ཟླ1ཚེས13ཉིན། གསར་འགོད་པས་ཞིང་ཆེན་སྲིད་གྲོས་གྲོས་གཞི་ཨུ་ཡོན་ལྷན་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཞིང་ཆེན་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པ་འཚོགས་པའི་ཚུན་ལ། སྲིད་གྲོས་ཨུ་ཡོན་དང་སྲིད་གྲོས་ཁྲོད་ཞུགས་པའི་ལས་ཁུངས་དང་ཆེད་དོན་ཨུ་ཡོན་ལྷན་ཁང་སོ་སོས་ཞིང་ཆེན་ཡོངས་ཀྱི་ལས་དོན་གཙོ་བོ་དང་མི་དམངས་མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་གནད་དོན་ལ་དམ་པོར་དམིགས་ཏེ། ཁྱོན་སྡོམ་གྲོས་གཞི419བཏོན་པ་དང་། ཞིབ་བཤེར་བྱས་པ་བརྒྱུད་གྲོས་གཞི309ཐོ་འགོད་བྱས་ཤིང་། ཐོ་འགོད་བྱས་ཚད73.7%ཟིན་ཡོད། ཐོ་འགོད་བྱས་པའི་གྲོས་གཞི་དེ་སྒྲུབ་གཉེར་ལས་ཁུངས70ལ་སྒྲུབ་ཏུ་བཅུག་པ་དང་། 2024ལོའི་ཟླ12པའི་ཟླ་མཇུག་བར་ཚང་མ་སྒྲུབ་ཚར། གྲོས་གཞིའི་ལས་དོན་གྱིས་སྤྱི་ཚོགས་ཀྱི་དོ་ཁུར་ལ་ལན་ནུས་ལྡན་འདེབས་པ་དང་། ལས་རིགས་ཁག་གི་ཐུན་མོང་ངོས་འཛིན་གཅིག་སྒྲིལ་དང་གནད་དོན་ཐག་གཅོད་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱས།
ཞིང་ཆེན་སྲིད་གྲོས་ཀྱིས་ཐོག་མཐའ་བར་གསུམ་དུ་གྲོས་གཞིའི་ལས་དོན་དེ་སྔར་ལས་འབུར་ཐོན་གྱི་གོ་གནས་ཐོག་བཞག་སྟེ། སྤུས་ཚད་སྔོན་ལ་འཇོག་པའི་བྱ་བའི་ཁྲིད་ཕྱོགས་མངོན་གསལ་དོད་པ་དང་། གྲོས་གཞིའི་སྤུས་ཚད་དང་། སྒྲུབ་གཉེར་སྤུས་ཚད། ཞབས་ཞུའི་སྤུས་ཚད་བཅས་ལ་སྐུལ་འདེད་གཏོང་ཤུགས་ཆེ་རུ་བཏང་ཡོད། གྲོས་གཞིའི་ལས་དོན་ཁྲོད་ཀྱི་དམངས་གཙོ་ཏང་ཁག་དང་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི“གཙོ་ཤུགས་དམག”གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། དེས་སྤུས་ལེགས་ཀྱི་གྲོས་གཞི་སྔར་ལས་མང་བ་འདོན་པར་རྒྱབ་སྐྱོར་བྱས་པ་དང་། ཏང་སྲིད་ལྟ་ཞིབ་སྡེ་ཁག་དང་སྒྲུབ་གཉེར་སྡེ་ཁག་དང་འབྲེལ་གཏུག་མཐུན་སྦྱོར་བྱེད་པར་ཤུགས་བསྣན་ཏེ། ཡུན་ཕན་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་སྒྲུབ་གཉེར་སྤུས་ཚད་ཇེ་མཐོར་གཏོང་ཤུགས་ཆེ་རུ་བཏང་ཞིང་། གྲོས་གཞིའི“ལན་འདེབས་རྒྱུར་མཐོང་ཆེན་དང་དོན་འཁྱོལ་བྱ་རྒྱུར་སྣང་ཆུང་བྱེད་པ”དང་གྲོས་གཞིའི་དོན་ཚན་དོན་འཁྱོལ་བྱེད་དཀའ་བ་སོགས་ཀྱི་གནད་དོན་ཐག་གཅོད་བྱས་པ་དང་ཆབས་ཅིག རིམ་པ་སོ་སོའི་སྲིད་གྲོས་ཀྱི་མཉམ་ལས་མཉམ་འགུལ་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་བཏང་ནས། ཞིང་ཆེན་ཡོངས་ཀྱི་སྲིད་གྲོས་གྲོས་གཞིའི་ལས་དོན་གྱི་སྤྱི་ཡོངས་ཀྱི་ཞབས་ཞུའི་ནུས་པ་ཇེ་དྲག་ཏུ་བཏང་།
གྲོས་གཞི་སྒྲུབ་གཉེར་བྱེད་པ་ནི་གྲོས་གཞིའི་ལས་དོན་གྱི་བརྒྱུད་རིམ་གལ་ཆེན་ཞིག་ཡིན་ཞིང་། ཞིང་ཆེན་སྲིད་གྲོས་ཀྱིས་ཚད་གཞི་བཟོ་བ་རྒྱུན་འཁྱོངས་བྱས་ཏེ། གྲོས་གཞི་སྒྲུབ་གཉེར་གྱི་རྣམ་པ་གསར་པ་མགྱོགས་མྱུར་ངང་བཙུགས། ཞིང་ཆེན་གྱི་ཏང་སྲིད་འགོ་ཁྲིད་གཙོ་བོས་གཙོ་གནད་གྲོས་གཞི་སྒྲུབ་གཉེར་ལ་ལྟ་སྐུལ་བྱེད་རྒྱུ་ཁྲིད་སྟོན་དུ་བཟུང་སྟེ། ཏང་ཨུ་དང་། སྲིད་གཞུང་། སྲིད་གྲོས་བཅས་ཀྱིས་མཉམ་དུ་གྲོས་གཞི་སྒྲུབ་གཉེར་ལ་ལྟ་སྐུལ་བྱེད་པའི་ལམ་སྲོལ་རྒྱུན་ཆད་མེད་པར་འཐུས་ཚང་དུ་གཏོང་བ་དང་། གཙོ་གནད་གྲོས་གཞིའི་མཐོ་རིམ་སྒྲུབ་གཉེར་གྲོས་མོལ་དང་། གྲོས་གཞི་གཅིག་བསྡུས་ཀྱི་སྒྲུབ་གཉེར་གྲོས་མོལ། རིགས་གཅིག་པའི་གྲོས་གཞི་སྒྲུབ་གཉེར་གྲོས་མོལ་བཅས་བྱེད་པའི་དཔེ་དབྱིབས་ཀྱི་ནུས་པ་ཆེ་རུ་གཏོང་བ། སྒྲུབ་གཉེར་ལས་ཁུངས་སོ་སོས་གྲུབ་འབྲས་བཀོལ་སྤྱོད་ལ་སྔར་ལས་མཐོང་ཆེན་བྱེད་པར་ཁྲིད་སྟོན་བཅས་བྱས་ཏེ། གྲོས་གཞི་མང་པོ་ཞིག་སྡེ་ཁག་གི་ལས་དོན་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་ནུས་ལྡན་དུ་བསྒྱུར་ཡོད།
གྲོས་གཞི་སྒྲུབ་པའི་ལག་ལེན་ཁྲོད་དུ། སྒྲུབ་གཉེར་ལས་ཁུངས་སོ་སོས་གྲོས་གཞི་སྒྲུབ་པའི་བྱ་བར་མཐོང་ཆེན་བྱེད་པ་དང་། བསམ་བློའི་ངོས་འཛིན་ཇེ་ཟབ་ཏུ་གཏོང་བ། སྒྲུབ་གཉེར་ལམ་སྲོལ་ལེགས་འགྱུར་བྱེད་པ་བཅས་བྱས་ཏེ། གྲོས་གཞི་ཚང་མ་གཏན་ལ་ཕབ་པའི་དུས་བཅད་ནང་བསྒྲུབས་ཚར་བར་མ་ཟད་ཨུ་ཡོན་ལ་ལན་བཏབ་ཡོད། གྲོས་གཞིའི་གྲུབ་འབྲས་གཞན་སྒྱུར་ཡོང་བར་སྐུལ་འདེད་གཏོང་བར་མཐོང་ཆེན་དང་། གྲོས་གཞི་སྒྲུབ་པའི་ལས་དོན་དེ“ལན་འདེབས་པའི་རྣམ་པ”ནས“དོན་འཁྱོལ་གྱི་རྣམ་པ”རུ་བསྒྱུར་བ་དང་། “ཡིག་ཐོག་ནས་ལན་འདེབས་པ”ནས“གནད་དོན་ཐག་གཅོད་པའི”ཕྱོགས་སུ་བསྒྱུར་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ཏེ་ཕན་འབྲས་ཆེན་པོ་བླངས་ཡོད།
སྒྲོལ་མ་སྐྱིད་ཀྱིས་བསྒྱུར།