ཟླ12པའི་ཚེས20ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨའོ་མིན་དུ་སྤེལ་བའི་བྱ་འགུལ་སོ་སོ་ཕུན་སུམ་ཚོགས་པོའི་ངང་མཇུག་སྒྲིལ་ནས་ཨའོ་མིན་དང་ཞལ་གྱེས། འདི་ནི་ཞི་ཅིན་ཕིང་དང་ལྕམ་མོ་ཕིན་ལི་ཡོན་གྱིས་སྐྱེལ་མ་བྱེད་པར་ཡོང་བའི་མི་རྣམས་ལ་ཕྱག་བརྡ་གནང་ནས་གུས་འདུད་བྱེད་པའི་རྣམ་པ་རེད།
ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨའོ་མིན་དུ་སྤེལ་བའི་བྱ་འགུལ་སོ་སོ་ཕུན་སུམ་ཚོགས་པོའི་ངང་མཇུག་སྒྲིལ་ནས་ཚེས20ཉིན་གྱི་ཕྱི་དྲོར་ཨའོ་མིན་དུ་ཆེད་བཏང་གནམ་གྲུར་བཞུགས་ཏེ་ཕྱིར་པེ་ཅིང་དུ་ལོག
ཞི་ཅིན་ཕིང་ཟླ12པའི་ཚེས18ཉིན་གྱི་ཕྱི་དྲོར་ཨའོ་མིན་ལ་འབྱོར། ཨའོ་མིན་དུ་བཞུགས་པའི་སྐབས་སུ་ཀྲུའུ་ཞི་ཞི་ཅིན་ཕིང་ཨའོ་མིན་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་ངོ25འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་དང་ཨའོ་མིན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྐབས་དྲུག་པའི་སྲིད་གཞུང་གི་ལས་འགན་ཁུར་བའི་མཛད་སྒོ། ཨའོ་མིན་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གི་དགའ་བསུའི་དགོང་སྟོན་དང་ཨའོ་མིན་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་ངོ25འཁོར་བར་རྟེན་འབྲེལ་ཞུ་བའི་རིག་རྩལ་དགོང་ཚོགས་བཅས་ལ་ཞུགས་པ་དང་། ཧི་ཧོའུ་ཧྭ་དང་། ཚོས་ཧྲི་ཨན། ཧི་དབྱི་ཁྲིན། ཚིན་ཧའོ་ཧུའེ་དང་། ཨའོ་མིན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དང་། ཁྲིམས་འཛུགས། ཁྲིམས་འཛིན་བཅས་ཀྱི་སྒྲིག་གཞིའི་འགན་འཁུར་བ། ཨའོ་མིན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྒྲིག་ཁྲིམས་དཔུང་སྡེའི་འཐུས་མི། ཨའོ་མིན་གྱི་སྤྱི་ཚོགས་ལས་རིགས་སོ་སོའི་འཐུས་མི་བཅས་ལ་མཇལ་འཕྲད་གནང་། ཨའོ་མིན་དུ་སྡོད་པའི་ཀྲུང་དབྱང་གི་སྒྲིག་གཞི་དང་ཀྲུང་གོའི་དངུལ་གཏོང་སྒྲིག་གཞིའི་འགན་ཁུར་བར་འཚམས་འདྲི་གནང་། ཨའོ་མིན་དུ་སྡོད་པའི་དམག་དཔུང་ལ་གཟིགས་ཞིབ་གནང་། ཨའོ་མིན་ཚན་རྩལ་སློབ་ཆེན་དང་། ཧིན་ཆིན་དང་ཀོང་ཏུང་། ཨའོ་མིན་བཅས་ཀྱི་མཉམ་ལས་གཏིང་ཟབ་ཁུལ་དུ་རྟོག་ཞིབ་བྱས་པར་མ་ཟད། ཨའོ་མིན་གྱི་དམངས་ཚོགས་དང་འབྲེལ་གཏུག་དང་བརྗེ་རེས་རྒྱ་ཁྱབ་བྱས། ཞི་ཅིན་ཕིང་གིས་ད་དུང་རྟེན་འབྲེལ་བྱ་འགུལ་ལ་ཞུགས་པར་ཡོང་བའི་ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་ལི་ཅཱ་ཁྲའོ་ལ་མཇལ་འཕྲད་གནང་།
སྐྱེལ་མ་བྱེད་པའི་མཛད་སྒོའི་སྟེང་ཨའོ་མིན་གྱི་ལོ་ཆུང་བྱིས་པ་ཚོས་ཞི་ཅི་ཕིང་དང་ལྕམ་མོ་ཕིན་ལི་ཡོན་ལ་མེ་ཏོག་ཕུལ། ཞི་ཅིན་ཕིང་དང་ལྕམ་མོ་ཕིན་ལི་ཡོན་གྱིས་སྐྱེལ་མ་བྱེད་པར་ཡོང་བའི་མི་རེ་རེར་ཕྱག་འཇུ་གནང་བ་དང་། སྐྱེལ་མ་བྱེད་དུ་ཡོང་བའི་དཔུང་སྡེ་ལ་ཕྱག་གཡུག་གཡུག་གནང་ནས་ཞལ་གྱེས་ཞུས།
ཚའེ་ཆི་དང་ལི་ཧུང་ཀྲུང་། ཧི་ཝེ་ཏུང་། ཧི་ལི་ཧྥིན། ཝང་ཏུང་ཧྥིན་སོགས་གནམ་གྲུར་བསྡད་ནས་ཨའོ་མིན་དང་ཁ་བྲལ།
ཤ་བོ་གསེར་མཚོས་བསྒྱུར།