ཟླ12ཚེས24ཉིན། ཞིང་ཆེན་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་གཅིག་པ་བསྡུས། ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་ཞི་མགོན་པོ་བཀྲ་ཤིས་ཀྱིས་གྲོས་ཚོགས་ལ་མགོ་འཛིན་བྱས་པར་མ་ཟད་གཏམ་བཤད། རིན་ཆེན་རྣམ་རྒྱལ་དང་ཁོང་ཡུང་། ཝང་ཞོན། ཝང་ཀྲིན་ཁྲང་། ཀྲང་ཞའོ་རུང་། ལིས་ཞའོ་ནན། ལིའུ་ཏ་ཡའེ། གསེར་ཁྲི·ཆོས་ཀྱི་བློ་གྲོས་རྒྱ་མཚོ། ཕིན་ཡིའུ་ཏུང་། དེ་མིན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མི་བཅས་གྲོས་ཚོགས་ལ་ཞུགས།
གྲོས་ཚོགས་ལས་ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། མཚོ་སྔོན་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གསུམ་པའི་ གྲོས་ཚོགས་ཐེངས་གསུམ་པ་འཚོགས་པའི་སྐོར་གྱི་གཏན་འབེབས་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་སྟེ། ཞིང་ཆེན་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པ་དེ་སང་ལོའི་ཟླ་དང་པོའི་ཟླ་སྨད་དུ་ཟི་ལིང་དུ་འཚོགས་རྒྱུ་ཐག་བཅད་པ་དང་། མཚོ་སྔོན་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པའི་གྲོས་རིམ(འཆར་ཟིན)དང་ཉིན་རེའི་གྲོས་རིམ་ལ་གྲོས་འཆམ་བྱུང་ཞིང་། མཚོ་སྔོན་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པར་གྲོས་ཞིབ་བྱེད་པར་སྤྲོད་པའི་སྲིད་གྲོས་སྐབས་བཅུ་གསུམ་པའི་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་དང་སྙན་ཞུ་འབུལ་མཁན་གྱི་མིང་ཐོར་གྲོས་འཆམ་བྱུང་། མཚོ་སྔོན་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པར་གྲོས་ཞིབ་བྱེད་པར་སྤྲོད་པའི་སྲིད་གྲོས་སྐབས་བཅུ་གསུམ་པའི་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པ་འཚོགས་ཚུན་གྱི་གྲོས་གཞིའི་བྱ་བའི་གནས་ཚུལ་སྐོར་གྱི་སྙན་ཞུ་དང་སྙན་ཞུ་འབུལ་མཁན་གྱི་མིང་ཐོར་གྲོས་འཆམ་བྱུང་བ་དང་། ཏང་ཡོན་རྒྱུན་ལས་ཨུ་ཡོན་གྱི་འཐུས་མིས་ལས་འགན་བསྒྲུབས་ཚུལ་སྙན་ཞུར་ཕུལ་བར་ཉན་ལ། ཞིང་ཆེན་སྲིད་གྲོས་ཀྱི་ཆེད་དོན་ཨུ་ཡོན་ལྷན་ཁང་སོ་སོའི་ལོ་འཁོར་གྱི་བྱ་བའི་སྙན་ཞུར་ཉན་པ་དང་། ཀྲུའུ་ཞིའི་གྲོས་ཚོགས་ཐོག་སྲིད་གྲོས་སྐབས་བཅུ་གསུམ་པའི་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་གཅིག་པའི་མཇུག་བསྒྲིལ་མེད་པའི་དོན་དག་ལ་གྲོས་ཞིབ་བྱེད་པར་དབང་ཆ་སྤྲོད་པའི་སྐོར་གྱི་གཏན་འབེབས་ལ་གྲོས་འཆམ་བྱུང་ཞིང་། 《ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་གྲོས་མོལ་བྱ་བའི་སྒྲིག་སྲོལ(བཟོ་བཅོས་འཆར་ཟིན》དང་། 《ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཆེད་དོན་སྤྱི་སྲོལ(བཟོ་བཅོས་འཆར་ཟིན)》། 《སྲིད་གྲོས་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་གྱིས་འགན་འཁྲི་སྒྲུབ་པའི་བྱ་བའི་སྒྲིག་སྲོལ(བཟོ་བཅོས་མ་ཟིན)》བཅས་ལ་གྲོས་འཆམ་བྱུང་བ་དང་། ཞིང་ཆེན་མི་དམངས་སྲིད་གཞུང་གི་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པའི་གྲོས་གཞི་སྒྲུབ་ཚུལ་ལ་ཉན་ཞིང་། འབྲེལ་ཡོད་མི་དོན་དོན་ཚན་ལ་གྲོས་ཞིབ་བྱས།
གྲོས་ཚོགས་ལས་བསྟན་དོན། ལོ་གཅིག་གི་རིང་ལ། ཞིང་ཆེན་སྲིད་གྲོས་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་མཚོ་སྔོན་ཞིང་ཆེན་ཏང་ཨུའི་མགོ་ཁྲིད་འོག རྒྱལ་དོན་གྱི་ཆེ་ཕྱོགས་དང་། ཞིང་ཆེན་གྱི་དོན་ཆེན། མི་དམངས་ཀྱི་དོ་ཁུར་བཅས་ལ་དམ་པོར་དམིགས་ཏེ། འགན་ནུས་ལག་བསྟར་ནན་ཏན་དང་། སྔར་ལས་ལྷག་པར་ངོས་འཛིན་གཅིག་མཐུན་གཅིག་ཏུ་བསྒྲིལ་ནས། སྲིད་གྲོས་ཀྱི་བྱ་བ་སྣ་ཚོགས་ལ་གྲུབ་འབྲས་གཡུར་དུ་ཟ་བ་བླངས་པ་དང་། ལྟེ་བར་དམིགས་པ་དང་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བའི་ནུས་པ་དང་ཕན་འབྲས་སྔར་ལས་འབུར་དུ་ཐོན་ཞིང་། སྤྱི་ཚོགས་རིང་ལུགས་ཀྱི་གྲོས་མོལ་དམངས་གཙོ་དེ་མཚོ་སྔོན་དུ་ལག་ལེན་ལེགས་པོ་བྱས་པ་གང་ལེགས་སྒོས་མངོན་ཡོད།
གྲོས་ཚོགས་ལས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་དབུ་བརྙེས་ནས་ལོ75འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། དེའི་དགོངས་དོན་གྱི་ངོ་བོ་དང་ནང་དོན་གཙོ་བོ་ཁོང་དུ་གཏིང་ཟབ་མོར་ཆུད་པར་བྱས་ཏེ། བསམ་བློར་དྲག་ཆས་སྤྲས་པ་དང་བྱ་བར་སྐུལ་འདེད་ཏན་ཏིག་གཏོང་དགོས། ཆབ་སྲིད་དམ་འཛིན་དང་། སྤུས་ཚད་དམ་འཛིན། ཁག་ཁུར་དམ་འཛིན། སྒྲིག་ཁྲིམས་དམ་འཛིན་བཅས་བྱས་ཏེ། སྤུས་ཚད་མཐོ་བའི་སྒོ་ནས་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པ་ཡག་པོར་བསྡུ་དགོས། རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས་ཀྱི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱས་ཏེ། གྲོས་ཚོགས་ལ་ཞུགས་པའི་གྲ་སྒྲིག་བྱ་བ་ནན་ཏན་སྒོས་ཡག་པོར་བསྒྲུབ་དགོས། ཞིང་ཆེན་ཡོངས་ཀྱི་བྱ་བའི་སྤྱི་ཡོངས་ལ་དམིགས་ཏེ། སང་ལོའི་གཙོ་གནད་བྱ་བར་ཇུས་འགོད་ཞིབ་ཚགས་བྱས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལག་ལེན་སྤེལ་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་སྔར་ལས་ཆེ་བ་འབུལ་དགོས།
སྒྲོལ་མ་སྐྱིད་ཀྱིས་བསྒྱུར།