ཞི་ཅིན་ཕིང་གི་རང་བྱུང་ཐོན་ཁུངས་བྱ་བའི་སྐོར་གྱི་རྒྱས་བཤད་བཏུས་བསྒྲིགས་ཞེས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་བསྡུས།
2025.01.03 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 26

ཞི་ཅིན་ཕིང་གི་རང་བྱུང་ཐོན་ཁུངས་བྱ་བའི་སྐོར་གྱི་རྒྱས་བཤད་བཏུས་བསྒྲིགས་ཞེས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧི་ལིས་ཧྥིན་ཚོགས་འདུར་ཞུགས་པར་མ་ཟད་གཏམ་བཤད།

ཧི་ལིས་ཧྥིན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱས་བཤད་གལ་ཆེན་གྱི་ནང་དོན་ཕུན་སུམ་ཚོགས་ཤིང་ཆ་ཚང་ལ། གཏན་ཚིགས་ལྡན་པ་དང་། རྒྱ་ཆེ་ལ་གཏིང་ཟབ་པ་ཞིག་ཡིན་པས། དུས་རབས་གསར་བར་རང་བྱུང་ཐོན་ཁུངས་བྱ་བ་ལེགས་པོར་བསྒྲུབ་པར་རྩ་བའི་གཞི་འཛིན་ས་འདོན་སྤྲོད་བྱས་ཤིང་། དེའི་དོན་སྙིང་གལ་ཆེན་གསལ་བོར་རྟོགས་དགོས་ལ། ཏང་གིས་རང་བྱུང་ཐོན་ཁུངས་བྱ་བར་ཕྱོགས་ཡོངས་ནས་མགོ་ཁྲིད་པ་རྒྱུན་འཁྱོངས་དང་ཤུགས་སྣོན་བྱེད་པ་ནི་རང་བྱུང་ཐོན་ཁུངས་བྱ་བ་ལེགས་པོར་བསྒྲུབ་པའི་རྩ་བའི་འགན་ལེན་ཡིན་པའི་གོ་བ་ཟབ་མོ་ལེན་པ་དང་། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་དགོངས་པ་རྒྱུན་འཁྱོངས་བྱེད་པ་ནི་རང་བྱུང་ཐོན་ཁུངས་བྱ་བའི་རྩ་བའི་ལངས་ཕྱོགས་ཡིན་ཞིང་། རང་རྒྱལ་གྱི་རང་བྱུང་ཐོན་ཁུངས་ཀྱིས་ཕྱུག་པའི་གཞི་རྩའི་རྒྱལ་ཁབ་ཀྱི་གནས་ཚུལ་དམ་འཛིན་ཡག་པོ་བྱེད་པ་ནི་རང་བྱུང་ཐོན་ཁུངས་བྱ་བ་ལེགས་པར་བསྒྲུབ་པའི་སྔོན་འགྲོ་གལ་ཆེན་ཡིན་པ་དང་། མི་དང་རང་བྱུང་འཆམ་མཐུན་མཉམ་གནས་ཀྱི་དེང་རབས་ཅན་འཛུགས་སྐྲུན་དང་ཞབས་འདེགས་ཞུ་བ་ནི་རང་བྱུང་ཐོན་ཁུངས་བྱ་བའི་ལས་འགན་ཡིན་ལ། རྒྱལ་ཁོངས་བར་སྟོང་གསར་སྤེལ་རྣམ་པ་ལེགས་སྒྱུར་བྱེད་པ་སོགས་ཀྱི་ཐབས་ཇུས་བྱེད་ཐབས་གལ་ཆེན་ནི་རང་བྱུང་ཐོན་ཁུངས་བྱ་བ་ལེགས་པོར་བསྒྲུབ་པའི་ལག་ལེན་གྱི་བླང་བྱ་ཡིན་ཞིང་། ལམ་ལུགས་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་ལམ་ལུགས་དོན་འཁྱོལ་དམ་འཛིན་བྱེད་པ་ནི་རང་བྱུང་ཐོན་ཁུངས་བྱ་བ་ལེགས་པོར་བསྒྲུབ་པའི་འགན་སྲུང་གལ་ཆེན་ཡིན་ཞེས་བསྟན།

ཧི་ལིས་ཧྥིན་གྱིས་རྒྱས་བཤད་བཏུས་བསྒྲིགས་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་བྱེད་པ་ནི་མིག་སྔ་དང་རྗེས་ཕྱོགས་ཀྱི་དུས་སྐབས་ཤིག་གི་རིང་གི་རང་བྱུང་ཐོན་ཁུངས་མ་ལག་གི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཡིན་པ་དང་། ཆ་ཚང་ཞིང་ཡང་དག་ལ། ཕྱོགས་ཡོངས་ནས་དེའི་ནང་དོན་གྱི་སྙིང་བོ་སློབ་སྦྱོང་དང་ལག་བསྟར་བྱས་ནས་། སློབ་སྦྱོང་གི་གྲུབ་འབྲས་དེ་བྱ་བའི་དངོས་འབྲས་སུ་བསྒྱུར་བ་དང་། རྒྱུན་ཆད་མེད་པར་རང་བྱུང་ཐོན་ཁུངས་བྱ་བའི་རྣམ་པ་གསར་བ་བཏོད་དགོས། 

ཀྲུང་དབྱང་དྲིལ་སྒྲོག་པུའུ། ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཡིག་ཚགས་ཞིབ་འཇུག་ཁང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན། རང་བྱུང་ཐོན་ཁུངས་པུའུ་སོགས་འབྲེལ་ཡོད་ལས་ཁུངས་ཀྱི་འགན་ཁུར་བློ་མཐུན་དང་ཆེད་ལས་མཁས་པའི་འཐུས་ཚབ་པ་ཚོགས་འདུར་ཞུགས།

ལྷ་མོ་འཚོས་བསྒྱུར།