིན་ཧའོ་ཧུའེ་ཡི་སྣེ་ཁྲིད་འོག་འགན་བཞེས་དམ་བཅའ་འཇོག་པའི་རྣམ་པ་རེད། 

ཟླ12ཚེས20ཉིན་གྱི་སྔ་དྲོར། ཨའོ་མིན་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ25འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་དང་ཨའོ་མིན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྐབས་དྲུག་པའི་སྲིད་གཞུང་གི་འགན་བཞེས་མཛད་སྒོ་ཨའོ་མིན་གྱི་ཨེ་ཤ་ཡ་ཤར་མའི་ལུས་རྩལ་འགྲན་ཚོགས་ལུས་རྩལ་ཁང་དུ་གཟབ་རྒྱས་ངང་བསྡུས། འདི་ནི་ཞི་ཅིན་ཕིང་གིས་དམ་བཅའ་འཇོག་པར་ལྟ་སྐུལ་གནང་ནས། ཨའོ་མིན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྐབས་དྲུག་པའི་སྲིད་གཞུང་དཔོན་རིགས་གཙོ་བོས་ཨའོ་མིན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྐབས་དྲུག་པའི་སྲིད་འཛིན་དཔོན་ཚིན་ཧའོ་ཧུའེ་ཡི་སྣེ་ཁྲིད་འོག་འགན་བཞེས་དམ་བཅའ་འཇོག་པའི་རྣམ་པ་རེད། 

དེར་མཐུད་ནས། ཞི་ཅིན་ཕིང་གིས་དམ་བཅའ་འཇོག་པར་ལྟ་སྐུལ་གནང་བ་དང་། ཨའོ་མིན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྐབས་དྲུག་པའི་སྲིད་གཞུང་གི་དཔོན་རིགས་གཙོ་བོས་ཚིན་ཧའོ་ཧུའེ་ཡི་སྣེ་ཁྲིད་འོག་དམ་བཅའ་བཞག དམ་བཅའ་བཞག་རྗེས། ཞི་ཅིན་ཕིང་གིས་ཁོ་ཚོར་རེ་རེ་བཞིན་བརྩེ་བའི་ཕྱག་འཇུ་གནང་།

དེའི་རྗེས་སུ། ཚིན་ཧའོ་ཧུའེ་ཡིས་དམ་བཅའ་འཇོག་པར་ལྟ་སྐུལ་བྱས་པ་དང་། ཨའོ་མིན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་ལྷན་ཚོགས་ཀྱི་ཨུ་ཡོན་གྱིས་འགན་བཞེས་དམ་བཅའ་བཞག

ཟླ12ཚེས20ཉིན་གྱི་སྔ་དྲོར། ཨའོ་མིན་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ25འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་དང་ཨའོ་མིན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྐབས་དྲུག་པའི་སྲིད་གཞུང་གི་འགན་བཞེས་མཛད་སྒོ་ཨའོ་མིན་གྱི་ཨེ་ཤ་ཡ་ཤར་མའི་ལུས་རྩལ་འགྲན་ཚོགས་ལུས་རྩལ་ཁང་དུ་གཟབ་རྒྱས་ངང་བསྡུས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་ཚོགས་ཆེན་དང་མཛད་སྒོར་ཞུགས་ནས་གསུང་བཤད་གལ་ཆེན་གནང་།

སྤྲོ་སེམས་འཁོལ་བའི་ཐལ་མོ་རྡེབ་སྒྲའི་ཁྲོད། ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་། ཁོང་གིས་ཐོག་མར་ཀྲུང་དབྱང་སྲིད་གཞུང་དང་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱི་ཚབ་མཛད་དེ། ཨའོ་མིན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྡོད་དམངས་ཡོངས་ལ་ལྷག་བསམ་རྣམ་དག་གིས་འཚམས་འདྲི་མཛད་པ་དང་། གསར་དུ་འགན་ཁུར་བའི་ཨའོ་མིན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྐབས་དྲུག་པའི་སྲིད་འཛིན་དཔོན་སྐུ་ཞབས་ཚིན་ཧའོ་ཧུའེ་དང་སྐབས་དྲུག་པའི་སྲིད་གཞུང་གི་དཔོན་རིགས་གཙོ་བོ། སྲིད་འཛིན་ལྷན་ཚོགས་ཀྱི་ཨུ་ཡོན་བཅས་ལ་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས་པ་དང་། དུས་ཡུན་རིང་བོར་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་ལས་དོན་དང་ཨའོ་མིན་གྱི་དར་རྒྱས་དང་བརྟན་འཇགས། འཕེལ་རྒྱས་བཅས་ཀྱི་ཐད་དུ་རྒྱབ་སྐྱོར་གནང་བའི་རྒྱལ་ཁབ་ཕྱི་ནང་གི་སྤུན་ཟླ་དང་རྒྱལ་སྤྱིའི་གྲོགས་པོར་ལྷག་བསམ་རྣམ་དག་གིས་བཀའ་དྲིན་ཆེ་ཞུས།

ཟླ12ཚེས20ཉིན་གྱི་སྔ་དྲོར། ཨའོ་མིན་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ25འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་དང་ཨའོ་མིན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྐབས་དྲུག་པའི་སྲིད་གཞུང་གི་འགན་བཞེས་མཛད་སྒོ་ཨའོ་མིན་གྱི་ཨེ་ཤ་ཡ་ཤར་མའི་ལུས་རྩལ་འགྲན་ཚོགས་ལུས་རྩལ་ཁང་དུ་གཟབ་རྒྱས་ངང་བསྡུས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་ཚོགས་ཆེན་དང་མཛད་སྒོར་ཞུགས་ནས་གསུང་བཤད་གལ་ཆེན་གནང་།

ཞི་ཅིན་ཕིང་གིས་ཨའོ་མིན་ཕྱིར་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ25འགོར་བའི་རིང་ལ། རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་ལམ་ལུགས་མ་ལག་རྒྱུན་ཆད་མེད་པར་ལེགས་བཅོས་བྱུང་བ་དང་། རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་ཁེ་ཕན་བཅས་ལ་སྲུང་སྐྱོང་ནུས་ལྡན་བྱས་ཡོད་ལ། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་ནས་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་མངོན་འགྱུར་བྱུང་བ་དང་། སྡོད་དམངས་ཀྱི་ཐོབ་སྣང་དང་སྐྱིད་སྣང་། བདེ་སྣང་བཅས་ཕྱོགས་ཡོངས་ནས་ཇེ་དྲག་ཏུ་སོང་བར་མ་ཟད། ཕྱི་ཕྱོགས་མཉམ་ལས་རྒྱུན་མཐུད་ངང་རྒྱ་བསྐྱེད་ནས། ལྟེ་བ་གཅིག་དང་སྟེགས་བུ་གཅིག  རྟེན་གཞི་གཅིག་གི་བྱེད་ནུས་ཉིན་རེ་བཞིན་མངོན་གསལ་དུ་གྱུར་ཡོད་ཅེས་བསྟན།

ཞི་ཅིན་ཕིང་གིས་ཨའོ་མིན་ཕྱིར་མེས་རྒྱལ་གྱི་པང་དུ་ལོག་པའི་ཚུན་ལ་བླངས་པའི་འོད་སྟོང་འབར་བའི་གྲུབ་འབྲས་ཀྱིས་མི་རྣམས་ལ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་དེར་ལམ་ལུགས་ཀྱི་དགེ་མཚན་མངོན་གསལ་དང་གསོན་ཤུགས་ཆེན་པོ་ཡོད་པ་དང་། དེ་ནི་ཞང་ཀང་དང་ཨའོ་མིན་གྱིས་དུས་ཡུན་རིང་བོར་དར་རྒྱས་དང་བརྟན་འཇགས་སྲུང་འཛིན་བྱེད་པའི་ལམ་ལུགས་བཟང་པོ་དང་། རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་ཐད་ཞབས་འདེགས་ཞུ་བའི་ལམ་ལུགས་བཟང་པོ། སྤྱི་ཚོགས་ཀྱི་ལམ་ལུགས་མི་འདྲ་བ་ཞི་བདེ་མཉམ་གནས་ཡོང་བ་དང་མཉམ་ལས་མཉམ་རྒྱལ་མངོན་འགྱུར་བྱེད་པའི་ལམ་ལུགས་བཟང་པོ་བཅས་ཡིན་པས། ངེས་པར་དུ་དུས་ཡུན་རིང་པོར་རྒྱུན་འཁྱོངས་བྱེད་དགོས་ལ། རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་ཁྲོད་འདུས་པའི་ཞི་བདེ་དང་དཀྱེལ་ཡངས། སྒོ་འབྱེད། མཉམ་སྤྱོད་བཅས་ཀྱི་རིན་ཐང་ལྟ་བ་ནི་ཀྲུང་གོའི་ཡིན་ལ་འཛམ་གླིང་གི་ཡང་ཡིན་པས། མཉམ་དུ་སྲུང་སྐྱོང་བྱེད་འོས་པ་ར་སྤྲོད་བྱས་ཡོད་ཅེས་ནན་གྱིས་བསྟན།

ཞི་ཅིན་ཕིང་གིས་བསྟན་དོན། ཞང་ཀང་དང་ཨའོ་མིན་མེས་རྒྱལ་གྱི་པང་དུ་ལོག་རྗེས་ཀྱི་ལག་ལེན་གྱི་ཉམས་མྱོང་ལས་ཞང་ཀང་དང་ཨའོ་མིན་ཡུན་རིང་དར་རྒྱས་དང་བརྟན་ལྷིང་ཡོང་བར་བྱེད་པ་དང་། རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་ལག་ལེན་བརྟན་བརླིང་ངང་ཡུན་རིང་ལག་བསྟར་བྱེད་ན། གཤམ་གསལ་གྱི་གནད་བཞི་དམ་འཛིན་བྱེད་དགོས་ཏེ། གཅིག་ནི་རྒྱལ་ཁབ་གཅིག་གི་རྩ་བ་བརྟན་པོར་སྲུང་བ་དང་ལམ་ལུགས་གཉིས་ཀྱི་ཁེ་ཕན་བེད་སྤྱོད་བྱེད་མཁས་དགོས། རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས། འཕེལ་རྒྱས་བཅས་ཀྱི་ཁེ་ཕན་དེ་ཡོད་ཚད་ལས་མཐོ་བ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱས་ཏེ། ཀྲུང་དབྱང་གིས་ཕྱོགས་ཡོངས་ནས་བཅོས་སྐྱོང་དོ་དམ་བྱེད་དབང་དོན་འཁྱོལ་བྱེད་རྒྱུ་དེར་དུས་དང་རྣམ་པ་ཀུན་ཏུ་གཡོ་འགུལ་འབྱུང་མི་རུང་། དེ་དང་མཉམ་དུ་ལམ་ལུགས་གཉིས་ཀྱི་ཁྱད་པར་ལ་བརྩི་འཇོག་བྱེད་པ་དང་། དམིགས་བསལ་སྲིད་འཛིན་ཁུལ་གྱི་ཚད་མཐོའི་རང་སྐྱོང་དབང་ཆར་འགན་སྲུང་གང་ལེགས་བྱེད་པ། རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་དང་། ཞང་ཀང་པས་ཞང་ཀང་སྐྱོང་བ་དང་། ཨའོ་མིན་པས་ཨའོ་མིན་སྐྱོང་བ། ཚད་མཐོའི་རང་སྐྱོང་བཅས་ཀྱི་བྱེད་ཕྱོགས་མུ་མཐུད་དུ་ཆ་ཚང་ཞིང་གནད་ལ་འཁེལ་བ། བློ་བརྟན་འགྱུར་མེད་བཅས་ཀྱི་སྒོ་ནས་ལག་བསྟར་བྱེད་རྒྱུ་དེར་འགྱུར་བ་མེད་པ་དང་གཡོ་འགུལ་མེད་པ། ངོ་བོ་མི་འགྱུར་བ་བཅས་ལ་ཁག་ཐེག་བྱེད་དགོས། གཉིས་ནི་ཆུ་ཚད་མཐོ་བའི་བདེ་འཇགས་ལ་སྲུང་སྐྱོང་དང་སྤུད་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། བདེ་འཇགས་ནི་འཕེལ་རྒྱས་ཀྱི་སྔོན་འགྲོ་ཡིན་པ་དང་། འཕེལ་རྒྱས་ནི་བདེ་འཇགས་ཀྱི་འགན་ལེན་ཡིན་པས། བདེ་འཇགས་སྲུང་སྐྱོང་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་གཉིས་གར་བློ་བརྟན་འགྱུར་མེད་ཡིན་དགོས། མིག་སྔའི་ཐོབ་དཀའ་བའི་བརྟན་ལྷིང་འཆམ་མཐུན་གྱི་རྣམ་པར་གཅེས་སྤྲས་བྱས་ཏེ། སྟོབས་ཤུགས་གཅིག་སྡུད་ཀྱིས་དཔལ་འབྱོར་གཉེར་བ་དང་། འཕེལ་རྒྱས་སུ་གཏོང་བ། འཛུགས་སྐྲུན་བྱེད་པ་བཅས་བྱས་ནས། སྒུལ་ནུས་གསར་པ་དང་ལེགས་ཆ་གསར་པ་རྒྱུན་ཆད་མེད་པར་བསྐྲུན་དགོས། གསུམ་ནི་ཐུན་མོང་མ་ཡིན་པའི་ལེགས་ཆ་འདོན་སྤེལ་དང་ཕྱི་ནང་འབྲེལ་མཐུད་ལ་ཤུགས་སྣོན་དགོས། སྔར་ལས་སྒོ་འབྱེད་དཀྱེལ་ཡངས་ཀྱི་རྣམ་པས་རྒྱལ་སྤྱིའི་འབྲེལ་འདྲིས་རྒྱ་ཆེར་བསྐྱེད་ནས། གོ་ལ་ཧྲིལ་བོའི་ཤན་ཤུགས་དང་འགུག་ཤུགས་ཆེ་རུ་གཏོང་དགོས། རྒྱལ་ཁབ་འཕེལ་རྒྱས་ཀྱི་འཐབ་ཇུས་དང་སྦྲེལ་མཐུད་ཟབ་མོ་བྱེད་པ་དང་། རྒྱལ་ཁབ་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཁྲོད་མྱུར་དུ་འདྲེས་པར་བྱས་ཏེ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་བསྐྲུན་པའི་ཁྲོད་སྦྲེལ་ཟམ་ལྟ་བུའི་ནུས་པ་འདོན་དགོས། བཞི་ནི་སྲོག་ཤིང་རིན་ཐང་དར་སྤེལ་དང་དཀྱེལ་ཡངས་འཆམ་མཐུན་ལ་ཡར་སྐུལ་བྱེད་དགོས། རྒྱལ་གཅེས་ཀང་གཅེས་དང་རྒྱལ་གཅེས་ཨའོ་གཅེས་ཀྱི་སྲོག་ཤིང་རིན་ཐང་རྒྱུན་འཛིན་དང་། སྣ་མང་རིག་གནས་བརྗེ་རེས་དང་མཉམ་འདྲེས་ཇེ་ཟབ་ཏུ་གཏོང་བ། དགེ་མཚན་ལྡན་པའི་སྟོབས་ཤུགས་མཐའ་དག་གཅིག་ཏུ་བསྒྲིལ་བ་བཅས་བྱས་ཏེ། རྒྱལ་ཁབ་ཕྱི་ནང་གིས་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་བྱ་གཞག་ལ་རྒྱབ་སྐྱོར་བྱེད་པའི་སེམས་ཤུགས་གཅིག་ཏུ་བསྒྲིལ་དགོས།

ཞི་ཅིན་ཕིང་གིས་སྐབས་གསར་པའི་ཨའོ་མིན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་གཞུང་ལ་བླང་བྱ་བཞི་བཏོན།གཅིག་ནི་དཔལ་འབྱོར་འོས་འཚམ་དང་སྣ་མང་ཅན་དུ་འཕེལ་རྒྱས་འབྱུང་བར་ཧུར་ཐག་གིས་སྐུལ་འདེད་གཏོང་དགོས། གཉིས་ནི་དམིགས་བསལ་སྲིད་འཛིན་ཁུལ་གྱི་བཅོས་སྐྱོང་ཕན་ནུས་ཧུར་ཐག་གིས་ཆེ་རུ་གཏོང་དགོས། གསུམ་ནི་ཆུ་ཚད་སྔར་ལས་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ཀྱི་ལས་སྟེགས་ཧུར་ཐག་གིས་བསྐྲུན་དགོས། བཞི་ནི་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ཡོང་བར་ཧུར་ཐག་གིས་སྲུང་སྐྱོང་བྱེད་དགོས།

ཞི་ཅིན་ཕིང་གིས་ན་གཞོན་ནི་ཨའོ་མིན་གྱི་རེ་བ་དང་མ་འོངས་པ་ཡིན་ཞིང་། ཨའོ་མིན་འཛུགས་སྐྲུན་དང་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་ནུས་ལྡན་གྱི་སྟོབས་ཤུགས་ཡིན་པས། རྒྱ་ཆེའི་ན་གཞོན་རྣམས་ཀྱིས་ཨའོ་མིན་དང་རྒྱལ་ཁབ་ཡིད་ལ་བཟུང་སྟེ། ཕུགས་འདུན་ཆེན་པོ་འཆང་བ་དང་ཏན་ཏན་ཏིག་ཏིག་གིས་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་བྱ་གཞག་གི་འཛུགས་སྐྲུན་མཁན་དང་རྒྱུན་འཛིན་མཁན་ཡག་པོ་བྱས་ནས། སྟོབས་དང་ལྡན་པའི་མེས་རྒྱལ་འཛུགས་སྐྲུན་བྱེད་པ་དང་མཛེས་སྡུག་ཡིད་འོང་གི་ཨའོ་མིན་འཛུགས་སྐྲུན་བྱེད་པའི་ལས་དོན་ཆེན་པོའི་ཐད་རང་ཉིད་ཀྱི་ལང་ཚོར་འོད་སྣང་འཕྲོ་བར་བྱེད་དགོས་ཞེས་བསྟན།

ཞི་ཅིན་ཕིང་གིས་བསྟན་དོན། ད་ལོ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ75འཁོར་བའི་ལོ་ཡིན། ཀྲུང་གོ་གུང་ཁྲན་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྟེང་བཅོས་སྒྱུར་སྔར་ལས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་ཐད་བརྒྱུད་རིམ་ལྡན་པའི་བཀོད་སྒྲིག་བྱས་ཡོད། རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་པར་བརྗིད་ཆེའི་མཛེས་སྡུག་གི་འཆར་གཞི་བཀོད་པ་དང་མདུན་ལྗོངས་འོད་སྟོང་ལྡན་པ་མངོན་ཡོད་པས། ཀྲུང་ཧྭ་མི་རིགས་འགོག་ཐབས་བྲལ་བའི་གོམ་སྟབས་སྤོས་ཏེ་རླབས་ཆེན་བསྐྱར་དར་ཕྱོགས་སུ་སྐྱོད་བཞིན་ཡོད། རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་བྱེད་ཕྱོགས་ཁྱོན་ཡོངས་དང་ཡང་དག་པ། བློ་བརྟན་འགྱུར་མེད་བཅས་ཀྱི་སྒོ་ནས་ལག་བསྟར་བྱེད་པ་དང་། དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་དང་སྤྱི་ཚོགས་ལས་རིགས་སོ་སོའི་ཐུན་མོང་གི་འབད་བརྩོན་དང་། རླབས་ཆེན་མེས་རྒྱལ་གྱི་རྒྱབ་རྩ་བརྟན་པོ་བཅས་ཡོད་པས། ཨའོ་མིན་གྱིས་འཕེལ་རྒྱས་ཀྱི་གནས་བབ་གསར་པ་གཏོད་ཐུབ་པ་དང་འོད་སྟོང་གི་གྲུབ་འབྲས་གསར་པ་རྒྱུན་ཆད་མེད་པར་ལེན་ངེས་ཡིན་ལ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཁྱོན་ཡོངས་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་ཀྱི་རླབས་ཆེན་བྱ་གཞག་ལ་སྐུལ་འདེད་གཏོང་ཆེད་བྱས་རྗེས་སྔར་ལས་ཆེན་པོ་འཇོག་ཐུབ་ངེས།

ཚིན་ཧའོ་ཧུའེ་ཡིས་ཤིས་ཚིག་འབུལ་སྐབས་བཤད་རྒྱུར། ཨའོ་མིན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྐབས་དྲུག་པའི་སྲིད་འཛིན་དཔོན་ཡིན་པའི་ཆ་ནས་ངའི་འགན་འཁྲི་ཧ་ཅང་ལྕི་ལ་ལས་འགན་གཟི་བརྗིད་ལྡན་པ་ཤེས་ཡོད། ང་ཚོས་ཧུར་བརྩོན་མཉམ་སྐྱོད་དང་བདེན་སྲུང་གསར་བརྗེའི་སྲིད་སྐྱོང་འདུ་ཤེས་རྒྱུན་འཁྱོངས་བྱས་ཏེ། སེམས་ཤུགས་མཉམ་འདོན་དང་བདེན་སྲུང་གསར་གཏོད་ཀྱིས་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་བྱེད་ཕྱོགས་ཁྱོན་ཡོངས་དང་ཡང་དག་པ། བློ་བརྟན་འགྱུར་མེད་བཅས་ཀྱི་སྒོ་ནས་ལག་བསྟར་བྱེད་པ་དང་། རྩ་ཁྲིམས་དང་གཞི་རྩའི་བཅའ་ཁྲིམས་ཀྱིས་གཏན་ལ་ཕབ་པའི་དམིགས་བསལ་སྲིད་འཛིན་ཁུལ་གྱི་ཁྲིམས་སྲོལ་དང་སྒྲིག་ལམ་ལ་མཐའ་གཅིག་ཏུ་སྲུང་སྐྱོང་བྱེད་པ། རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས། འཕེལ་རྒྱས་ཀྱི་ཁེ་ཕན་བཅས་ལ་སྲུང་སྐྱོང་བྱེད་པ། རྒྱལ་གཅེས་པས་ཨའོ་མིན་སྐྱོང་བའི་རྩ་དོན་བློ་བརྟན་འགྱུར་མེད་ངང་དོན་འཁྱོལ་བྱེད་པ་བཅས་བྱས་ཏེ། མུ་མཐུད་དུ་ཨའོ་མིན་གྱི་ཁྱད་ཆོས་ལྡན་པའི་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་ལག་ལེན་གྱི་རྣམ་པ་གསར་པ་གཏོད་དགོས། རླབས་ཆེན་མེས་རྒྱལ་གྱི་རྒྱབ་རྩ་བརྟན་པོ་དང་ཨའོ་མིན་གྱི་གྲོང་མི་ཡོངས་ཀྱི་མཐུན་སྒྲིལ་འབད་འཐབ་ཡོད་པས། ང་ཚོར་ཨའོ་མིན་སྔར་ལས་མཛེས་སྡུག་ལྡན་པ་དང་ཡིད་དབང་འཕྲོག་པར་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་སྐུལ་འདེད་གཏོང་བར་ནུས་པ་སྔར་ལས་བཟང་པོར་འདོན་པ་དང་བྱས་རྗེས་སྔར་ལས་ཆེན་པོ་འཇོག་པར་ཡིད་ཆེས་དང་ནུས་པ་ཡོད་ཟེར།

ཚའེ་ཆི་དང་ལིས་ཧུང་ཀྲུང་། ཧི་ཝེ་ཏུང་། ཧི་ལིས་ཧྥིན། ཝང་ཞའོ་ཧུང་། ཝང་ཏུང་ཧྥིན། ཞཱ་པའོ་ལུང་སོགས་ཚོགས་ཆེན་དང་མཛད་སྒོར་ཞུགས།

རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཧི་ཧིའུ་ཧྭ་དང་། ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་ལིས་ཅཱ་ཁྲའོ། ཨའོ་མིན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་ཟུར་པ་ཚོས་ཧྲི་ཨན་དང་ཧི་དབྱི་ཁྲིན། དེ་མིན་ཨའོ་མིན་གྱི་ལས་རིགས་སོ་སོའི་འཐུས་མི་དང་ཆེད་ཞུས་སྐུ་མགྲོན་རྟེན་འབྲེལ་ཚོགས་ཆེན་དང་འགན་བཞེས་མཛད་སྒོར་ཞུགས།

རིག་འཛིན་སྒྲོལ་མ་དང་ཤ་བོ་གསེར་མཚོ། ཚེ་མགོན་རྒྱལ་བཅས་ཀྱིས་བསྒྱུར།