ཟླ12པའི་ཚེས12ཉིན་ནས་ཚེས13ཉིན་བར། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལྟ་ཞིབ་ཚན་ཆུང་མཚོ་ཤར་གྲོང་ཁྱེར་ལི་ཏུའུ་ཆུའུ་དང་ཟི་ལིང་གྲོང་ཁྱེར་ཧོང་ཀྲུང་ཆུའུ་རུ་སོང་ནས་དམངས་ཆེན་གྱི་འཐུས་མིས་དེང་རབས་ལས་རིགས་སློབ་གསོ་མ་ལག་གི་འཛུགས་སྐྲུན་དང་བཅོས་སྒྱུར་ཐད་ཀྱི་གསལ་ཁྲ་གསུམ་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་བའི་བརྗོད་དོན་ལྟ་ཞིབ་བྱ་འགུལ་སྤེལ།
ལྟ་ཞིབ་ཚན་ཆུང་མཚོ་ཤར་གྲོང་ཁྱེར་ལི་ཏུའུ་ཆུའུ་མཚོ་སྔོན་མཐོ་རིམ་ལས་རིགས་ལག་རྩལ་སློབ་གླིང་དང་ཟི་ལིང་གྲོང་ཁྱེར་ཧོང་ཀྲུའུ་ཆུའུ་ལས་རིགས་སློབ་གསོ་ལྟེ་གནས་སུ་སོང་ནས་ཡུལ་དངོས་རྟོག་ཞིབ་བྱས་ཏེ། སློབ་གྲྭ་འཛུགས་སྐྲུན་དང་འཕེལ་རྒྱས་གནས་ཚུལ་དང་དེང་རབས་ལས་རིགས་སློབ་གསོ་མ་ལག་འཛུགས་སྐྲུན་དང་བཅོས་སྒྱུར་བྱེད་པའི་གསལ་ཕྲ་གསུམ་ལག་བསྟར་བྱས་པའི་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱས་པ་དང་། འབྲེལ་ཡོད་བསམ་འཆར་དང་གྲོས་གཞི་ལ་ཉན།
ལྟ་ཞིབ་ཚན་ཆུང་གིས། མཚོ་སྔོན་ཞིང་ཆེན་གྱིས་དེང་རབས་ལས་རིགས་སློབ་གསོ་མ་ལག་འཛུགས་སྐྲུན་དང་བཅོས་བསྒྱུར་གཏིང་ཟབ་བྱེད་པའི་གསལ་ཁྲ་གསུམ་འགྲེམ་སྤེལ་བྱས་རྗེས། ཟི་ལིང་གྲོང་ཁྱེར་དང་མཚོ་ཤར་གྲོང་ཁྱེར་གྱིས་ཞིང་ཆེན་གྱི་གནས་ཚུལ་དངོས་ལ་རྐང་བཙུགས་པ་དང་། སྔོན་ལ་སྒྲུབ་པ་དང་སྔོན་ལ་ཚོད་ལྟ་བྱས་ནས་གསལ་ཁྲ་གསུམ་ལག་བསྟར་བྱེད་པར་སྐུལ་འདེད་བཏང་སྟེ། ལས་རིགས་སློབ་གསོ་ཐད་ནས་འཕེལ་རྒྱས་ཀྱི་གྲུབ་འབྲས་མངོན་གསལ་ལེན་པར་སྐུལ་འདེད་བཏང་ཟེར།
ལྟ་ཞིབ་ཚན་ཆུང་གིས་ནན་གྱིས་བསྟན་དོན། ལས་རིགས་སློབ་གསོ་དེ་རྒྱལ་ཇུས་དང་དམངས་ཚིས་ལ་འབྲེལ་བ་ཡོད་ལ། མི་རེ་རེར་འཇོན་ནུས་མངོན་པའི་གོ་སྐབས་སྟེར་རྒྱུའི་འགན་འཁྲི་ཡོད། དེང་རབས་ལས་རིགས་སློབ་གསོའི་བཅོས་བསྒྱུར་འཕེལ་རྒྱས་ཀྱི་དམིགས་འབེན་ལས་འགན་གཙིགས་སུ་བཟུང་ནས། རང་ཞིང་གི་དེང་རབས་ལས་རིགས་སློབ་གསོ་མ་ལག་འཛུགས་སྐྲུན་དང་བཅོས་སྒྱུར་བྱེད་པའི་གསལ་ཁྲ་གསུམ་རྒྱུན་མཐུད་ངང་ལག་བསྟར་བྱེད་དགོས། ཞིང་ཆེན་གྱི་གནས་ཚུལ་དངོས་ལ་རྐང་འཛུགས་པ་དང་། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་དང་ཐོན་ལས་གནས་བཞི་འཛུགས་སྐྲུན་བྱེད་པ་དང་། ལྗང་མདོག་རྩིས་ནུས་ཐོན་ལས་འཕེལ་རྒྱས་སུ་གཏོང་བ། སྤུས་གསར་ཐོན་སྐྱེད་ནུས་ཤུགས་སྐྱེད་སྲིང་བྱེད་པ་སོགས་ཀྱི་དཀྱིལ་སྙིང་བྱ་བར་དམིགས་ཏེ། ལས་རིགས་སློབ་གསོའི་རིགས་སྣ་ངེས་གནས་རྒྱུན་མ་ཆད་པར་ལེགས་བསྒྱུར་བྱེད་པ་དང་། ལས་རིགས་སློབ་གསོའི་བསླབ་ཚན་འཛུགས་སྐྲུན་ལ་ཤུགས་བསྣན་ནས། ལས་རིགས་སློབ་གསོས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་ཞབས་འདེགས་ཞུ་བའི་ནུས་པ་རྒྱུན་མ་ཆད་པར་ཇེ་མཐོར་གཏོང་དགོས། གྲུབ་འབྲས་མྱུར་དུ་བསྒྱུར་བ་དང་། ལྟ་ཞིབ་བྱ་བར་ཟུང་འབྲེལ་བྱེད་པ། སྤུས་ཚད་མཐོ་བའི་འཐུས་མིའི་གྲོས་གཞི་སྐོར་ཞིག་གྲུབ་པར་བྱས་ནས། ལས་རིགས་སློབ་གསོ་དང་མཐོ་རིམ་སློབ་འབྲིང་དཀྱུས་མའི་སློབ་གསོ་གཉིས་མཉམ་བསྲེས་འཁོར་རྒྱུག་དང་ཐོན་སློབ་མཉམ་བསྲེས་ཀྱི་ལས་རིགས་སློབ་གསོ་མ་ལག་འཛུགས་ཆེད། སློབ་གསོའི་ཞིང་ཆེན་སྟོབས་ལྡན་འཛུགས་སྐྲུན་བྱེད་པའི་ཐད་དམངས་ཆེན་གྱི་སྟོབས་ཤུགས་དང་འཐུས་མིའི་སྟོབས་ཤུགས་འབུལ་དགོས།
རིན་ཆེན་མཚོས་བསྒྱུར།