ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཡིས་གྲོས་ཚོགས་བསྡུས།
2025.01.14 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 23

 ཟླ1ཚེས13ཉིན། ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཡིས་གྲོས་ཚོགས་ཐེངས་སོ་བདུན་པ་བསྡུས་ཏེ། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པའི་དགོངས་དོན་ཆེད་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་རིན་གཞོན་པ་ཝང་ལིས་མེན་གྱིས་གྲོས་ཚོགས་ལ་མགོ་འཛིན་བྱས་པར་མ་ཟད་གཏམ་བཤད། དབྱང་ཧྥིནཁྲུན་དང་། ཉི་མ་སྒྲོལ་མ། ཀྲང་ཧོང་ཡོན།  ཝང་ཅིན་ཀྲེ།  ཁྲེན་ཏུང་ཁྲང་བཅས་གྲོས་ཚོགས་ལ་ཞུགས།

གྲོས་ཚོགས་ལས་བསྟན་དོན།  ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པས2024ལོའི་བྱ་བར་རྒྱུད་རིམ་ལྡན་པའི་སྒོ་ནས་ཕྱོགས་བསྡོམས་བྱས་པ་དང་། མིག་སྔའི་གནས་བབ་ལ་དབྱེ་ཞིབ་གཏིང་ཟབ་བྱས་ཤིང་།    2025ལོའི་བྱ་བ་ལེགས་སྒྲུབ་བྱེད་པར་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས་པ་དང་། བྱ་བའི་བླང་བྱ་བཏོན་ཡོད་པས།  སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་། ཕྱོགས་ཡོངས་ནས་དོན་འཁྱོལ་མཐར་ཕྱིན་བྱེད་དགོས།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ་དང་ཁོང་དུ་ཆུད་པར་བྱས་ཏེ།  བསམ་བློ་དང་བྱ་སྤྱོད་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ཐོག་གཅིག་གྱུར་ཡོང་བ་བྱེད་དགོས། ལངས་གནས་ཀྱི་སློབ་སྦྱོང་དང་། འགན་འཁྲིའི་སློབ་སྦྱོང་། བྱ་བ་དང་ཟུང་འབྲེལ་བཅས་བྱས་ཏེ། ཆབ་སྲིད་ཀྱི་རང་རྟོགས་དང་། འགན་འཁྲི་སྒྲུབ་པའི་ནུས་པ། འགན་འཁྲི་འཁུར་སེམས་བཅས་ཆེ་རུ་བཏང་ནས་སློབ་སྦྱོང་གི་གྲུབ་འབྲས་དེ་དམངས་འཐུས་ཚོགས་ཆེན་གྱི་བྱ་བར་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་བྱ་སྤྱོད་དངོས་ལ་འགྱུར་བར་བྱེད་དགོས། དམིགས་འབེན་དང་ལས་འགན་ལ་དམ་པོར་དམིགས་ཏེ། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པའི་ཐད་དམངས་འཐུས་ཚོགས་ཆེན་གྱི་འགན་འཁྲི་འཁུར་སེམས་མཚོན་པ་དང་། དམངས་འཐུས་ཚོགས་ཆེན་གྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས། མངགས་བཅོལ་བློ་ལ་བརྟན་པོར་བཅངས་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་ལས་དོན་ལ་བཏོན་པའི་བླང་བྱ་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། ལྟེ་བར་དམིགས་པ་དང་། སྤྱི་ཡོངས་ལ་ཞབས་ཞུ། ཁྲིམས་ལྟར་འགན་འཁྲི་སྒྲུབ་པ་བཅས་རྒྱུན་འཁྱོངས་བྱས་ནས། ཐོག་མཐའ་བར་གསུམ་དུ་དམ་འཛིན་མཐར་ཕྱིན་བྱེད་དགོས། ཡིད་ཆེས་དང་ཆོད་སེམས་བརྟན་དུ་གཏོང་བ་དང་། མིག་སྔའི་ལས་དོན་དམ་འཛིན་ལེགས་པོ་བྱས་ཏེ། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དེ་དམངས་འཐུས་ཚོགས་ཆེན་གྱི་ལས་དོན་ཁྲོད་གཏིང་ཟབ་ཅིང་ཏན་ཏིག་ངང་སྤེལ་བར་སྐུལ་འདེད་གཏོང་དགོས། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དྲིལ་བསྒྲགས་དང་། ཞིང་ཆེན་སྐབས་བཅུ་བཞི་པའི་ དམངས་འཐུས་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་གསུམ་པའི་གྲ་སྒྲིག“གཙོ་གནད་གཅིག་དང་འཆར་གཞི་གསུམ”གཏན་འབེབས་སོགས་ཀྱི་ལས་དོན་གོ་རིམ་ལྡན་པའི་སྒོ་ནས་དམ་འཛིན་གཏིང་ཟབ་བྱས་ཏེ། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པར་སྔར་ལས་སྲ་ཞིང་བརྟན་པའི་དམངས་འཐུས་ཚོགས་ཆེན་གྱི་སྟོབས་ཤུགས་གཅིག་ཏུ་སྒྲིལ་དགོས།

སྒྲོལ་མ་སྐྱིད་ཀྱིས་བསྒྱུར།