ཞིང་ཆེན་སྲིད་གྲོས་ཀྱིས་ཏང་ཙུའུ་གྲོས་ཚོགས་བསྡུས།
2025.01.16 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 25

 ཟླ1ཚེས15ཉིན། ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་ཞི་མགོན་པོ་བཀྲ་ཤིས་ཀྱིས་ཞིང་ཆེན་སྲིད་གྲོས་ཏང་ཙུའུ་ཡི་གྲོས་ཚོགས་ལ་མགོ་འཛིན་བྱས་ཏེ། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པའི་དགོངས་དོན་ཆེད་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། ལག་བསྟར་དོན་འཁྱོལ་གྱི་བསམ་འཆར་ལ་ཞིབ་འཇུག་བྱས།

གྲོས་ཚོགས་ལས་བསྟན་དོན། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པའི་ཐོག་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་པ་རྒྱུན་འཁྱོངས་དང་། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་དང་། ཀྲུང་དབྱང་གི་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བཅས་ལག་བསྟར་གཏིང་ཟབ་བྱས་ཤིང་། 2024ལོའི་བྱ་བར་ཕྱོགས་སྡོམ་དང2025ལོའི་བྱ་བར་བཀོད་སྒྲིག་བྱས་པ་དང་། བསམ་ཕྱོགས་གསར་པ་དང་བྱེད་ཐབས་གསར་པ།  བླང་བྱ་གསར་པ་རབ་དང་རིམ་པ་བཏོན་ཡོད་པས། ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་མངག་བཅོལ་བློ་ལ་བརྟན་པོར་བཅངས་བ་དང་། དྲིན་ཚོར་མདུན་སྐྱོད་བྱེད་པར་སྐུལ་སློང་དང་། ཡིད་ཆེས་བརྟན་གཏོང་དང་དངོས་སྒྲུབ་བརྩོན་གཉེར་བཅས་བྱས་ཏེ།“ལོ་ལྔའི་འཆར་འགོད་བཅུ་བཞི་པར”རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པ་དང་།“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འགོ་ཡག་པོ་ཞིག་རྩོམ་པར་དོན་སྙིང་གལ་ཆེན་ལྡན།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། ཞིང་ཆེན་ཡོངས་ཀྱི་སྲིད་གྲོས་དང་རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་གྱིས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་རྒྱུ་དེ་མིག་སྔར་དང་ཕྱིན་ཆད་དུས་སྐབས་ཤིག་གི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས། སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་། ཁོང་དུ་ཆུད་པ།  དོན་འཁྱོལ་དམ་འཛིན་བཅས་བྱེད་པར་ཤུགས་སྣོན་དགོས་པ་དང་། བསམ་བློ་དང་བྱ་སྤྱོད་ཞིང་ཆེན་ཏང་ཨུའི་ཐབས་ཇུས་བཀོད་སྒྲིག་དང་ཚང་འཛོམས་གྲོས་ཚོགས་ཀྱི་དམིགས་འབེན་བླང་བྱའི་ཐོག་གཅིག་གྱུར་ཏན་ཏིག་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལག་ལེན་སྤེལ་བར་མཉམ་དུ་སྐུལ་འདེད་གཏོང་ཆེད་འབད་བརྩོན་བྱེད་དགོས། རྒྱུན་འཁྱོངས་ལྷོད་མེད་སྒོས་ཏང་གི་གསར་སྐྲུན་གཞུང་ལུགས་ལ་བརྟེན་ནས་སེམས་ཤུགས་གཅིག་སྒྲིལ་དང་། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ། “འདུ་ཤེས་བཞི”ཇེ་དྲག་ཏུ་གཏོང་བ།“རང་རྟོན་བཞི”ཇེ་བརྟན་དུ་གཏོང་བ།“སྲུང་སྐྱོང་གཉིས”སྒྲུབ་ཐུབ་པ་བཅས་བྱས་ཏེ།   མཉམ་དུ་མཐུན་སྒྲིལ་འབད་འཐབ་བྱེད་པའི་བསམ་བློ་ཆབ་སྲིད་ཀྱི་རྨང་གཞི་རྒྱུན་ཆད་མེད་པར་སྲ་བརྟན་དུ་གཏོང་དགོས། ཞིང་ཆེན་ཡོངས་ཀྱི་ལྟེ་བའི་སྤྱི་ཡོངས་ལ་དམ་པོར་དམིགས་ཏེ་སྲིད་གླེང་ཇུས་འདོན་དང་ལོ་འཁོར་གྱི་གཙོ་གནད་གྲོས་མོལ་འཆར་གཞི་དོན་འཁྱོལ་ནན་མོ་བྱེད་པ་དང་། མཐོ་ས་བསྐྲུན་པ་དང་གནས་བཞི་འཛུགས་སྐྲུན་བྱེད་པ།   ཕྱོགས་ཡོངས་ནས་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བ།  འཛད་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་བ། སྤུས་གསར་ཐོན་སྐྱེད་ནུས་ཤུགས་གསོ་སྐྱོང་བྱེད་པ།  ས་མཐོའི་ཁམས་གསོ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ་སོགས་གཙོ་གནད་དང་དཀའ་གནད་ཀྱི་གནད་དོན་ལ་རྒྱུན་མཐུད་ངང་དམ་པོར་དམིགས་པ།      བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་དང་།  དངོས་སྒྲུབ་དོན་གཉེར། ཐབས་འདོན་ཇུས་འབུལ། དམངས་གཙོའི་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ།  སྤུས་ཚད་མཐོ་བའི་འགན་འཁྲི་སྒྲུབ་པའི་གྲུབ་འབྲས་ལ་བརྟེན་ནས་མཚོ་སྔོན་འདི་ཉིད་རྒྱལ་ཡོངས་ཀྱི་སྤྱི་ཡོངས་ཁྲོད་ཞུགས་པ་དང་དེར་ཞབས་འདེགས་ཞུ་བར་སྐུལ་འདེད་གཏོང་དགོས། མཐུན་སྒྲིལ་ཆེན་པོ་དང་མཉམ་འབྲེལ་ཆེན་པོར་བརྟེན་ནས་རྒྱ་ཁྱབ་ཏུ་སེམས་ཤུགས་གཅིག་སྒྲིལ་དང་། དམངས་གཙོའི་ཏང་ཁག་དང་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱིས་འགན་ནུས་སྔར་ལས་ལྷག་པར་སྒྲུབ་པར་རྒྱབ་སྐྱོར་བྱེད་པ། ནུས་ཤུགས་ཡོད་རྒུས་མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་ལ་སྐུལ་འདེད་གཏོང་བ། མཚོ་སྔོན་དང་། ཞང་ཀང་།  ཨའོ་མོན་བཅས་ཀྱི་བརྗེ་རེས་མཉམ་ལས་ཟབ་སྤེལ་བྱེད་པ། ཕྱོགས་གང་ཅིའི་ཐད་ཀྱི་བརྩོན་སེམས་སྐུལ་སློང་བྱེད་པ། སྤྱིའི་བགོ་གྲངས་ཆེ་ཤོས་གྲུབ་པ། ཀུན་སེམས་གཅིག་མཐུན་ཡོང་བ་བཅས་བྱེད་དགོས། གཟེར་འདེབས་ལྟ་བུའི་སྙིང་སྟོབས་ལ་བརྟེན་ནས་སྲིད་གྲོས་ཁོངས་གཏོགས་ཀྱིས་བཅོས་སྒྱུར་སྔར་ལས་ཕྱོགས་ཡོངས་ནས་ཟབ་སྤེལ་བྱེད་པའི་ལས་འགན་དམ་འཛིན་ལེགས་པོ་དང་། ཆེད་དམིགས་གྲོས་མོལ་ལས་ཁུངས་ལམ་ལུགས་ཅན་དང་། ཚད་ལྡན་ཅན། གོ་རིམ་ཅན་བཅས་སུ་འགྱུར་བར་ཤུགས་སྣོན་པ། སྤྱི་ཚོགས་ཀྱི་གནས་ཚུལ་དང་མི་དམངས་ཀྱི་བསམ་འདུན་མཚོན་པའི་ཆ་འཕྲིན་དང་། མང་ཚོགས་ལ་འབྲེལ་གཏུག མི་དམངས་ལ་ཞབས་འདེགས་ཞུ་བ་བཅས་ཀྱི་ལས་སྒྲུབ་ལམ་སྲོལ་འཐུས་ཚང་དུ་གཏོང་བ་བཅས་བྱས་ཏེ། གྲོས་མོལ་དམངས་གཙོ་རྒྱ་ཆེ་ཞིང་རིམ་པ་མང་བའི་ལམ་ལུགས་ཅན་དུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས།

རིན་ཆེན་རྣམ་རྒྱལ་དང་། ཁོང་ཡུང་། ཝང་ཞོན། ཝང་ཀྲིན་ཁྲང་། ཀྲང་ཞའོ་རུང་། ལིས་ཞའོ་ནན། ཐེན་ཁུའེ། ལིའུ་ཏ་ཡེ། གསེར་ཁྲི· ཆོས་ཀྱི་བློ་གྲོས་རྒྱ་མཚོ། མཱ་ཡུའེ་ཞང་། ཞེ་པའོ་ཨིན་བཅས་གྲོས་ཚོགས་ལ་ཞུགས།

སྒྲོལ་མ་སྐྱིད་ཀྱིས་བསྒྱུར།