ཞིང་ཆེན་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པའི་གྲ་སྒྲིག་བྱ་བའི་མགོ་ཁྲིད་ཚན་ཆུང་གིས་གྲོས་ཚོགས་ཐེངས་གཉིས་པ་བསྡུས།
2025.01.11 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 28

ཟླ1ཚེས10ཉིན། ཞིང་ཆེན་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པའི་གྲ་སྒྲིག་བྱ་བའི་མགོ་ཁྲིད་ཚན་ཆུང་གིས་གྲོས་ཚོགས་ཐེངས་གཉིས་པ་བསྡུས་ཏེ། བྱ་བའི་ཚན་ཆུང་སོ་སོའི་གྲ་སྒྲིག་བྱ་བའི་ཐད་ཀྱི་གནས་ཚུལ་སྙན་ཞུར་ཉན་པ་དང་གོ་རིམ་རྗེས་མའི་བྱ་བ་བཀོད་སྒྲིག་བྱས།

གྲོས་ཚོགས་སྟེང་གྲ་སྒྲིག་གྲོས་ཚོགས་ཐེངས་དང་པོ་བསྡུས་པའི་ཚུན་དུ། བྱ་བའི་ཚན་ཆུང་སོ་སོས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གྲོས་ཏང་ཙུའུ་ཡི་བཀོད་སྒྲིག་བླང་བྱ་ནན་ཏན་གྱིས་དངོས་འབེབས་བྱས་ཤིང་། ཆབ་སྲིད་ཀྱི་འགན་འཁྲི་ཁུར་སེམས་དྲག་པོས་དངོས་འབེབས་ནན་འཛིན་དང་། གྲོས་ཚོགས་བྱ་བའི་ལས་ཁུངས་ཆ་ཚང་དུ་བཙུགས་ཤིང་འགན་འཁྲི་ཁག་བགོས་ཁ་གསལ་གནད་ཁེལ་ཡོང་བར་བྱས་ལ། རིགས་སོ་སོའི་སྙན་ཞུ་ཡིག་ཆའི་འཆར་ཟིན་བྱ་བ་གཞི་རྩའི་སྟེང་གནད་ཐོག་ཏུ་འཁེལ་ཞིང་། གྲོས་གཞི་སྒྲུབ་པ་དང་ཚོགས་ཆེན་གྱི་གཏམ་བཤད་བསྡུ་ལེན་བྱ་བའི་ཐོག་མའི་དམིགས་འབེན་མངོན་འགྱུར་བྱུང་། ཞབས་ཞུ་འགན་སྲུང་བྱ་བར་གོ་རིམ་ལྡན་པའི་སྐུལ་འདེད་བཏང་བ་དང་གྲོས་ཚོགས་སྔོན་གྱི་དྲིལ་སྒྲོག་ཁྱབ་སྤེལ་གྱི་རྣམ་པ་ལེགས་པོ་ཞིག་བསྐྲུན་ཡོད་ཅིང་། གྲ་སྒྲིག་བྱ་བས་དུས་རིམ་རང་བཞིན་གྱི་གྲུབ་འབྲས་གལ་ཆེན་བླངས་ནས་གྲོས་ཚོགས་བདེ་ལེགས་ངང་འཚོགས་པར་རྨང་གཞི་ལེགས་པོ་ཞིག་བཏིངས་ཡོད་ཅེས་བསྟན།

གྲོས་ཚོགས་ལས་ཆབ་སྲིད་ཀྱི་ལངས་གནས་སྔར་ལས་མཐོ་རུ་བཏང་སྟེ། བསམ་བློའི་ངོས་འཛིན་གཅིག་གྱུར་དང་བྱ་བའི་མཉམ་ཤུགས་གྲུབ་པར་བྱེད་པ། ཏན་ཏན་ཏིག་ཏིག་སྒོས་གྲོས་ཚོགས་སྔོན་གྱི་ལས་དོན་ཁག་གི་གྲ་སྒྲིག་བྱ་བ་ཡག་པོར་སྒྲུབ་པ། བྱེད་མཁས་འགྲུབ་མཁས་བྱས་ཏེ་གོ་ནོར་སྤུ་ཙམ་ཡང་མེད་པར་བྱེད་དགོས། གྲོས་ཚོགས་ཀྱི་བྱེད་སྒོ་གལ་ཆེན་ཁག་ལ་དམ་པོར་དམིགས་ཏེ། འབྲེལ་ཡོད་ཕྱོགས་ཀྱི་མཐུན་སྦྱོར་འབྲེལ་འདྲིས་ལ་ཤུགས་སྣོན་དང་གྲོས་རིམ་བརྒྱུད་རིམ་ལེགས་སྒྱུར་ཞིབ་ཚགས་བྱེད་པ་དང་། ལས་འགན་རེ་རེ་དངོས་འབེབས་དོན་འཁྱོལ་ཐུབ་པར་བྱས་ནས་གྲོས་ཚོགས་ཀྱི་ལས་དོན་ཁག་ལ་གོ་རིམ་ཡོད་པའི་སྐུལ་འདེད་གཏོང་ཐུབ་པར་ཁག་ཐེག་བྱ་དགོས། ནུས་ལྡན་ཞིབ་འདོན་དང་། རྩེར་སྙེག་བརྩོན་ལེན་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། རིགས་སོ་སོའི་སྙན་ཞུའི་ཡིག་ཆ་སེམས་ཞིབ་མོས་བཟོ་བཅོས་བྱེད་པ་དང་། གྲོས་ཚོགས་རྒྱུ་ཆའི་ཆབ་སྲིད་ཀྱི་འགག་སྒོ་དང་སྲིད་ཇུས་ཀྱི་འགག་སྒོ། སྤུས་ཚད་ཀྱི་འགག་སྒོ། ཡིག་འབྲུའི་འགག་སྒོ་བཅས་དམ་པོར་བཟུང་ནས་ཕྱོགས་ཡོངས་དང་ཡང་དག་སྒོས་སྲིད་གྲོས་ཀྱི་འགན་སྒྲུབ་གྲུབ་འབྲས་མངོན་ཐུབ་པར་བྱེད་དགོས། གྲོས་ཚོགས་གྲོན་ཆུང་རྣམ་པས་བསྡུ་བ་དང་སྲིད་གཙང་སྒོས་བསྡུ་བ། ཕན་ནུས་མཐོ་བའི་སྒོ་ནས་བསྡུ་བའི་བླང་བྱ་ལག་བསྟར་བྱས་ཏེ། ཟ་འཐུང་དང་སྡོད་ཁང་བཀོད་སྒྲིག་ཞིབ་ཚགས་དང་། ཚོགས་ར་བཀོད་སྒྲིག་ཞིབ་ཚགས། རླངས་འཁོར་མངགས་གཏོང་དང་བདེ་འཇགས་འགན་སྲུང་སོགས་ཀྱི་བྱ་བ་ཞིབ་མོར་བསྒྲུབ་སྟེ། ཨུ་ཡོན་དག་གིས་སེམས་བདེ་མོའི་སྒོ་ནས་འགན་སྒྲུབ་བྱེད་ཐུབ་པར་ཆ་རྐྱེན་ལེགས་པོ་ཞིག་བསྐྲུན་དགོས་པ་ནན་གྱིས་བསྟན།

རིག་འཛིན་སྒྲོལ་མས་བསྒྱུར།