ཞི་ཅིན་ཕིང་གིས་ཨའོ་མིན་དུ་སྡོད་པའི་དམག་དཔུང་ལ་གཟིགས་ཞིབ་གནང་།
2024.12.20 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 27

ཟླ12པའི་ཚེས20ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོའི་མི་དམངས་བཅིངས་འགྲོལ་དམག་གི་ཨའོ་མིན་དུ་སྡོད་པའི་དམག་དཔུང་ལ་གཟིགས་ཞིབ་གནང་བ་དང་། ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུའི་ཚབ་མཛད་དེ་ཨའོ་མིན་དུ་སྡོད་པའི་དམག་དཔུང་གི་དཔོན་དམག་ཡོངས་ལ་ལྷག་བསམ་རྣམ་དག་གིས་འཚམས་འདྲི་གནང་། འདི་ནི་ཞི་ཅིན་ཕིང་གིས་ཨའོ་མིན་དུ་སྡོད་པའི་དམག་དཔུང་ལ་གཟིགས་ཞིབ་གནང་བཞིན་པའི་ཚུལ་རེད།

ཨའོ་མིན་ཕྱིར་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ25འཁོར་བར་རྟེན་འབྲེལ་ཞུ་བའི་བྱ་འགུལ་ལ་ཞུགས་པའི་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས20ཉིན་ཀྲུང་གོའི་མི་དམངས་བཅིངས་འགྲོལ་དམག་གི་ཨའོ་མིན་དུ་སྡོད་པའི་དམག་དཔུང་ལ་གཟིགས་ཞིབ་གནང་བ་དང་། ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུའི་ཚབ་མཛད་དེ་ཨའོ་མིན་དུ་སྡོད་པའི་དམག་དཔུང་གི་དཔོན་དམག་ཡོངས་ལ་ལྷག་བསམ་རྣམ་དག་གིས་འཚམས་འདྲི་གནང་། ཁོང་གིས་ནན་གྱིས་བསྟན་དོན། དུས་རབས་གསར་བའི་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་དགོངས་པ་ལག་བསྟར་གཏིང་ཟབ་བྱེད་པ་དང་། དུས་རབས་གསར་བའི་དམག་དོན་འཐབ་ཇུས་བྱེད་ཕྱོགས་ལག་བསྟར་བྱེད་པ། དམག་དཔུང་འཛུགས་སྐྲུན་ལ་ཁྱོན་ཡོངས་ནས་ཤུགས་སྣོན་བརྒྱག་པ། འགོག་སྲུང་ལས་དོན་ལག་བསྟར་བྱེད་པའི་ནུས་པ་ཁྱོན་ཡོངས་ནས་མཐོར་འདེགས་གཏོང་བ། བདེ་འགོད་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་མུ་མཐུད་དུ་ཨའོ་མིན་གྱི་ཁྱད་ཆོས་ལྡན་པའི་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་ལག་ལེན་གྱི་རྣམ་པ་གསར་བ་གཏོད་ཆེད་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས།

ཕྱི་དྲོའི་དུས་ཚོད་གཉིས་དང་ཕྱེད་ཀ་ལྷག་ཙམ་ལ། ཞི་ཅིན་ཕིང་ཨའོ་མིན་དུ་སྡོད་པའི་དམག་དཔུང་གི་ཞིན་ཁུག་ཨན་དམག་ཁུལ་དུ་ཕེབས། ཞི་ཅིན་ཕིང་གིས་ཐོག་མར་དམག་དཔུང་ལ་གཟིགས་ཞིབ་གནང་། གཟིགས་ཞིབ་དང་ལེན་བྱེད་མཁན་དཔོན་དམག་གི་དམག་མིའི་ཉམས་འགྱུར་སྒམ་བརླིང་དང་ངར་ཤུགས་ཆེན་པོ་ལྡན་པ་དང་། བརྗིད་ཉམས་ལྡན་པའི་དམག་གཟིགས་རོལ་དབྱངས་ཁྲོད་ཞི་ཅིན་ཕིང་གིས་གཟབ་སྦྲེང་རུ་ཁག་དང་། འགོག་སྲུང་དམག་འཐབ་རུ་ཁག གཏུམ་འགོག་བྱ་སྤྱོད་རུ་ཁག འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་བྱ་སྤྱོད་རུ་ཁག འཕྲལ་སྡོམ་རོགས་སྐྱོབ་རུ་ཁག་བཅས་ལ་རིམ་པ་བཞིན་གཟིགས་ཞིབ་གནང་། ཞི་ཅིན་ཕིང་གིས་དཔོན་དམག་ཚོར་བྱམས་བརྩེའི་ངང་འཚམས་འདྲི་གནང་བ་དང་དཔོན་དམག་ཚོས་སྐད་གསེང་མཐོན་པོས་ཨ་ལན་བསྐྱོན།


ཟླ12པའི་ཚེས20ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོའི་མི་དམངས་བཅིངས་འགྲོལ་དམག་གི་ཨའོ་མིན་དུ་སྡོད་པའི་དམག་དཔུང་ལ་གཟིགས་ཞིབ་གནང་བ་དང་། ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུའི་ཚབ་མཛད་དེ་ཨའོ་མིན་དུ་སྡོད་པའི་དམག་དཔུང་གི་དཔོན་དམག་ཡོངས་ལ་ལྷག་བསམ་རྣམ་དག་གིས་འཚམས་འདྲི་གནང་། འདི་ནི་ཞི་ཅིན་ཕིང་གིས་ཨའོ་མིན་དུ་སྡོད་པའི་དམག་དཔུང་གི་དཔོན་དམག་འཐུས་ཚབ་ལ་བྱམས་བརྩེའི་ངང་འཚམས་འདྲི་གནང་བར་མ་ཟད་ཚང་མ་དང་མཉམ་དུ་དྲན་རྟེན་འདྲ་པར་བསྐྱོན་བཞིན་པའི་ཚུལ་རེད།

དེའི་རྗེས་སུ། ཞི་ཅིན་ཕིང་གིས་ཨའོ་མིན་དུ་སྡོད་པའི་དམག་དཔུང་གི་དཔོན་དམག་འཐུས་ཚབ་ལ་བྱམས་བརྩེའི་ངང་འཚམས་འདྲི་གནང་བར་མ་ཟད་ཚང་མ་དང་མཉམ་དུ་དྲན་རྟེན་འདྲ་པར་བསྐྱོན།

ཞི་ཅིན་ཕིང་གིས་བསྟན་དོན། ལོ་ངོ25འགོར་བའི་རིང་ལ། ཨའོ་མིན་དུ་སྡོད་པའི་དམག་དཔུང་གིས་ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུའི་འཐབ་ཇུས་མཛུབ་སྟོན་མཐའ་གཅིག་ཏུ་ལག་བསྟར་བྱས་པ་དང་། རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་བྱེད་ཕྱོགས་དང་ཨའོ་མིན་དམིགས་བསལ་སྲིད་འཛིན་ཁུལ་གྱི་གཞི་རྩའི་བཅའ་ཁྲིམས་དང་དམག་སྡོད་བཅའ་ཁྲིམས་ནན་ཏན་གྱིས་དོན་འཁྱོལ་བྱས་ལ། འགོག་སྲུང་ལས་དོན་གྱི་འགན་འཁྲི་ལྷག་བསམ་རྣམ་དག་གིས་བསྒྲུབ་པ་དང་། ལས་འགན་རབ་དང་རིམ་པ་གྲུབ་འབྲས་གཟེངས་སུ་ཐོན་པའི་སྒོ་ནས་ལེགས་འགྲུབ་བྱས་ཏེ། རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས། འཕེལ་རྒྱས་ཁེ་ཕན་ལ་སྲུང་སྐྱོང་དང་། ཨའོ་མིན་ཡུན་རིང་དར་རྒྱས་དང་བརྟན་བརླིང་ཡོང་ཆེད་ནུས་པ་གལ་ཆེན་འདོན་སྤེལ་བྱས་པས་རྒྱ་ཆེའི་ཨའོ་མིན་སྤུན་ཟླའི་ཚད་མཐོའི་བསྔགས་བརྗོད་ཐོབ་ཡོད་ཅེས་གསུངས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཨའོ་མིན་དུ་སྡོད་པའི་དམག་དཔུང་གི་གོ་གནས་ནུས་པ་དམིགས་བསལ་ཡིན་ཞིང་འགན་འཁྲིའི་ལས་འགན་དམིགས་བསལ་ཡིན་ལ། སྡོད་གནས་ཁོར་ཡུག་དམིགས་བསལ་ཡིན་པས། གཡོ་འགུལ་སྤུ་ཙམ་ཡང་མེད་པའི་སྒོ་ནས་ཏང་གིས་དམག་དཔུང་ལ་འགོ་ཁྲིད་མཐའ་གཅིག་ཏུ་བྱེད་པ་རྒྱུན་འཁྱོངས་དང་། ཀྲུང་དབྱང་དམག་ཨུའི་ཆབ་སྲིད་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ། ཆབ་སྲིད་ལ་བརྟེན་ནས་དམག་དཔུང་འཛུགས་སྐྲུན་བྱེད་པའི་བྱ་བ་སོ་སོ་ལེགས་པོར་བསྒྲུབ་སྟེ་དམག་དཔུང་གིས་ནམ་ཡང་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲངས་པར་འགན་སྲུང་བྱེད་དགོས། ལས་འགན་དང་འགན་འཁྲི་བློ་ལ་བརྟན་པོར་ངེས་པ་དང་། འཐབ་འཛིང་རུ་ཁག་གི་འདུ་ཤེས་སྲ་བརྟན་དུ་གཏོང་བ། འགོག་སྲུང་ལས་དོན་གྱི་བླང་བྱར་དམིགས་ནས་དམག་སྦྱོང་དམག་གྲབས་ལ་ཤུགས་སྣོན་བརྒྱག་པ། ཏང་དང་མི་དམངས་ཀྱིས་སྤྲད་པའི་ལས་འགན་སོ་སོ་ནུས་ལྡན་སྒོས་བསྒྲུབ་དགོས། ཁྲིམས་ལྟར་འགན་སྒྲུབ་བྱེད་པ་རྒྱུན་འཁྱོངས་དང་ཁྱོན་ཡོངས་ནས་དམག་དཔུང་བཅོས་སྐྱོང་ནན་མོ་བྱེད་པ། དམག་དཔུང་གི་ཚད་མཐོ་བའི་གཅིག་སྡུད་གཅིག་གྱུར་དང་བདེ་འཇགས་བརྟན་བརླིང་རྒྱུན་འཁྱོངས་བྱས་ཏེ། རང་དམག་གི་ཟིམ་རྔམ་དང་ཡ་རབས་ཚུལ་ལྡན་གྱི་སྣང་བརྙན་སྔར་ལས་མངོན་པར་བྱེད་དགོས་ཞེས་གསུངས།

ཚའེ་ཆི་དང་ཧི་ཝའེ་ཏུང་། ཞཱ་པའོ་ལུང་དང་ཚིན་ཧའོ་ཧུའེ་སོགས་འབྲེལ་ཡོད་བྱ་འགུལ་ལ་ཞུགས།

ཤ་བོ་གསེར་མཚོས་བསྒྱུར།