ཟླ12པའི་ཚེས19ཉིན། ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་ཞི་མགོན་པོ་བཀྲ་ཤིས་ཀྱིས་མགོ་འཛིན་བྱས་ཏེ་ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་གྲོས་ཚོགས་དང་ཀྲུའུ་ཞིའི་གྲོས་ཚོགས་བསྡུས་ནས་ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། རྒྱལ་ཡོངས་སྲིད་གྲོས་དང་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བཀོད་སྒྲིག་བླང་བྱ་ལག་བསྟར་བྱས་པར་མ་ཟད། ལས་ཁུངས་ཏང་ཙུའུ་དང་ཆེད་དོན་ཨུ་ཡོན་ལྷན་ཁང་གི་ཡན་ལག་ཏང་ཙུའུ་ཡི2024ལོའི་བྱ་བའི་སྙན་ཞུར་ཉན་ལ། འབྲེལ་ཡོད་ཡིག་ཆ་དང་དོན་དག་ལ་གྲོས་ཞིབ་བྱས།
ཚོགས་འདུའི་སྟེང་ནན་གྱིས་བསྟན་དོན། ཀྲུང་དབྱང་གི་སང་ལོའི་དཔལ་འབྱོར་བྱ་བའི་སྐོར་གྱི་སྤྱིའི་བླང་བྱ་དང་། སྲིད་ཇུས་ཀྱི་ཁ་ཕྱོགས། ལས་འགན་གཙོ་བོ་བཅས་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ནས་རང་རྟོགས་ངང་བསམ་བློ་དང་བྱ་སྤྱོད་དེ་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཐབས་ཇུས་བཀོད་སྒྲིག་སྟེང་གཅིག་གྱུར་ཡོང་བར་བྱེད་དགོས། སང་ལོའི་གྲོས་མོལ་སྲིད་གླེང་བྱ་བར་བློ་ཞིབ་མོས་ཇུས་འགོད་ཡག་པོ་བྱེད་དགོས་ལ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་རྒྱུ་དང་། ཐོན་ལས་ཀྱི“གནས་བཞི”འཛུགས་སྐྲུན་བྱེད་པ། དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་སྐྲུན་བྱེད་པ། ཕྱི་ཕྱོགས་སྒོ་འབྱེད་རྒྱ་ཆེ་རུ་གཏོང་བ། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་བ། དམངས་འཚོ་འགན་སྲུང་དང་ཇེ་ལེགས་སུ་གཏོང་བ། “ལོ་ལྔའི་འཆར་འགོད་བཅོ་ལྔ་པ”འཆར་འགོད་བྱ་རྒྱུ་སོགས་ཀྱི་གནད་དོན་གལ་ཆེན་ལ་དམིགས་ནས། བརྟག་དཔྱད་ཞིབ་འཇུག་དང་གྲོས་མོལ་གཏིང་ཟབ་བྱེད་པ་དང་། ཐབས་འདོན་ཇུས་འབུལ་ཧུར་ཐག་བྱེད་པ། རྒྱ་ཁྱབ་ངང་སེམས་ཤུགས་གཅིག་སྒྲིལ་བྱེད་པ། ཆེད་དོན་གྲོས་མོལ་ལས་ཁུངས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བཅས་བྱས་ཏེ། ཀྲུང་དབྱང་གི་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་དང་ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་བླང་བྱ་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་གཏོང་དགོས།
ཚོགས་འདུ་ལས་ནན་གྱིས་བསྟན་དོན། རྒྱལ་ཡོངས་སྲིད་གྲོས་ཀྱི་བཀོད་སྒྲིག་བླང་བྱ་ལག་བསྟར་ནན་ཏན་བྱས་ནས་གྲོས་གཞི་དང་སྤྱི་ཚོགས་ཀྱི་གནས་ཚུལ་དང་དམངས་ཀྱི་བསམ་འདུན་མཚོན་པའི་ཆ་འཕྲིན་དེ་སྔར་ལས་གལ་འགངས་ཆེ་བའི་གནས་བབ་སྟེང་འཇོག་པ་དང་། ལམ་ལུགས་དང་ལམ་སྲོལ་གསར་གཏོད་དང་འཐུས་ཚང་དུ་གཏོང་བ། བྱ་བའི་མཉམ་ཤུགས་ཆགས་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས་ལས་རིགས་སོ་སོའི་མང་ཚོགས་དང་འབྲེལ་བ་བྱེད་པ་དང་། ཏང་སྲིད་ལ་ཞབས་འདེགས་ཞུ་བའི་ཚན་རིག་དང་མཐུན་པའི་དམངས་གཙོའི་ཐབས་ཇུས་ཐད་ཀྱི་ནུས་པ་གལ་ཆེན་འདོན་སྤེལ་གང་ལེགས་བྱེད་དགོས།
ཚོགས་འདུ་ལས་བསྟན་དོན། ལས་ཁུངས་ཏང་ཙུའུ་དང་ཆེད་དོན་ཨུ་ཡོན་ལྷན་ཁང་གི་ཡན་ལག་ཏང་ཙུའུ་ཡིས་ཏང་གི་ཆབ་སྲིད་འཛུགས་སྐྲུན་ལ་བརྟེན་ནས་ཏང་འཛུགས་སྐྲུན་བྱ་བར་སྤྱི་འདོམས་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ཆེད་དོན་ཨུ་ཡོན་ལྷན་ཁང་གི་རྨང་གཞིའི་རང་བཞིན་གྱི་ནུས་པར་ཤུགས་སྣོན་བརྒྱབ་སྟེ་འགན་ནུས་སྒྲུབ་པར་དམིགས་སའི་ཁྱད་ཆོས་ཡོད་པ་དང་། ཤུགས་ཚད་ལྡན་པ། ཁྱད་ལྡན་ཡིན་པ། གསར་གཏོད་ཡོད་པར་བྱེད་དགོས། ཚོགས་འདུ་ལས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་འཛུགས་སྐྲུན་སྐོར་གྱི་དགོངས་པ་གལ་ཆེན་རྒྱུན་འཁྱོངས་ལྷོད་མེད་ངང་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་། དུས་རབས་གསར་པའི་ཏང་འཛུགས་སྐྲུན་གྱི་སྤྱིའི་བླང་བྱ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ། ཆབ་སྲིད་ལ་བློ་དཀར་བརྟན་པོ་བྱེད་པ་དང་། ཁྱོན་ཡོངས་ལ་ཞབས་ཞུ་བྱེད་པ། ཨུ་ཡོན་ལ་མཐུན་སྒྲིལ་བྱེད་པ། རང་ངོས་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ་བཅས་ཀྱི་ཐད་མུ་མཐུད་དུ་འབད་བརྩོན་བྱས་ནས། སྲིད་གྲོས་ལ་སྔར་ལས་ལྷག་པའི་ཞབས་ཞུ་དང་སྤུས་ཚད་མཐོ་བའི་འགན་འཁྲི་བསྒྲུབ་དགོས།
ཚོགས་འདུའི་སྟེང་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པའི་འབྲེལ་ཡོད་ཡིག་ཆར་གྲོས་ཞིབ་བྱས། ཚོགས་འདུ་ལས་ནན་གྱིས་བསྟན་དོན། ཚད་གཞི་མཐོ་བའི་སྒོ་ནས་ཚོགས་འདུའི་གྲ་སྒྲིག་བྱ་བར་སྐུལ་འདེད་གཏོང་བ་དང་། ཚོགས་ཆེན་གྱི་གཏམ་བཤད་དང་གྲོས་གཞི་བསྡུ་ལེན་ནན་ཏན་གྱིས་ལེགས་པོ་བསྒྲུབ་པ། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་དང་གྲོས་གཞིའི་བྱ་བ་བསྒྲུབས་པའི་གནས་ཚུལ་གྱི་སྙན་ཞུར་མུ་མཐུད་དུ་བཟོ་བཅོས་དང་འཐུས་ཚང་དུ་གཏོང་བ། ཆབ་སྲིད་ཀྱི་འགག་སྒོ་དང་། ནང་དོན་གྱི་འགག་སྒོ། སྤུས་ཚད་ཀྱི་འགག་སྒོ་བཅས་ཡག་པོ་སྲུང་སྟེ་ཨུ་ཡོན་བློ་ཡིད་ཚིམ་ཞིང་ཕྱོགས་སོ་སོས་ཁས་ལེན་པའི་སྙན་ཞུ་ཡག་པོ་ཞིག་འགྲུབ་པར་འབད་བརྩོན་བྱེད་དགོས།
ཚོགས་འདུའི་སྟེང་ད་དུང་ཞིང་ཆེན་སྲིད་གྲོས་ཏང་ཙུའུ་ཡི2024ལོའི་བྱ་བའི་སྤྱི་སྡོམ་དང་། ཞིང་ཆེན་སྲིད་གྲོས་ཀྱི2025ལོའི་གཙོ་གནད་གྲོས་མོལ་སྲིད་གླེང་འཆར་གཞི། ཞིང་ཆེན་སྲིད་གྲོས་བཙུགས་ནས་ལོ70འཁོར་བའི་རྟེན་འབྲེལ་ཞུ་བའི་བྱ་འགུལ་བཀོད་སྒྲིག་སོགས་ཀྱི་དོན་དག་ལ་གྲོས་ཞིབ་བྱས།
རིན་ཆེན་རྣམ་རྒྱལ་དང་། ཁོང་ཡུང་། ཝང་ཞོན། ཝང་ཀྲིན་ཁྲང་། ཀྲང་ཞའོ་རུང་། ལིས་ཞའོ་ནན། ཐེན་ཁུའེ། ལིའུ་ཏ་ཡའེ། གསེར་ཁྲི·ཆོས་ཀྱི་བློ་གྲོས་རྒྱ་མཚོ། མཱ་ཡུའེ་ཞང་། ཕིན་ཡིའུ་ཏུང་། ཞའེ་པའོ་ཨིན་བཅས་ཚོགས་འདུར་ཞུགས།
ཤ་བོ་གསེར་མཚོས་བསྒྱུར།