ཝུའུ་ཞའོ་ཅུན་གྱིས་ཞིང་ཆེན་རིམ་པའི་ཆོས་ལུགས་ཚོགས་པ་སོ་སོའི་སྐབས་གསར་པའི་མགོ་ཁྲིད་ཚན་ཁག་གི་ཁོངས་མི་དང་བཞུགས་མོལ་བྱས།
2025.01.15 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 35

ཟླ1ཚེས14ཉིན།    ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝུའུ་ཞའོ་ཅུན་དང་ཞིང་ཆེན་རིམ་པའི་ཆོས་ལུགས་ཚོགས་པ་སོ་སོའི་སྐབས་གསར་པའི་མགོ་ཁྲིད་ཚན་ཁག་གི་ཁོངས་མིས་བཞུགས་མོལ་བྱས།     ཁོས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ།    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཆོས་ལུགས་ལས་དོན་སྐོར་གྱི་རྒྱས་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས།    རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་།    ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་ཕན་ཚུན་འཚམ་པར་ཁྲིད་སྟོན་ཧུར་ཐག་བྱེད་པ། འབྲེལ་ཐག་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ།    ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་ཧུར་ཐག་གིས་འབྲི་བར་མཉམ་ཤུགས་ཆེན་པོ་གཅིག་བསྡུས་བྱ་དགོས་ཞེས་བསྟན།     ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཚབ་མ་ལའོ་ཏུང་ཁྲོན། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་མགོན་པོ་བཀྲ་ཤིས་གྲོས་ཚོགས་སུ་ཞུགས།

བཞུགས་མོལ་ཚོགས་འདུའི་སྟེང་། ཞིང་ཆེན་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་བླ་ཁོ·བློ་བཟང་བསྟན་པའི་དབང་ཕྱུག་དང་།    ཞིང་ཆེན་དབྱི་སི་ལན་ཆོས་ལུགས་མཐུན་ཚོགས་ཀྱི་ཚོགས་གཙོ་མཱ་ཁྲིན་ཀུའེ།    ཞིང་ཆེན་ཏའོ་ཅའོ་ཆོས་ལུགས་མཐུན་ཚོགས་ཀྱི་ཚོགས་གཙོ་ཝེ་ཐིན་ལེང་།    ཞིང་ཆེན་ཡེ་ཤུའི་ཆོས་ལུགས་ཚོགས་ཆེན་གཉིས་ཀྱི་ཀྲུའུ་ཞི། ཚོགས་གཙོ་ཐུང་ཕིང་ཨན་བཅས་ཀྱིས་སྔ་རྗེས་སུ་གཏམ་བཤད།

ཚང་མའི་གཏམ་བཤད་ལ་ནན་ཏན་གྱིས་ཉན་རྗེས།    ཝུའུ་ཞའོ་ཅུན་གྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ནས་གསར་དུ་བདམས་ཐོན་བྱུང་བའི་ཆོས་ལུགས་ཚོགས་པ་སོ་སོའི་མགོ་ཁྲིད་ཚན་ཁག་གི་ཁོངས་མིར་རྟེན་འབྲེལ་ཞུས།  ཁོས་བསྟན་དོན། ཉེ་བའི་ལོ་འགའི་རིང་། ཞིང་ཆེན་ཡོངས་ཀྱི་ཆོས་ལུགས་ཚོགས་པ་སོ་སོས་རང་རྟོགས་སྒོས་ཏང་གི་མགོ་ཁྲིད་རྒྱུན་འཁྱོངས་དང་།    ཆོས་ལུགས་ལས་རིགས་ཀྱི་མི་སྣ་དང་རྒྱ་ཆེའི་དད་ལྡན་མང་ཚོགས་ལ་མཐུན་སྒྲིལ་བྱས་ཏེ་མི་རིགས་མཐུན་སྒྲིལ་དང་།    ཆོས་ལུགས་འཆམ་མཐུན།    སྤྱི་ཚོགས་བརྟན་བརླིང་བཅས་སྲུང་སྐྱོང་བྱེད་པའི་ཐད་ནུས་པ་གལ་ཆེན་འདོན་སྤེལ་བྱས་ཡོད།     ཚང་མས་མུ་མཐུད་དུ་ནུས་ཤུགས་འདོན་པ་དང་དམ་འཛིན་ཡག་པོ་བྱས་ནས། དགེ་མཚན་ལྡན་པའི་ནུས་པ་མུ་མཐུད་འདོན་སྤེལ་བྱས་ཏེ། ཆོས་ལུགས་ལས་རིགས་ཀྱི་མི་སྣ་དང་དད་ལྡན་མང་ཚོགས་ཏང་དང་སྲིད་གཞུང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་ལས་དམ་ཟབ་བྱས་ནས། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པར་བློ་གྲོས་དང་སྟོབས་ཤུགས་སྔར་ལས་མང་པོ་འབུལ་རྒྱུའི་རེ་བ་ཡོད།

ཝུའུ་ཞའོ་ཅུན་གྱིས་ནན་གྱིས་བསྟན་དོན། ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པོ་བྱས་ནས།    “གཏན་ཕབ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་བླངས་ཏེ།    “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་སྒྲུབ་དགོས། དུས་རབས་གསར་པའི་ཏང་གི་ཆོས་ལུགས་བྱ་བའི་གཞུང་ལུགས་དང་བྱེད་ཕྱོགས་སྲིད་ཇུས་ཆ་ཚང་ཡང་དག་དང་ཕྱོགས་ཡོངས་ནས་གོ་བ་གཏིང་ཟབ་བླངས་ནས་ལག་བསྟར་བྱས་ཏེ།    རྒྱལ་གཅེས་ཆོས་གཅེས་ཀྱི་སྲོལ་རྒྱུན་བཟང་པོ་དར་སྤེལ་གཏོང་བ་དང་།    ཆོས་ལུགས་ལས་རིགས་ཀྱི་མི་སྣ་དང་རྒྱ་ཆེའི་དད་ལྡན་མང་ཚོགས་ཀྱིས་བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་དྲིན་ཚོར་བ་དང་།    ཏང་གི་གསུང་ལ་ཉན་པ།    ཏང་གི་རྗེས་སུ་འབྲངས་པར་ཁྲིད་སྟོན་བྱས་ཏེ།     ཆབ་སྲིད་ཤེས་མཁན་བྱེད་དགོས།  ཆོས་ལུགས་ཀྱི་བློ་སྦྱོང་མཐོར་འདེགས་སུ་གཏོང་བ་དང་།    སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྣེ་ཁྲིད་དུ་བྱས་ཏེ།    ཆོས་ལུགས་ལས་རིགས་ཀྱི་མི་སྣ་དང་དད་ལྡན་མང་ཚོགས་ཀྱིས་རླབས་ཆེན་མེས་རྒྱལ་དང་།    ཀྲུང་ཧྭ་མི་རིགས།    ཀྲུང་ཧྭའི་རིག་གནས།    ཀྲུང་གོ་གུང་ཁྲན་ཏང་།    ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བཅས་ལ་ཁས་ལེན་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་དང་།    ཆོས་ལུགས་དང་ཆོས་སྲོལ་ལ་དུས་རབས་ཡར་ཐོན་གྱི་བླང་བྱ་དང་མཐུན་པའི་འགྲེལ་བཤད་བྱས་ནས།     རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བའི་ལག་ལེན་བྱེད་མཁན་བྱེད་དགོས།  ཀུན་སྤྱོད་བློ་སྦྱོང་དང་སློབ་སྲོལ་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་།    ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོ་གཏིང་ཟབ་སྤེལ་བ།    ཁྲིམས་བཀུར་དང་ཁྲིམས་སྦྱོང་། ཁྲིམས་སྲུང་དང་ཁྲིམས་སྤྱོད་ཀྱི་དར་སྲོལ་བཟང་པོ་བསྐྲུན་ནས་སྒྲིག་སྲོལ་བརྩི་སྲུང་དང་སྡོམ་ཁྲིམས་སྲུང་པའི་མིག་དཔེ་བཟང་པོ་བྱེད་དགོས།     ཆོས་ལུགས་ཚོགས་པའི་འབྲེལ་ཐག་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ།    མི་རིགས་སོ་སོའི་འགྲོ་འོང་བརྗེ་རེས་དང་མཉམ་འདྲེས་ལ་སྐུལ་འདེད་གཏོང་བ་དང་།    མི་རིགས་ཆོས་ལུགས་ཁྱབ་ཁོངས་ཀྱི་ཉེན་ཁ་དང་མངོན་མེད་ཉེན་ཁ་སྔོན་འགོག་དང་ཧུར་ཐག་གིས་སེལ་ཏེ།    རང་ཆོས་ལུགས་ཀྱི་རྒྱུན་ལྡན་གྱི་དོ་དམ་ལ་ཤུགས་བསྣན་ནས་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་དང་།    འཆམ་མཐུན་བརྟན་བརླིང་སྲུང་སྐྱོང་།    སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བའི་སྣེ་ཁྲིད་པ་བྱེད་དགོས།

ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ལིའུ་ཆི་ཧྥན་གྱིས་གྲོས་ཚོགས་ལ་མགོ་འཛིན་བྱས། ཞིང་ཆེན་གྱི་མགོ་ཁྲིད་པ་ཝང་ལི་མིན་དང་།    ཀྲའོ་ཡུའེ་ཞ།   པད་ཁོ།    ཀྲུའུ་ཞང་ཧྥུན།    དབྱང་ཀྲི་ཝུན་བཅས་དང་།    ཆོས་ལུགས་ལས་རིགས་ཀྱི་འཐུས་མི་རིན་ཆེན་རྣམ་རྒྱལ་དང་།    གསེར་ཁྲི·ཆོས་ཀྱི་བློ་གྲོས་རྒྱ་མཚོ། མཱ་ཡུའེ་ཞང་བཅས་གྲོས་ཚོགས་སུ་ཞུགས།

ཤ་བོ་རིན་མཚོས་བསྒྱུར།