ཞིང་ཆེན་ཏང་ཨུའི་སྤྱི་ཚོགས་ལས་དོན་ཚོགས་འདུ་བསྡུས།
2025.01.17 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 18

 ཟླ1ཚེས16ཉིན། ཞིང་ཆེན་ཏང་ཨུའི་སྤྱི་ཚོགས་ལས་དོན་ཚོགས་འདུ་ཟི་ལིང་དུ་བསྡུས། ཚོགས་འདུ་ལས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྤྱི་ཚོགས་ལས་དོན་ཐད་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་པ་དང་། ཀྲུང་དབྱང་གི་སྤྱི་ཚོགས་ལས་དོན་ཚོགས་འདུ་དང་ཁྱབ་ཁོངས་གསར་པའི་ཏང་འཛུགས་སྐྲུན་ལས་དོན་གྱི་བཞུགས་མོལ་ཚོགས་འདུའི་བཀོད་སྒྲིག་བླང་བྱ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ལ། མིག་སྔར་དང་ཕྱིན་ཆད་ཀྱི་དུས་སྐབས་ཤིག་གི་རང་ཞིང་གི་སྤྱི་ཚོགས་ལས་དོན་བཀོད་སྒྲིག་བྱས་ཏེ།  བཅོས་སྒྱུར་གསར་སྐྲུན་གྱི་སྙིང་སྟོབས་ལ་བརྟེན་ནས་དུས་རབས་གསར་པའི་ཞིང་ཆེན་ཡོངས་ཀྱི་སྤྱི་ཚོགས་ལས་དོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་།   ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝུའུ་ཞའོ་ཅུན་གྱི་སགཏམ་བཤད་པ་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ།  ཧྲིན་ཀྲང་ཚབ་མ་ལའོ་ཏུང་ཁྲོན་གྱིས་ཚོགས་འདུར་མགོ་འཛིན་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ལིའུ་ཆིས་ཧྥན་གྱིས་ཞི་ཅིན་ཕིང་གི་སྤྱི་ཚོགས་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་བྱས་པར་མ་ཟད། ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་ཐོག་ཕྱོགས་སྡོམ་གཏམ་བཤད་སྤེལ།

ཝུའུ་ཞའོ་ཅུན་གྱིས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྤྱི་ཚོགས་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་བ་དང་། སྤྱི་ཚོགས་ལས་དོན་ལ་ཤུགས་སྣོན་དགོས་དོན་ཅི་ཡིན་པ་དང་། སྤྱི་ཚོགས་ལས་དོན་ལ་ཇི་ལྟར་ཤུགས་སྣོན་དགོས་པར་དམིགས་ཏེ་རྣམ་བཤད་གལ་ཆེན་རབ་དང་རིམ་པ་སྤེལ་ཞིང་། དགོངས་པ་གསར་པ་དང་། ལྟ་བ་གསར་པ། ཆོད་གཏམ་གསར་པ་བཅས་རབ་དང་རིམ་པ་བཏོན་ནས། དུས་རབས་གསར་པའི་སྤྱི་ཚོགས་ལས་དོན་ཡག་པོར་སྒྲུབ་པར་ཚན་རིག་དང་མཐུན་པའི་ཁྲིད་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། ང་ཚོས་བསམ་བློ་དང་བྱ་སྤྱོད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་ཀྲུང་དབྱང་གི་སྤྱི་ཚོགས་ལས་དོན་ཚོགས་འདུའི་བཀོད་སྒྲིག་བླང་བྱའི་སྟེང་གཅིག་གྱུར་བྱེད་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་བཅོས་སྐྱོང་གི་ལམ་དུ་བློ་བརྟན་འགྱུར་མེད་ཀྱིས་བསྐྱོད་པ། སྤུས་ཚད་མཐོ་བའི་སྤྱི་ཚོགས་ལས་དོན་ལ་བརྟེན་ནས་མི་སེམས་གཅིག་སྒྲིལ་དང་མཐུན་སྒྲིལ་དམ་ཟབ་བྱས་ཏེ། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པར་ཞབས་འདེགས་སྔར་ལས་ལེགས་པོ་ཞུ་དགོས།

ཝུའུ་ཞའོ་ཅུན་གྱིས་ནན་གྱིས་བསྟན་དོན། ན་ནིང་ནས་བཟུང་། ཞིང་ཆེན་ཏང་ཨུའི་སྤྱི་ཚོགས་ལས་དོན་པུའུ་ཡིས“སྤྱི་ཚོགས་ཆེན་པོ་དང་། བཅོས་སྐྱོང་ཆེན་པོ། ཞབས་ཞུ་ཆེན་པོ”བཅས་ལ་གཞི་ཚུགས་ཏེ།  རང་འགན་གཙང་སྒྲུབ་དང་འགན་འཁྲི་ཕྲག་ཏུ་འཁུར་ནས། ལས་དོན་སྣ་ཚོགས་བརྟན་བརླིང་ངང་སྤེལ་བ་དང་མགོ་ཡག་པོ་ཞིག་བརྩམས་ཡོད། མིག་སྔར་ནི་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་འགག་རྩའི་དུས་སྐབས་ཡིན་པས།  སྤྱི་ཚོགས་ལས་དོན་ཡག་པོར་སྒྲུབ་པའི་འགན་འཁྲིའི་བསམ་པ་དང་འགན་འཁྲི་སྒྲུབ་སེམས་ཆེ་རུ་བཏང་ནས། བསམ་བློའི་ཁྲིད་སྟོན་དང་ཞབས་ཞུ་གཅིག་ཏུ་སྒྲིལ་བ་ཟུང་འབྲེལ་དང་། སྤྱི་ཚོགས་ཁྱབ་ཁོངས་ཀྱི་བཅོས་སྒྱུར་དང་དཔལ་འབྱོར། ཏང་འཛུགས་སྐྲུན་སོགས་ཁྱབ་ཁོངས་ཀྱི་བཅོས་སྒྱུར་ཟུང་འབྲེལ། མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བ་དང་བརྟན་བརླིང་སྲུང་སྐྱོང་གི་ཚད་མཐའ་བརྟན་སྲུང་བྱེད་པར་ཟུང་འབྲེལ་བཅས་བྱས་ཏེ།  སྤུས་ཚད་མཐོ་བའི་སྤྱི་ཚོགས་ལས་དོན་ལ་བརྟེན་ནས་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་བྱས་རྗེས་འཇོག་པ་དང་། ཕྱོགས་ཡོངས་ནས་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བར་བྱས་རྗེས་འཇོག་པ། སྤྱི་ཚོགས་ཡུན་རིང་བདེ་འགོད་ལ་བྱས་རྗེས་འཇོག་དགོས། ཆབ་སྲིད་ཀྱི་ཁག་ཁུར་ཆེ་རུ་གཏོང་བ་དང་། དྲིལ་བསྒྲགས་ཀྱི་ཁེབས་རྒྱ་ཆེ་རུ་གཏོང་བ། དྲིལ་བསྒྲགས་ཀྱི་ཕན་འབྲས་ཆེ་རུ་གཏོང་བ། ཞབས་ཞུའི་ནུས་པ་ཆེ་རུ་གཏོང་བ་བཅས་བྱས་ཏེ།   མང་ཚོགས་ཀྱི་སེམས་ཁམས་དང་མཐུན་པར་ལས་དོན་ལེགས་པོར་སྒྲུབ་དགོས། ཏང་འཛུགས་སྐྲུན་གྱི་ཁྲིད་སྟོན་ལ་ཤུགས་སྣོན་པ་དང་། ཁྱབ་ཁོངས་གསར་པའི་ཏང་འཛུགས་སྐྲུན་ཡག་པོར་སྒྲུབ་པར་དམ་པོར་དམིགས་པ། གཙོ་གནད་ལས་དོན་དང་། གཙོ་གནད་མི་ཚོགས། གཙོ་གནད་ཁེ་ལས་བཅས་དམ་འཛིན་བྱེད་པ། “ཁེབས་པ་གཉིས”ཀྱི་རྒྱུན་སྲིང་རྒྱ་བསྐྱེད་དང་རིམ་པ་སྤོར་བར་སྐུལ་འདེད་གཏོང་དགོས།  གཞི་རིམ་གྱི་རྨང་གཞི་སྲ་བརྟན་དུ་གཏོང་བ་དང་། གཞི་རིམ་དམ་འཛིན་ཆེན་པོ་བྱེད་པའི་ཁྲིད་ཕྱོགས་གསལ་བོ་རྒྱུན་འཁྱོངས་བྱེད་པ། ཁུར་པོ་ཇེ་ཡང་དུ་གཏོང་བ། ལམ་སྲོལ་འཐུས་ཚང་དུ་གཏོང་བ། གཞི་རིམ་ཏང་རྩ་འཛུགས་སྟོབས་ཆེར་གཏོང་བ་བཅས་བྱས་ཏེ།  ཞབས་ཞུ་གཅིག་ཏུ་སྒྲིལ་བར་འགན་ལེན་ཡག་པོ་བྱེད་དགོས།  བྱ་བའི་མ་ལག་འཛུགས་སྐྲུན་བྱས་ནས་སྤྱི་འདོམས་མཐུན་སྦྱོར་གྱི་གནད་འགག་དང་། སྡེ་ཁུལ་གྱི་སྤྱི་ཚོགས་རྩ་འཛུགས་སྟོབས་ཤུགས། མི་དམངས་མང་ཚོགས་ཀྱི་བྱེད་པོ་གཙོ་བོ་བཅས་གཅིག་གྱུར་གྱིས་མཐུན་སྦྱོར་བྱེད་རྒྱུ་དམ་འཛིན་ལེགས་པོ་བྱས་ཏེ། ཏང་རྩ་འཛུགས་ཀྱི་མགོ་ཁྲིད་མ་ལག་དང་། མཐུན་ཚོགས་ཀྱི་མཐུན་སྦྱོར་མ་ལག སྤྱི་པའི་ཟབ་ཞུགས་མ་ལག་བཅས་རྒྱུན་ཆད་མེད་པར་འཐུས་ཚང་དུ་གཏོང་དགོས།     དཀའ་གནད་ཐག་གཅོད་བྱས་ཏེ། གཞི་རིམ་གྱི་འགལ་བ་དང་རྩོད་གཞི་གྲལ་བཤེར་དང་ཐག་གཅོད་བྱེད་པའི་དཀའ་གནད་དང་། འཕྲིན་བཅར་ལས་དོན་གྱི་དཀའ་གནད། དྲ་རྒྱའི་ཕྱོགས་བསྡུས་བཅོས་སྐྱོང་གི་འགག་གནད་བཅས་སྒྲོལ་ཅི་ཐུབ་བྱེད་དགོས། ཉམས་སད་ཐེག་ཐུབ་པའི་དཔུང་སྡེ་འཛུགས་སྐྲུན་བྱེད་པ་དང་། སྡེ་ཁུལ་གྱི་ལས་སྒྲུབ་མི་སྣ་དང་། སྤྱི་ཚོགས་ལས་དོན་གྱི་ཆེད་ལས་ཤེས་ལྡན་མི་སྣ། དང་བླངས་ཞབས་ཞུའི་དཔུང་སྡེ་བཅས་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ། སྤྱི་ཚོགས་ལས་དོན་སྡེ་ཁག་གི་རང་ངོས་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ། དུས་རབས་གསར་པའི་མཚོ་སྔོན་གྱི་སྤྱི་ཚོགས་ལས་དོན་གྱི་རྣམ་པ་གསར་པ་བསྐྲུན་པར་འབད་བརྩོན་བྱེད་དགོས།

ལའོ་ཏུང་ཁྲོན་གྱིས་ཚོགས་འདུར་མགོ་འཛིན་བྱེད་སྐབས་བསྟན་དོན། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་སྔར་ལས་ཇེ་དྲག་ཏུ་གཏོང་བ་དང་། དུས་རབས་གསར་པའི་སྤྱི་ཚོགས་ལས་དོན་ཡག་པོར་སྒྲུབ་པའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱེད་པ། ཏང་ཀྲུང་དབྱང་གི་ཐབས་ཇུས་ བཀོད་སྒྲིག་མཐའ་གཅིག་ཏུ་ལག་བསྟར་བྱེད་པ། ཞིང་ཆེན་ཏང་ཨུའི་བྱ་བའི་བླང་བྱ་དོན་འཁྱོལ་བྱེད་པ། རྒྱབ་སྐྱོར་དང་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་བ།  བྱ་བའི་སྒུལ་ཤུགས་གཅིག་ཏུ་སྒྲིལ་བ།   ཁྱབ་ཁོངས་གསར་པའི་ཏང་འཛུགས་སྐྲུན་ལས་དོན་ལ་ཤུགས་སྣོན་པའི་ཐད་རྣམ་པ་གསར་པ་གཏོད་པ། ཏང་འཛུགས་སྐྲུན་གྱིས་གཞི་རིམ་བཅོས་སྐྱོང་དང་གཞི་རིམ་སྲིད་དབང་འཛུགས་སྐྲུན་ལ་ཁྲིད་སྟོན་བྱེད་པའི་ཐད་ཐབས་ལམ་གསར་པ་གཏོད་པར་སྐུལ་འདེད་གཏོང་བ། མང་ཚོགས་ལ་ཞབས་འདེགས་ཞུ་བའི་བྱ་བ་ཡག་པོར་སྒྲུབ་པའི་ཐད་སྟོབས་ཤུགས་གཅིག་སྡུད་བྱེད་པ་བཅས་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་སྤྱི་ཚོགས་ལས་དོན་ལ་གྲུབ་འབྲས་གསར་པ་ཐོབ་པར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས།  ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་སྤྱི་ཚོགས་ལས་དོན་སྡེ་ཁག་གིས་ཕན་ནུས་ལྡན་པའི་ངང་འགན་འཁྲི་གཙང་སྒྲུབ་བྱེད་པ་དང་།  བཅོས་སྒྱུར་གྱི་བསམ་བློ་དང་དངོས་སྒྲུབ་ཀྱི་སྤྱོད་ཚུལ་ལ་བརྟེན་ནས་ལས་དོན་སྣ་ཚོགས་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་གཏོང་བ། གཟབ་ནན་དང་བདེན་པ་བདེན་ཐུབ་ཀྱིས་རང་ངོས་འཛུགས་སྐྲུན་ལ་ཤུགས་སྣོན་པ། ཆེད་ལས་སྦྱོང་བརྡར་དང་ལག་ལེན་སྦྱོང་བརྡར་ལ་རྒྱུན་མཐུད་ངང་ཤུགས་སྣོན་པ།  བྱ་བའི་སྤུས་ཚད་དང་ཕན་འབྲས་མུ་མཐུད་དུ་མཐོར་འདེགས་གཏོང་བ། སེམས་ཤུགས་གཅིག་སྒྲིལ་གྱིས་ཞིང་ཆེན་ཡོངས་ཀྱི་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བ་བཅས་བྱས་ཏེ། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པར་འགན་སྲུང་ནུས་ལྡན་འདོན་སྤྲོད་བྱེད་དགོས།

ཞིང་ཆེན་གྱི་མགོ་ཁྲིད་ཀྲུའུ་ཞང་ཧྥིན་དང་། ཧི་ལུའུ་ཁྲུན། ཉི་མ་སྒྲོལ་མ། ལིས་ཧུང་ཡ། ཐེན་ཁུའེ་བཅས་ཚོགས་འདུར་ཞུགས།

ཞིང་ཆེན་ཏང་ཨུའི་པུའུ་ཨུ་སོ་སོ་དང་། ཞིང་ཆེན་ཐད་གཏོགས་ལས་ཁུངས་དང་སྡེ་ཁག་སོ་སོ།  མི་དམངས་ཚོགས་པ་སོ་སོ། མཚོ་སྔོན་དུ་སྡོད་པའི་འབྲེལ་ཡོད་ཀྲུང་དབྱང་ལས་ཁུངས་བཅས་ཀྱི་འགན་ཁུར་བློ་མཐུན་གཙོ་བོ་དང་། ཀྲུང་དབྱང་གིས་དོ་དམ་བྱེད་པའི་དངུལ་རྩའི་སྒྲིག་གཞིའི་མཚོ་སྔོན་དུ་སྡོད་པའི་ལས་ཁུངས་དང་། མཐོ་རིམ་སློབ་གྲྭ་ཆེན་མོ། ཞིང་ཆེན་གྱིས་དོ་དམ་བྱེད་པའི་ཁེ་ལས་བཅས་ཀྱི་འགན་ཁུར་བློ་མཐུན་དང་། གྲོང་ཁྱེར་དང་རྫོང་སོ་སོའི་ཏང་ཨུའི་འབྲེལ་ཡོད་འགན་ཁུར་བློ་མཐུན་ཚོགས་འདུར་ཞུགས།

ཚོགས་འདུ་འཚོགས་པའི་སྐབས་སུ། ཞིང་ཆེན་རྩ་འཛུགས་པུའུ་དང་། གུང་གཞོན་ཚོགས་པ་ཞིང་ཆེན་ཨུ་ཡོན་ལྷན་ཁང་། ཞིང་ཆེན་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུའུ། ཟི་ལིང་གྲོང་ཁྱེར་ཏང་ཨུ། རྨ་ལྷོ་ཁུལ་ཏང་ཨུ་བཅས་ཀྱི་འབྲེལ་ཡོད་འགན་འཁུར་བས་བརྗེ་རེས་གཏམ་བཤད་སྤེལ་བ་དང་།  ཞིང་ཆེན་ཏང་ཨུའི་སྒྲིག་ཁོངས་གཞུང་སྒྲུབ་ཁང་སོགས་སྡེ་ཁག13གྱིས་ཡིག་ཐོག་ནས་བརྗེ་རེས་བྱས།

སྒྲོལ་མ་སྐྱིད་ཀྱིས་བསྒྱུར།