ཟླ1ཚེས14ཉིན། ཞིང་བཟོ་ཏང་མཚོ་སྔོན་ཞིང་ཆེན་སྐབས་བརྒྱད་པའི་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བ་བསྡུས། གྲོས་ཚོགས་ལས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་ཕྱིའི་མི་སྣའི་བཞུགས་མོལ་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཀྲུང་གོ་ཞིང་བཟོ་དམངས་གཙོ་ཏང་སྐབས་བཅུ་བདུན་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཤིང་། འབྲེལ་ཡོད་བྱ་བའི་སྙན་ཞུར་ཉན་པ་དང་གྲོས་ཞིབ་བྱས།
གྲོས་ཚོགས་ལས་བསྟན་དོན། འདས་པའི་ལོ་གཅིག་གི་རིང་ལ། ཞིང་བཟོ་ཏང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པར་བརྟེན་ནས་བླ་སྲོག་བསྐྲུན་པ་རྒྱུན་འཁྱོངས་དང་། བསམ་བློ་དང་ཆབ་སྲིད་བྱ་བས་སྲིད་ཞུགས་འགན་སྒྲུབ་དང་རང་ངོས་འཛུགས་སྐྲུན་ལ་སྤྱི་འདོམས་བྱེད་པའི་སྤྱིའི་བླང་བྱ་མཐའ་གཅིག་ཏུ་དོན་འཁྱོལ་བྱས་ཏེ། ལྟེ་གནས་ལས་འགན་ལ་ཞབས་ཞུ་དང་། བྱ་བའི་གཙོ་གནད་འབུར་ཐོན། སྤུས་ཚད་མཐོར་འདེགས། ཐུན་མོང་ངོས་འཛིན་གཅིག་སྒྲིལ་བཅས་བྱས་ཤིང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་ལག་ལེན་སྤེལ་བའི་ཁྲོད་ཁག་ཁུར་ཕོད་པ་བྱས་ནས། ལོ་ཧྲིལ་པོའི་བྱ་བ་སྣ་ཚོགས་ལ་གྲུབ་འབྲས་གསར་བ་བླངས་ཡོད།
གྲོས་ཚོགས་ལས་ནན་གྱིས་བསྟན་དོན། 2025ལོར། ཞིང་བཟོ་ཏང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གིས་བསམ་བློ་ཆབ་སྲིད་ཀྱི་ཁྲིད་སྟོན་ལ་ཕྱོགས་ཡོངས་ནས་ཤུགས་བསྣན་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པར་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོ་དང་། དོན་ཆེན་ཨང་དང་པོ། ཡུན་རིང་གི་བླང་བྱ་བཅས་སུ་བརྩིས་ནས་དམ་འཛིན་ལྷོད་མེད་བྱེད་དགོས། སྲིད་ཞུགས་འགན་སྒྲུབ་ཀྱི་སྤུས་ཚད་དང་ཕན་འབྲས་ཕྱོགས་ཡོངས་ནས་མཐོར་འདེགས་གཏོང་བ་དང་། མཚོ་སྔོན་ཞིང་ཆེན་གྱི་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་འཆར་འགོད་གཏན་འབེབས་དང་། ཐོན་ལས་ཀྱི“གནས་བཞི”འཛུགས་སྐྲུན། སྨན་བཅོས་འཕྲོད་བསྟེན་འཕེལ་རྒྱས་སོགས་ལས་འགན་གཙོ་བོར་དམིགས་ཏེ། ཞིབ་འཇུག་བྱ་གཞི་གནད་ལ་འཁེལ་བ་དང་། བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱས་ནས། རྒྱང་ལྟའི་རང་བཞིན་དང་སྤྱོད་འཐུས་རང་བཞིན་ལྡན་པའི་སྤུས་ཚད་མཐོ་བའི་སྲིད་མོལ་སྲིད་གྲོས་ཀྱི་གྲུབ་འབྲས་ཀྱིས་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ལ་སྔར་ལས་རང་འགུལ་ངང་ཞབས་འདེགས་ཞུ་དགོས། “གཟབ་ནན་གསུམ”གྱི་བླང་བྱ་ཕྱོགས་ཡོངས་ནས་དོན་འཁྱོལ་དང་། རང་ངོས་འཛུགས་སྐྲུན་ཇེ་དྲག་ཏུ་བཏང་སྟེ། ཀྲུང་གོའི་ལུགས་ཀྱི་མཚོ་སྔོན་གྱི་ལག་ལེན་སྤེལ་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བར་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས།
སྒྲོལ་མ་སྐྱིད་ཀྱིས་བསྒྱུར།