མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་གྲོས་ཚོགས་དང་རྒྱུན་ལས་གྲོས་ཚོགས་སྔ་གཞུག་ཏུ་བསྡུས།
2024.12.21 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 34

ཟླ12པའི་ཚེས20ཉིན། ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅི། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་སྔ་གཞུག་ཏུ་མགོ་འཛིན་བྱས་ནས་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་གྲོས་ཚོགས་དང་རྒྱུན་ལས་གྲོས་ཚོགས་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་དང་ཀྲུང་དབྱང་གི་གྲོས་ཚོགས་གཙོ་བོའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། ཞིང་ཆེན་ཏང་ཨུའི་རེ་བ་ལག་བསྟར་བྱས་ལ། འབྲེལ་ཡོད་བྱ་བར་ཞིབ་འཇུག་བྱས།

ཚོགས་ཐོག་ཏུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཐུན་མོང་སློབ་སྦྱོང་ཐེངས་་བཅོ་བརྒྱད་པར་མགོ་འཛིན་བྱེད་སྐབས་དང་། རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་འགོ་ཁྲིད་མི་སྣའི་རྩེ་ཚོགས་ཐེངས་བཅུ་དགུ་པར་ཞུགས་དུས། རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་བྱ་བའི་བཞུགས་མོལ་ཚོགས་འདུའི་ཐེངས་བཞི་པ། བློ་མཐུན་ཆའོ་ཧྲི་སྐུ་འཁྲུངས་ནས་ལོ་བརྒྱ་འཁོར་བར་རྗེས་དྲན་ཞུ་པའི་བཞུགས་མོལ་ཚོགས་འདུ། ཧའེ་ནན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བའི་སྙན་ཞུ་ལ་ཉན་སྐབས་བཅས་སུ་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་། དུས་རབས་གསར་བའི་མར་ཁེ་སི་རིང་ལུགས་ཀྱི་གཞུང་ལུགས་ཞིབ་འཇུག་དང་འཛུགས་སྐྲུན་བཟོ་སྐྲུན་ཐད་ཀྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བཅས་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས། ཚོགས་ཐོག་ནས་ནན་གྱིས་བསྟན་དོན། ཏང་ཀྲུང་དབྱང་གི་མཐའ་མཚམས་བཅོས་སྐྱོང་སྐོར་གྱི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་ནན་མོ་བྱེད་པ་དང་། མཐའ་མཚམས་ས་ཁུལ་གྱི་ཐོན་ཁུངས་དགེ་མཚན་དང་རང་ཞིང་གི་ཁུལ་གནས་དགེ་མཚན། ཐོན་ལས་དགེ་མཚན་བཅས་ཟུང་འབྲེལ་བྱེད་པ། བརྗེ་རེས་མཉམ་ལས་ཟབ་མོ་བྱེད་པ། བཟོ་སྐྲུན་གཙོ་བོ་མྱུར་དུ་འཛུགས་སྐྲུན་བྱས་ནས། མཉམ་དུ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། སྐྱེ་ཁམས་དང་ནུས་ཁུངས། དཔལ་འབྱོར་ཉོ་ཚོང་། རིག་གནས་ཡུལ་སྐོར་སོགས་ཁྱབ་ཁོངས་ཀྱི་ཕྱི་ཕྱོགས་བརྗེ་རེས་མཉམ་ལས་ཇེ་ཟབ་ཏུ་གཏོང་བ་དང་། ཀྲུང་གོའི་གཏམ་རྒྱུད་དང་མཚོ་སྔོན་གྱི་གཏམ་རྒྱུད་བཟང་བོར་བཤད་དེ། ཆུ་ཚད་སྔར་ལས་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས། རྒྱུན་སྲོལ་ཅན་དང་ལམ་ལུགས་ཅན་གྱི་སྒོ་ནས་གཞུང་ལུགས་སློབ་སྦྱོང་བྱེད་པ་དང་། རང་རྟོགས་སྒོས་ཏང་གི་གསར་གཏོད་གཞུང་ལུགས་བཀོལ་ནས་རིག་པར་དྲག་ཆས་སྤྲས་པ་དང་ལག་ལེན་ལ་མཛུབ་སྟོན་བྱེད་པ། བྱ་བར་སྐུལ་འདེད་གཏོང་དགོས། དམར་པོའི་གཞི་རྒྱུ་རྒྱུན་འཛིན་བྱེད་པ་དང་། གསར་བརྗེ་རྒན་རབས་པས་ང་ཚོར་བཞག་པའི་བསམ་པའི་རྒྱུ་ནོར་རྩ་ཆེན་དར་སྤེལ་གཏོང་དགོས། སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས། དམངས་ཚིས་ལེགས་བསྒྱུར། བཅོས་བསྒྱུར་ཟབ་སྤེལ་སོགས་ཀྱི་བྱ་བ་གཙོ་བོ་བཟང་བོར་བསྒྲུབ་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་ཧུར་ཐག་གིས་འབྲི་དགོས།

ཚོགས་ཐོག་ཏུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་ཧྭ་རྒྱལ་ཡོངས་མཁོ་འཚོང་མཉམ་ལས་སྤྱི་ཁྱབ་ཁང་བཙུགས་ནས་ལོ་བདུན་ཅུ་འཁོར་བའི་དུས་སུ་གནང་བའི་མཆན་བཀོད་མཛུབ་སྟོན་གལ་ཆེན་དང་ཀྲུང་ཧྭ་རྒྱལ་ཡོངས་མཁོ་འཚོང་མཉམ་ལས་སྤྱི་ཁྱབ་ཁང་བཙུགས་ནས་ལོ་བདུན་ཅུ་འཁོར་བའི་རྗེས་དྲན་ཚོགས་འདུའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས། ཚོགས་ཐོག་ནས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ནན་མོ་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཞིང་བར་ཞབས་འདེགས་ཞུ་རྒྱུ་དེ་ནམ་ཡང་གོ་གནས་གལ་ཆེན་དུ་འཇོག་པ། མཁོ་འཚོང་མཉམ་ལས་ཁང་གི་ཕྱོགས་བསྡུས་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བ། ཞིང་ལས་རྒྱུ་ཆས་མཁོ་འདོན་དང་ཞིང་ལས་སྤྱིཚོགས་ཅན་གྱི་ཞབས་ཞུ། ཞིང་ལས་ཐོན་རྫས་འཁོར་རྒྱུག སླར་སྐྱེས་ཐོན་ཁུངས་ཕྱིར་སྡུད་བེད་སྤྱོད་སོགས་ཀྱི་བྱ་བ་སྤུས་འདེགས་ནུས་སྤེལ་བྱེད་པར་སྐུལ་འདེད་གཏོང་བ། ཞིང་བའི་ཐོན་སྐྱེད་འཚོ་བར་ཞབས་འདེགས་ཞུ་བ་དང་དེང་རབས་ཞིང་ལས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་བའི་ཕྱོགས་བསྡུས་སྟེགས་བུ་གསར་སྐྲུན་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་མཁོ་འཚོང་མཉམ་ལས་ཁང་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་དགོས།

ཚོགས་ཐོག་ནས་ཉེ་དུས་ཀྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས། ཚོགས་ཐོག་ཏུ་ནན་གྱིས་བསྟན་དོན། འཕེལ་རྒྱས་དང་ཚད་ལྡན་མཉམ་འཛིན་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། སྟེགས་བུའི་དལཔ་འབྱོར་གྱི་གསོན་ཤུགས་དང་གསར་སྐྲུན་ནུས་པ་ཆེར་སྐྱེད་དགོས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཕྱོགས་བསྡུས་ལྟ་ཞིབ་ཐད་ནས་རྙེད་པའི་གནད་དོན་དག་ཐེར་ལེགས་བཅོས་བྱེད་རྒྱུ་དང་མིག་སྔར་གྱི་བྱ་བ་བཟང་བོར་བསྒྲུབ་པ་གཉིས་ཟུང་འབྲེལ་བྱས་ནས།དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་ལས་འགན་ཧུར་ཐག་གིས་ཡོངས་འགྲུབ་བྱེད་དགོས། འགོ་ཁུངས་ཀྱི་འགན་འཁྲི་ཕྲག་ཏུ་ལེན་པ་དང་ཆུ་རྒྱུན་གཙོ་བོའི་ཁག་ཁུར་ཇེ་དྲག་ཏུ་གཏོང་བ། རྨ་ཆུའི་བཞུར་རྒྱུད་ཀྱི་སྐྱེ་ཁམས་ལ་རྒྱུན་མཐུད་ངང་སྲུང་སྐྱོབ་བྱེད་དགོས། ཚན་རིག་དང་མཐུན་པ་དང་ཕན་པ་ལྡན་པའི་དོ་དམ་མ་ལག་བཙུགས་ཏེ། སྲིད་གཞུང་གི་དངུལ་གཏོང་ཐེབས་རྩ་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་དགོས། བདེ་འཇགས་ཐོན་སྐྱེད་རྩ་བཅོས་མཁྲེགས་གཏོར་གྱི་ལོ་གསུམ་འགུལ་སྐྱོད་སྤེལ་ནས། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་རྒྱུ་ནོར་བདེ་འཇགས་དང་སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་ལ་ཁག་ཐེག་བྱེད་དགོས།

ཚོགས་ཐོག་ཏུ་ད་དུང་ཆུའི་ཐོན་ཁུངས་ཀྱི་དཔྱ་ཁྲལ་བཅོས་བསྒྱུར་ཚོད་ལྟ་བྱ་བར་ཞིབ་འཇུག་བྱས་ནས་ནན་གྱིས་བསྟན་དོན། ཆུའི་ཐོན་ཁུངས་རྩ་གནད་ཚོད་འཛིན་ལམ་ལུགས་ལག་བསྟར་བྱེད་པ་དང་། ཆུའི་ཐོན་ཁུངས་ཀྱི་དཔྱ་ཁྲལ་བཅོས་བསྒྱུར་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ། སྡེ་ཁག་བར་གྱི་མཉམ་ལས་ཤུགས་སྣོན་པ། རིགས་བགར་ནས་ལེགས་སྒྲིག་ཚོད་འཛིན་བྱེད་པར་ཤུགས་སྣོན་པ། དྲིལ་སྒྲོག་ཞབས་ཞུ་བཟང་བོར་བསྒྲུབ་པ། བརྟན་བརླིང་སྤོར་བརྗེ་བྱེད་པ་མངོན་འགྱུར་བྱས་ནས། ཆུའི་ཐོན་ཁུངས་གྲོན་ཆུང་ལེགས་བསྡུས་དང་བདེ་འཇགས་ངང་བཀོལ་སྤྱོད་བྱེད་པར་སྐུལ་འདེད་གཏོང་དགོས།

ཚོགས་ཐོག་ནས་ད་དུང་བྱ་བ་གཞན་པར་ཞིབ་འཇུག་བྱས།

རིན་ཆེན་མཚོས་བསྒྱུར།