ཝང་ཞའོ་ཧུང་གིས་རྒྱལ་ཁབ་དུག་འགོག་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་དང་རྒྱལ་ཡོངས་ཀྱི་དུག་འགོག་ལས་དོན་གྱི་བརྙན་རིས་ཚོགས་འདུའི་སྟེང་གཏམ་བཤད།
2025.01.01 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 34

ཟླ12པའི་ཚེས31ཉིན། རྒྱལ་སྲིད་ཨུ་ཡོན། རྒྱལ་ཁབ་དུག་འགོག་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཞའོ་ཧུང་གིས་རྒྱལ་ཁབ་དུག་འགོག་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་དང་རྒྱལ་ཡོངས་དུག་འགོག་ལས་དོན་གྱི་བརྙན་རིས་ཚོགས་འདུའི་སྟེང་དུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དུག་འགོག་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་ཟབ་སྤེལ་བྱེད་རྒྱུ་དང་། དུག་འགོག་ལས་དོན་གྱི་གནས་བབ་ཁོང་དུ་ཡང་དག་ཆུད་པར་བྱས་ཏེ། འགོག་རྒོལ་དོ་དམ་ཚོད་འཛིན་དང་དྲིལ་སྒྲོག་གི་ལས་དོན་ཁག་ཕྱོགས་ཡོངས་ནས་ཟབ་སྤེལ་བཏང་ནས། བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ཀྱི་དུག་རྫས་གནད་དོན་བཅོས་སྐྱོང་བྱེད་པའི་བགྲོད་ལམ་སྟེང་བསྐྱོད་དེ། དུས་རབས་གསར་པའི་དུག་འགོག་གི་མི་དམངས་དམག་འཁྲུག་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་དགོས་ཞེས་ནན་བཤད་བྱས།

ཝང་ཞའོ་ཧུང་གིས་ཐོག་མཐའ་བར་གསུམ་དུ་མཐོ་གནོན་སྣང་ཚུལ་ལ་རྡུང་རྡེག་ནན་མོ་གཏོང་བའི་རྣམ་པ་རྒྱུན་འཁྱོངས་བྱས་ཏེ། “མཐའ་མཚམས་གཙང་སེལ”ཞིབ་བཤེར་ཟབ་སྤེལ་གཏོང་བ་དང་། ས་ཁོངས་ཀྱི་མཉམ་འཛོམས་དམག་འཐབ་ལ་མུ་མཐུད་རྩ་འཛུགས་བྱས་ཏེ། ནུས་ཤུགས་ཡོད་རྒུས“འབྱུང་ཁུངས་གཙང་སེལ་དང་ཆུ་རྒྱུན་གཅོད་པའི”འགོག་རྒོལ་དམག་འཐབ་དང་མཁྲེགས་གཏོར་དམག་འཐབ། ཡུན་རིང་དམག་འཐབ་བཅས་ཡག་པོ་རྒྱག་དགོས། དུག་རྫས་ཀྱི་གནད་དོན་འབུར་དུ་ཐོན་པའི་སྒོ་ནས་བཅོས་སྐྱོང་ཤུགས་ཆེན་བྱས་ཏེ། གཙོ་གནད་ས་ཁུལ་དུ་བཅོས་སྐྱོང་ནན་མོ་དང་གཙོ་གནད་དངོས་རྫས་ལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ། དུག་རྫས་ཀྱི་གནད་དོན་སྐྱེ་འཕེལ་དང་མཆེད་པའི་ས་རྒྱུ་ཅི་ཡོད་མཐའ་གཅིག་ཏུ་མེད་པར་བཟོ་དགོས། རྨང་གཞིའི་སྔོན་འགོག་ལ་སྔར་ལས་མཐོང་ཆེན་བྱེད་པ་དང་། དུག་འགོག་དྲིལ་སྒྲོག་སློབ་གསོ་གསར་གཏོད་བྱེད་པ། དུག་འཐེན་མཁན་གྱི་ཞབས་ཞུའི་དོ་དམ་ལ་ཤུགས་སྣོན་པ། དུག་འགོག་བདེ་ཐང་སླར་གསོའི་ཕན་འབྲས་ཆེ་རུ་གཏོང་བ། དུག་རྫས་ཀྱི་དགོས་མཁོ་ཉུང་དུ་གཏོང་ཅི་ཐུབ་བྱེད་པ་དང་དུག་རྫས་ཀྱི་གནོད་འཚེ་བཀག་འགོག་བཅས་བྱེད་དགོས། དུག་འགོག་རྒྱལ་སྤྱིའི་མཉམ་ལས་ཟབ་སྤེལ་དུ་བཏང་ནས། ཕྱོགས་མང་ལམ་སྲོལ་སྟེགས་བུ་སྔར་ལས་ལེགས་པའི་སྒོ་ནས་བེད་སྤྱོད་བྱས་ཏེ། དུག་རྫས་གནད་དོན་འཛམ་གླིང་ཧྲིལ་པོའི་ངོས་ནས་མཉམ་དུ་བཅོས་སྐྱོང་བྱེད་པར་སྐུལ་འདེད་གཏོང་དགོས། ཆབ་སྲིད་ཀྱི་ལེགས་ཆ་དང་ལམ་ལུགས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱེད་རྒྱུ་དང་། རང་འཁྲིའི་འགན་འཁྲི་དོན་འཁྱོལ་ནན་མོ་བྱེད་པ། སྒྲིག་སྲོལ་དང་ལམ་སྲོལ་སྔར་ལས་འཐུས་ཚང་དུ་གཏོང་བ། ཁྲིམས་སྐྱོང་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། ཚན་རྩལ་གྱི་ནུས་པ་འདོན་སྤྲོད་བྱེད་ཤུགས་ཆེ་རུ་གཏོང་བ། དུག་འགོག་ལས་དོན་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་གཏོང་བར་རྩ་འཛུགས་ཀྱི་འགན་སྲུང་ནུས་ལྡན་འདོན་སྤྲོད་བཅས་བྱེད་དགོས་པའི་བླང་བྱ་བཏོན།

བན་དེ་སྐྱབས་ཀྱིས་བསྒྱུར།