རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཨུ་ཡོན་ཀྲང་གི་གྲོས་ཚོགས་ཐེངས་སོ་དྲུག་པ་བསྡུས།
2024.12.24 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 26

ཟླ12པའི་ཚེས23ཉིན་གྱི་ཕྱི་དྲོ།    རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གི་གྲོས་ཚོགས་ཐེངས་སོ་དྲུག་པ་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ་རུ་འཚོགས།   ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་ཚོགས་འདུར་མགོ་འཛིན་མཛད།

ཟླ12པའི་ཚེས23ཉིན་གྱི་ཕྱི་དྲོ།    རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གི་གྲོས་ཚོགས་ཐེངས་སོ་དྲུག་པ་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ་རུ་འཚོགས།   ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་ཚོགས་འདུར་མགོ་འཛིན་མཛད།

གྲོས་ཚོགས་ལས་རྒྱལ་ཡོངས་དམངས་ཆེན་གྱི་རྩ་ཁྲིམས་དང་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་ཞིན་ཁྲུན་དབྱིན་གྱིས་ཕུལ་བའི་འཐུས་མིའི་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་ལ་གྲོས་ཞིབ་བྱ་རྒྱུའི་བསམ་འཆར་སྐོར་གྱི་སྙན་ཞུ་དང་།    གནས་ཐང་འཕར་ཁྲལ་གྱི་བཅའ་ཁྲིམས་འཆར་ཟིན་ལ་བཟོ་བཅོས་བྱེད་པའི་བསམ་འཆར་སྐོར་གྱི་སྙན་ཞུ།    ལྟ་ཞིབ་བཅའ་ཁྲིམས་ལ་བཟོ་བཅོས་བྱེད་པའི་གཏན་འབེབས་འཆར་ཟིན་ལ་བཟོ་བཅོས་བྱེད་པའི་བསམ་འཆར་སྐོར་གྱི་སྙན་ཞུ།    ཚན་རིག་ལག་རྩལ་ཁྱབ་གདལ་བཅའ་ཁྲིམས་ཀྱི་བཟོ་བཅོས་འཆར་ཟིན་ལ་བཟོ་བཅོས་བྱེད་པའི་བསམ་འཆར་སྐོར་གྱི་སྙན་ཞུ་བཅས་ལ་ཉན་པ་མ་ཟད། འབྲེལ་ཡོད་གྲོས་གཞིའི་ཚབ་བྲིས་མ་ཟིན་དང་འཆར་ཟིན་བཟོ་བཅོས་མ་ཟིན་ལ་གྲོས་ཞིབ་བྱས།

གྲོས་ཚོགས་ལས་རྒྱལ་ཡོངས་དམངས་ཆེན་ཕྱི་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་ལུའོ་ཆིན་ཅན་གྱིས་ཕུལ་བའི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཅིན་པ་པུའུ་ཝེ་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩིས་སྤྲོད་ཆིངས་ཡིག》དང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་སུའུ་ལི་ནན་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩིས་སྤྲོད་ཆིངས་ཡིག》ལ་གྲོས་ཞིབ་བྱས་ཚུལ་སྐོར་གྱི་སྙན་ཞུར་ཉན་པ་དང་། ཆིངས་ཡིག་ལ་ཆོག་མཆན་འགོད་པའི་ཆོད་དོན་འཆར་ཟིན་གྱི་ཚབ་བྲིས་མ་ཟིན་ལ་གྲོས་ཞིབ་བྱས།

གྲོས་ཚོགས་ལས་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཆེན་མོ་ལིའུ་ཆི་ཡིས་ཕུལ་བའི་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པ་བསྡུ་བའི་གཏན་འབེབས་འཆར་ཟིན་ལ་གྲོས་ཞིབ་བྱས་པའི་སྙན་ཞུ་དང་།    འཐུས་མི་རེ་ཟུང་གི་འཐུས་མིའི་ཐོབ་ཐང་སྐོར་གྱི་སྙན་ཞུ།    བསྐོ་འཐེན་གྲོས་གཞིར་གྲོས་ཞིབ་བྱས་ཚུལ་གྱི་སྙན་ཞུ་སོགས་ལ་ཉན་པ་དང་འབྲེལ་ཡོད་གཏན་འབེབས་འཆར་ཟིན་ལ་གྲོས་ཞིབ་བྱས།

ཨུ་ཡོན་ཀྲང་གི་གྲོས་ཚོགས་སྟེང་གོང་གསལ་གྲོས་གཞིའི་ཚབ་བྲིས་མ་ཟིན་དང་འཆར་ཟིན་བཟོ་བཅོས་མ་ཡིག་སོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ལ་གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུའི་ཐག་བཅད།

རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ལིས་ཧུང་ཀྲུང་དང་།    ཝང་ཏུང་མེན།    ཞའོ་ཅེ།    ཀྲིན་ཅན་པང་།    ཏེན་ཀྲུང་ལིས།    ཧའོ་མིན་ཅིན།    ཚའེ་ཏ་ཧྥིན།    ཧི་ཝེ།    ཝུའུ་ཝེ་ཧྭ།    ཐེ་དབྱིན།    ཕིན་ཆིན་ཧྭ།    ཀྲང་ཆིན་ཝེ།    བློ་བཟང་རྒྱལ་མཚན།    ཞུའེ་ཁི་ལའེ་ཐི·ཀྲ་ཁི་ཨར་བཅས་གྲོས་ཚོགས་སུ་ཞུགས།

ཤ་བོ་རིན་མཚོས་བསྒྱུར།