ཟླ12ཚེས23ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཁྲིན་ཀང་གིས་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ལ་མགོ་འཛིན་བྱས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཐུན་མོང་སློབ་སྦྱོང་ཐེངས་བཅོ་བརྒྱད་པའི་སྟེང་གནང་བའི་གསུང་བཤད་གལ་ཆེན་དང་། “ཞིང་གསུམ”བྱ་བ་ཡག་པོར་སྒྲུབ་པའི་སྐོར་གྱི་མཛུབ་སྟོན་གལ་ཆེན། དེ་མིན་ཀྲུང་དབྱང་གི་འབྲེལ་ཡོད་ཚོགས་འདུའི་དགོངས་དོན་བཅས་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། རང་ཞིང་གི་ལག་བསྟར་དོན་འཁྱོལ་བསམ་འཆར་ལ་ཞིབ་འཇུག་བྱས།
གྲོས་ཚོགས་ལས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཐུན་མོང་སློབ་སྦྱོང་ཐེངས་བཅོ་བརྒྱད་པའི་སྟེང་གནང་བའི་གསུང་བཤད་གལ་ཆེན་ནང་། རང་རྒྱལ་གྱི་མཐའ་མཚམས་བཅོས་སྐྱོང་གི་ལོ་རྒྱུས་ཉམས་མྱོང་དང་རླབས་ཆེན་གྲུབ་འབྲས་ཕྱོགས་བསྡོམས་གཏིང་ཟབ་གནང་སྟེ། མཐའ་མཚམས་བཅོས་སྐྱོང་གི་བྱ་བ་སྣ་ཚོགས་ལེགས་པོར་སྒྲུབ་པ་དང་མཐའ་མཚམས་ས་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། མཚོ་སྔོན་ནི་མཐའ་མཚམས་དང་བོད་འབྲེལ་གྱི་འཐབ་ཇུས་ཀྱི་ས་ཆ་གལ་ཆེན་ཞིག་ཡིན་ལ། ཞིང་ཆེན་གྱི་གནས་ཚུལ་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དུས་རིམ་གང་ཞིག་ཡིན་རུང་མཐའ་མཚམས་ས་ཁུལ་དང་འདྲ་ས་ཡོད་པས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་ལས་དོན་ཐད་བཏོན་པའི་བླང་བྱ་གལ་ཆེན་སྔར་ལས་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ཏེ། ཏང་ཀྲུང་དབྱང་གི་མཐའ་མཚམས་བཅོས་སྐྱོང་སྐོར་གྱི་འདུ་ཤེས་དང་ཉམས་མྱོང་བེད་སྤྱོད་ལེགས་པོ་བྱེད་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་རྒྱུ་གཙོ་བོར་འཛིན་པ་རྒྱུན་འཁྱོངས་བྱེད་པ། རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་བརྟན་བརླིང་སྲུང་སྐྱོང་བྱེད་རྒྱུ་དེ་ཚད་མཐའི་བླང་བྱར་འཛིན་པ་རྒྱུན་འཁྱོངས་བྱེད་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་མུ་མཐུད་དུ་གཏིང་ཟབ་ཏུ་སྤེལ་བ་བཅས་བྱས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་ནུས་ཤུགས་ཡོད་རྒུས་འབྲི་དགོས།
གྲོས་ཚོགས་ལས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧའེ་ནན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བའི་སྙན་ཞུར་གསན་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ཏེ། བཅོས་སྒྱུར་སྔར་ལས་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་སྤེལ་བ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་ཡིད་ཆེད་སྔར་ལས་ཇེ་བརྟན་དུ་གཏོང་བ། ཞིང་ཆེན་གྱི་དོན་དངོས་ལ་གཞི་ཚུགས་ཏེ་ཆུ་ཚད་མཐོ་བའི་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྤྱི་འདོམས་སྔར་ལས་ལེགས་པོ་བྱེད་དགོས། ལོ་མཇུག་དང་སང་ལོའི་ལོ་མགོའི་དམངས་འཚོ་འགན་ལེན་དང་། མཁོ་འདོན་བརྟན་པོ་དང་རིན་གོང་འགན་ལེན། སྤྱི་ཚོགས་བདེ་འཇགས་བརྟན་བརླིང་སོགས་ཀྱི་བྱ་བ་སྣ་ཚོགས་རེ་རེ་བཞིན་ཞིབ་བསྡུར་ཡག་པོ་བྱས་ཏེ། སང་ལོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་དོན་ལ་ཚན་རིག་དང་མཐུན་པའི་ངང་ཇུས་འགོད་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཨའོ་མིན་ཕྱིར་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ25འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་དང་ཨའོ་མིན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་གཞུང་སྐབས་དྲུག་པའི་འགན་བཞེས་མཛད་སྒོའི་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་མོ་བྱས་ཏེ། རང་རྟོགས་ངང་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ་དང་། ཞང་ཀང་དང་ཨའོ་མིན་དང་མུ་མཐུད་དུ་བརྗེ་རེས་དང་མཉམ་ལས་ཟབ་སྤེལ་བྱས་ནས། ཆུ་ཚད་མཐོ་བའི་སྒོ་ནས་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་དགོས།
གྲོས་ཚོགས་ལས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཞིང་གསུམ”བྱ་བ་ཡག་པོར་སྒྲུབ་པའི་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱིས་མིག་སྔར་དང་ཕྱིན་ཆད་དུས་སྐབས་ཤིག་གི“ཞིང་གསུམ”བྱ་བར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་གནང་ཡོད། འདས་ཟིན་པའི་ལོ་གཅིག་རིང་། རང་ཞིང་གི“ཞིང་གསུམ”བྱ་བར་གྲུབ་འབྲས་མངོན་གསལ་ཐོབ་ཡོད་མོད། འོན་ཀྱང་བྱ་བའི་ཁྲོད་གནས་པའི་ཞན་ཆ་ཡང་མཐོང་ཐུབ་པར་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་ཀྲུང་དབྱང་གི་ཞིང་སྡེ་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་ནན་མོ་བྱས་ཏེ། རྨང་གཞི་འདིང་བ་དང་ཕུགས་ལ་ཕན་པའི་བྱ་བ་མང་ཙམ་སྒྲུབ་པ་དང་། རྨོ་ཞིང་སྲུང་སྐྱོབ་ཀྱི་ཚད་མཐའ་སྲུང་བ། འབྲུ་རིགས་བདེ་འཇགས་ཀྱི་ཚད་མཐའ་སྲུང་བ་བཅས་བྱེད་དགོས། ལས་ཞུགས་ཕྱོགས་སྟོན་དུ་བཟུང་ནས་གྲོང་གསེབ་ཀྱི་ཐོན་ལས་འཕེལ་རྒྱས་དམ་འཛིན་ཡག་པོ་བྱེད་པ་དང་། ཁྱད་ལྡན་ཞིང་ཕྱུགས་ལས་ཀྱི་ཐོན་ལས་ཕྲེང་འབྲེལ་རྒྱུན་ཆད་མེད་པར་རིང་དུ་བསྲིངས་པ། རོང་འབྲོག་མང་ཚོགས་ཀྱི་འབབ་འཕར་ཕྱུག་འགྱུར་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་ཕྱོགས་ཡོངས་ནས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་། གྲོང་གསེབ་དར་སྤེལ་གྱི་འཐབ་ཇུས་དང་སྦྲེལ་མཐུད་ནུས་ལྡན་བྱེད་པར་རྒྱུན་མཐུད་ངང་སྐུལ་འདེད་གཏོང་བ། གཞི་ཁྱོན་རང་བཞིན་གྱི་ཡང་བསྐྱར་དབུལ་པོར་འགྱུར་བའི་ཚད་མཐའ་བརྟན་སྲུང་བཅས་བྱེད་དགོས། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་གཏོང་བ་དང་། རྣམ་པ་གསར་བའི་གྲོང་ཁྱེར་དང་གྲོང་རྡལ་ཅན་གྱི་འཕེལ་རིམ་ལ་མགྱོགས་མྱུར་ངང་སྐུལ་འདེད་གཏོང་དགོས། ཞིང་སྡེ་དང་གཞི་རིམ་གྱི་ཏང་རྩ་འཛུགས་འཛུགས་སྐྲུན་ལ་སྔར་ལས་ཤུགས་བསྣན་ཏེ། ཡོང་འབབ་འཕར་བར་བྱེད་པ་མ་ཟད་བསམ་རྒྱ་ཡང་སྔར་ལས་བསྐྱེད་དགོས།
གྲོས་ཚོགས་ལས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་ཀྲུང་ཧྭ་རྒྱལ་ཡོངས་མཁོ་འཚོང་མཉམ་ལས་སྤྱི་ཁྱབ་ཁང་བཙུགས་ནས་ལོ70འཁོར་བའི་དྲན་གསོའི་ཚོགས་འདུའི་དགོངས་དོན་སློབ་སྦྱོང་དང་གོ་བ་ཟབ་མོ་བླངས་ཏེ། མཁོ་འཚོང་མཉམ་ལས་ཁང་གིས་ཞིང་པ་མང་ཚོགས་དང་འབྲེལ་འདྲིས་དམ་ཟབ་བྱེད་པའི་ཟམ་པ་དང་འབྲེལ་ཐག་དང་གྲོང་གསེབ་དར་སྤེལ་དང་ཞིང་ལས་དང་གྲོང་གསེབ་འཕེལ་རྒྱས་གཏོང་བར་ཞབས་འདེགས་ཞུ་བའི་ཕྱོགས་བསྡུས་ལས་སྟེགས་ཀྱི་ནུས་པ་འདོན་སྤེལ་ལེགས་པོ་བྱེད་པ་དང་། ཞིང་པར་ཞབས་འདེགས་ཞུ་བའི་འགན་གཙོ་བོ་འཁུར་བར་དམིགས་པ། ཞིང་ཆེན་ཡོངས་ཀྱི་ཞིང་ལས་ཞབས་ཞུའི་ལྟེ་གནས་འཛུགས་སྐྲུན་བྱེད་པར་སྟོབས་ཤུགས་གཅིག་བསྡུས་ཀྱིས་དམ་འཛིན་ལེགས་པོ་བྱེད་པ། མཁོ་འཚོང་མཉམ་ལས་ཁང་གི་ཕྱོགས་བསྡུས་བཅོས་སྒྱུར་ལས་འགན་སྣ་ཚོགས་དོན་འཁྱོལ་ནན་མོ་བྱེད་པ། ཞིང་འབྲེལ་ཞིང་དར་ཞིང་ཕྱུག་ལམ་སྲོལ་འཛུགས་པ། དཔྱིད་འདེབས་ཞིང་སྤྱོད་རྒྱུ་ཆ་མཁོ་འདོན་འགན་ལེན་སོགས་ཀྱི་ལས་དོན་ནུས་ཤུགས་ཡོད་རྒུས་དམ་འཛིན་ཡག་པོ་བྱེད་དགོས།
གྲོས་ཚོགས་ལས་ཀྲུང་དབྱང་རྩ་འཛུགས་པུའུ་ཡི་ཏང་ཡོན་དཔུང་ཁག་འཛུགས་སྐྲུན་བྱ་བའི་བཞུགས་མོལ་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་མོ་བྱས་ཏེ། རྒྱ་ཆེའི་ཏང་ཡོན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་བསམ་བློར་དྲག་ཆས་སྤྲས་པ་དང་། དུས་དང་རྣམ་པ་ཀུན་ཏུ་གུང་ཁྲན་ཏང་ཡོན་གྱི་སྔོན་ཐོན་རང་བཞིན་དང་དག་གཙང་རང་བཞིན་སྲུང་འཛིན་བྱེད་པར་སློབ་གསོ་དང་སྣེ་ཁྲིད་བྱས་ཏེ། ཏང་ཡོན་འཕེལ་རྒྱས་གཏོང་བའི་བྱ་བ་ལེགས་པོར་བསྒྲུབ་པ་དང་། ཏང་ཡོན་དོ་དམ་ལྟ་སྐུལ་མ་ལག་འཐུས་ཚང་དུ་གཏོང་བ། ཏང་ཡོན་གྱི་ནུས་པ་འདོན་སྤེལ་བྱེད་པའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ། ཏང་ཡོན་གྱི་སྐུལ་ལྕག་ཐུགས་ཁུར་རོགས་སྐྱོར་ལམ་སྲོལ་དོན་འཁྱོལ་བྱེད་པ། རྒྱ་ཆེའི་ཏང་ཡོན་གྱི་གདོང་ལེན་མིག་དཔེའི་ནུས་པ་འདོན་སྤེལ་ལེགས་པོ་བྱེད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་དང་། སྤྱི་ཚོགས་བརྟན་བརླིང་སྲུང་སྐྱོང་། མང་ཚོགས་ལ་འབྲེལ་གཏུག་དང་ཞབས་འདེགས་ཞུ་བའི་ཁྲོད་དུ་ལས་འགན་ལྗིད་མོ་ཕྲག་ཏུ་ཁུར་བ་དང་། གདོང་ལེན་བྱེད་པ། གདོང་མཆོང་བྱེད་པ་བཅས་བྱས་ནས། གནད་འགག་གི་སྐབས་སུ་ཏང་ཡོན་ལ་ལྟ་བ་དང་། དཀའ་ངལ་གྱི་མདུན་དུ་ཏང་ཡོན་ཡོད་པ། འཕྲལ་སྒྲུབ་འགག་སྒྲོལ་བྱེད་པར་ཏང་ཡོན་ལ་བརྟེན་པ་བཅས་བྱེད་དགོས་པའི་བླང་བྱ་བཏོན།
སྒྲོལ་མ་སྐྱིད་ཀྱིས་བསྒྱུར།