ཟླ1ཚེས14ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་པེ་ཅིང་དུ་འཇར་པན་རང་དབང་དམངས་གཙོ་ཏང་གི་ལས་འཛིན་དཔོན་སིན་ཧྲན་ཡུས་དང་། ཀུང་མིན་ཏང་གི་ལས་འཛིན་དཔོན་ཞི་ཐེན་ཧྲི་རིན་གྱིས་སྣེ་ཁྲིད་བྱས་པའི་འཇར་པན་སྲིད་སྐྱོང་ཏང་གི་འཐུས་ཚབ་ཚོགས་པར་མཇལ་འཕྲད་གནང་།

ཝང་ཧུའུ་ཉིང་གིས་བསྟན་དོན། 2024ལོའི་ཟླ11པར། ཀྲུའུ་ཞི་ཞི་ཅིན་ཕིང་དང་དབུ་བཞུགས་བློན་ཆེན་ཧྲི་ཕོ་མའོ་གཉིས་ལི་མ་རུ་མཇལ་འཕྲད་གནང་སྟེ། ཀྲུང་གོ་དང་འཇར་པན་གྱི་ཆབ་སྲིད་ཡིག་ཆ་བཞིའི་ནང་གཏན་འཁེལ་བྱས་པའི་རྩ་དོན་དང་ཁ་ཕྱོགས་གཞིར་བཟུང་ནས། ཀྲུང་གོ་དང་འཇར་པན་གྱི་འཐབ་ཇུས་གཉིས་ཕན་འབྲེལ་བར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བར་མོས་མཐུན་བྱུང་། རྒྱལ་ཁབ་གཉིས་ཀྱི་སྲིད་སྐྱོང་ཏང་གིས་རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པའི་ཐུན་མོང་ངོས་འཛིན་དོན་འཁྱོལ་བྱེད་པར་སྐུལ་འདེད་གཏོང་རྒྱུར་དམིགས་ནས་བརྗེ་རེས་གཏིང་ཟབ་བྱས་ཏེ། མཉམ་དུ་ཀྲུང་གོ་དང་འཇར་པན་གྱི་འབྲེལ་བ་ཧུར་ཐག་གིས་འཕེལ་རྒྱས་བཏང་ནས། རང་ས་ཁུལ་དང་འཛམ་གླིང་དར་རྒྱས་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་དགོས། ཀྲུང་གོའི་རྒྱལ་ཡོངས་སྲིད་གྲོས་ཀྱིས་དེའི་ཐད་ཧུར་ཐག་གིས་བྱས་རྗེས་འཇོག་འདོད་ཡོད།
འཇར་པན་ཕྱོགས་ཀྱིས་བསྟན་དོན། འཇར་པན་དང་ཀྲུང་གོ་ནི་ཁྱིམ་མཚེས་རྒྱལ་ཁབ་གལ་ཆེན་ཞིག་ཡིན་པས། རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པའི་ཐུན་མོང་ངོས་འཛིན་གལ་ཆེན་གཞིར་བཟུང་བ་དང་། ཆེ་སར་གཅིག་མཐུན་ཡོང་བ་དང་ཆུང་སར་མི་མཐུན་པ་སོར་འཇོག་བྱེད་པའི་སྙིང་སྟོབས་གཞིར་བཟུང་ནས། སྲིད་འཛིན་ཏང་གི་བརྗེ་རེས་རྐྱེན་སྲོལ་བརྒྱུད་དེ། གཞོན་ནུ་གྲོས་མི་དང་ས་གནས་མགོ་ཁྲིད་པ་ཚུད་པའི་རིམ་པ་སོ་སོའི་མི་སྣའི་བརྗེ་རེས་འགྲོ་འོང་ལ་སྐུལ་འདེད་གཏོང་བ་དང་། མི་མཐུན་པའི་ཆ་ཉུང་དུ་གཏོང་བ་དང་མཉམ་ལས་ལ་སྐུལ་འདེད་གཏོང་འདོད་ཡོད།
ཧྲི་ཐའེ་ཧྥིན་དང་ཅང་ཙའོ་ཅུན་སོགས་མཇལ་འཕྲད་ལ་ཞུགས།
ཤ་བོ་རིན་མཚོས་བསྒྱུར།