ཀྲུང་དབྱང་དམག་ཨུས་དམག་ཡོངས་ཀྱི་ཚད་ལྡན་ཅན་འཛུགས་སྐྲུན་གྱི་སྔོན་ཐོན་ལས་ཁུངས་ལ་གཟེངས་བསྟོད་བྱས།
2024.12.24 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 26

ཉིན་འགའི་སྔོན། ཀྲུང་དབྱང་དམག་ཨུས《དམག་ཡོངས་ཀྱི་ཚད་ལྡན་ཅན་འཛུགས་སྐྲུན་གྱི་སྔོན་ཐོན་ལས་ཁུངས་ལ་གཟེངས་བསྟོད་བྱ་རྒྱུའི་སྐོར་གྱི་བརྡ་ཁྱབ》པར་འགྲེམས་བྱས་ནས་དམག་ཡོངས་ཀྱི་ཚད་ལྡན་ཅན་འཛུགས་སྐྲུན་གྱི་སྔོན་ཐོན་ལས་ཁུངས་བཅུ་ལ་གཟེངས་བསྟོད་བྱས།

བརྡ་ཁྱབ་ནང་བསྟན་དོན། ཉེ་བའི་ལོ་ཤས་རིང་དམག་ཡོངས་ཀྱི་དཔུང་སྡེ་ཡིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་རྒྱུན་འཁྱོངས་བྱས་པ་དང་། ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་དགོངས་པ་ལག་བསྟར་གཏིང་ཟབ་བྱས་ཏེ། དུས་རབས་གསར་པའི་དམག་དོན་འཐབ་ཇུས་བྱེད་ཕྱོགས་ལག་བསྟར་གཏིང་ཟབ་བྱས་པ་དང་། དམག་གྲབས་འཐབ་མོའི་གནས་བབ་གསར་པ་དང་བླང་བྱ་གསར་པར་བསྟུན་གང་ཐུབ་བྱས་ལ། ཁྲིམས་ལྟར་དམག་སྐྱོང་བའི་འཐབ་ཇུས་ཕྱོགས་ཡོངས་ནས་ཁོང་དུ་ཆུད་པར་བྱས་ཤིང་། དཔུང་སྡེའི་དོ་དམ་ལ་ཁྲིམས་ལྟར་ཤུགས་བསྣན་པ་དང་། དམག་སྐྱོང་བྱེད་ཐབས་ལ་རྩ་བའི་རང་བཞིན་གྱི་འགྱུར་ལྡོག་འབྱུང་རྒྱུར་མགྱོགས་མྱུར་ངང་སྐུལ་འདེད་བཏང་ལ། སྤྱོད་ཚུལ་སྒྲིག་ཁྲིམས་སྔར་ལས་གཟབ་ནན་དུ་བཏང་བ་དང་། དཔུང་སྡེའི་སྒྲིག་ལམ་སྔར་ལས་ཚད་ལྡན་དུ་བཏང་ནས་ཚད་ལྡན་ཅན་འཛུགས་སྐྲུན་གྱི་སྔོན་ཐོན་དཔེ་བཟང་སྐོར་ཞིག་བྱུང་ཡོད།

བརྡ་ཁྱབ་ནང་དམག་ཡོངས་ཀྱི་དཔུང་སྡེ་ཡིས་སྔོན་ཐོན་ལས་ཁུངས་མིག་དཔེར་བྱས་ཏེ་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། ཀྲུང་དབྱང་དམག་ཨུའི《དམག་དཔུང་དོ་དམ་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བསམ་འཆར》དོན་འཁྱོལ་ནན་ཏན་བྱེད་པ། ཁྲིམས་ལྟར་དམག་སྐྱོང་བའི་ཤུགས་རྒྱག་ས་དེ་དམག་གྲབས་འཐབ་མོར་ཞབས་འདེགས་ཞུ་བའི་ཐད་འཇོག་པ་རྒྱུན་འཁྱོངས་བྱེད་པ། དམག་དོན་བཅོས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པ། དོ་དམ་བྱེད་སྟངས་རྒྱུན་ཆད་མེད་པར་གསར་གཏོད་བྱེད་པ་བཅས་བྱས་ཏེ་དམག་དཔུང་ཚད་ལྡན་ཅན་འཛུགས་སྐྲུན་དེ་ཆུ་ཚད་སྔར་ལས་མཐོ་བའི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་པའི་སྐུལ་ལྕག་གནང་།

ཤ་བོ་གསེར་མཚོས་བསྒྱུར།