ཟླ1ཚེས13ཉིན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་པེ་ཅིང་དུ་ཧཱ་སག་སི་ཐན་གྱི་གྲོང་ཁང་གོང་མའི་གྲོས་དཔོན་ཨ་ཞི་མུའུ་པ་ཡེ་ཧྥུའུ་ལ་མཇལ་འཕྲད་གནང་།
ཟླ1ཚེས13ཉིན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་པེ་ཅིང་དུ་ཧཱ་སག་སི་ཐན་གྱི་གྲོང་ཁང་གོང་མའི་གྲོས་དཔོན་ཨ་ཞི་མུའུ་པ་ཡེ་ཧྥུའུ་ལ་མཇལ་འཕྲད་གནང་།
ཝང་ཧུའུ་ཉིང་གིས་བསྟན་དོན། ཀྲུང་གོ་དང་ཧཱ་སག་སི་ཐན་གྱིས་ཐོག་མཐའ་བར་གསུམ་དུ་ཕན་ཚུན་བརྩི་འཇོག་དང་། ཁྱིམ་མཚེས་མཛའ་མཐུན། དཀའ་སྡུག་མཉམ་སེལ། གཉིས་ཕན་མཉམ་རྒྱལ་བཅས་ཀྱི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་ཐུའོ་ཁ་ཡེ་ཧྥུའུ་ཡི་འཐབ་ཇུས་སྣེ་ཁྲིད་འོག ཀྲུང་གོ་དང་ཧཱ་སག་སི་ཐན་གྱི་འབྲེལ་བ་འཕེལ་རྒྱས་མགྱོགས་པོ་བྱུང་བ་དང་། ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་ཡང་འཕེལ་རྒྱས་མགྱོགས་པོ་བྱུང་། ཀྲུང་གོ་ཕྱོགས་ཀྱིས་ཧཱ་སག་སི་ཐན་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱི་ཐུན་མོང་ངོས་འཛིན་སྣེ་ཁྲིད་དུ་བྱས་ནས། ལོ་གསར་པའི་ནང་ཀྲུང་གོ་དང་ཧཱ་སག་སི་ཐན་གྱི་འབྲེལ་བ་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་འདོད་ཡོད། ཀྲུང་གོའི་རྒྱལ་ཡོངས་སྲིད་གྲོས་ཀྱིས་ཧཱ་སག་སི་ཐན་ཕྱོགས་ཀྱི་འབྲེལ་ཡོད་སྒྲིག་གཞི་དང་བརྗེ་རེས་འགྲོ་འོང་ལ་ཤུགས་བསྣན་ནས། རང་སོ་སོའི་རྒྱལ་ཁབ་འཛུགས་སྐྲུན་དང་ཕྱོགས་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་གཏོང་བར་ཞབས་འདེགས་ཞུ་འདོད་ཡོད།
ཨ་ཞི་མུའུ་པ་ཡེ་ཧྥུའུ་ཡིས་བསྟན་དོན། ཧཱ་སག་སི་ཐན་ཕྱོགས་ཀྱིས་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པའི་འདུ་ཤེས་ལ་ཚད་མཐོའི་ཁས་ལེན་བྱེད་ཀྱིན་ཡོད་པ་དང་། ཧཱ་སག་སི་ཐན་གྲོས་ཁང་གོང་མས་ཀྲུང་གོའི་རྒྱལ་ཡོངས་སྲིད་གྲོས་དང་བརྗེ་རེས་མཉམ་ལས་ལ་ཤུགས་བསྣན་ནས་འཛམ་གླིང་འཕེལ་རྒྱས་ཀྱི་གྲོས་འགོ་དང་། འཛམ་གླིང་བདེ་འཇགས་ཀྱི་གྲོས་འགོ། འཛམ་གླིང་དཔལ་ཡོན་གྱི་གྲོས་འགོ་བཅས་དོན་འཁྱོལ་བྱ་རྒྱུར་མཉམ་དུ་སྐུལ་འདེད་བཏང་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད་བྱས་རྗེས་འཇོག་འདོད་ཡོད།
ཧྲི་ཐའེ་ཧྥིན་དང་ཝང་ཏུང་ཧྥིན་སོགས་མཇལ་འཕྲད་ལ་ཞུགས།
ཤ་བོ་རིན་མཚོས་བསྒྱུར།